ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཤུལ་བཞག་སྐོར་གྱི་ཤེས་བྱ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

U9243P704DT20150730084414.jpg

1.འཛམ་གླིང་ཤུལ་བཞག        

འཛམ་གླིང་ཤུལ་བཞག་ཅེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་ངེས་གཏན་བྱས་པ་རེད། མངོན་གསལ་དོད་པོའི་དོན་སྙིང་དང་ཐུན་མོང་གི་རིན་ཐང་ཡོད་པའི་རང་བྱུང་མཛེས་ལྗོངས་དང་རིག་དངོས་གནའ་ཤུལ་ནི་མིའི་རིགས་ཀྱིས་མཐོང་དཀོན་ཞིང་འཐུས་ཚབ་མེད་པའི་རྒྱུ་ནོར་རེད། འཛམ་གླིང་ཤུལ་བཞག་ལ་རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག རིག་གནས་དང་རང་བྱུང་ཤུལ་བཞག (མཉམ་བསྲེས་ཤུལ་བཞག) རིག་གནས་མཛེས་ལྗོངས་བཅས་དང་དེ་མིན་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སོགས་སུ་བགོས་ཡོད།

201312031218586664.jpg

2.འཛམ་གླིང་ཤུལ་བཞག་གི་རྣམ་གྲངས།

《འཛམ་གླིང་ཤུལ་བཞག་གི་རྣམ་གྲངས》ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྤྱི་ཆིངས》ལྟར། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་ཡིན་པས། དམིགས་བསལ་དང་ཐུན་མོང་གི་རིན་ཐང་ཡོད་པའི་རིག་གནས་དང་རང་བྱུང་ཤུལ་བཞག་གི་ངོས་འཛིན་ངེས་གཏན་ཆེས་མཐོ་བ་ཞིག་རེད། 《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྤྱི་ཆིངས》ནང་བཀོད་པའི་ཤུལ་བཞག་དེ་ད་གཟོད་འཛམ་གླིང་ཤུལ་བཞག་ཏུ་བརྩིས་ཆོག

8f4ad4ea00fb4a638b08b14c026e1c8a_th.jpeg

3.འཛམ་གླིང་གི་རང་བྱུང་ཤུལ་བཞག

(1)མཛེས་དཔྱོད་དང་ཚན་རིག་གི་ཕྱོགས་ནས་བལྟས་ན། མངོན་གསལ་དོད་པོ་དང་ཐུན་མོང་གི་རིན་ཐང་ཡོད་ཅིང་། དངོས་པོ་དང་སྐྱེ་དངོས་ལས་གྲུབ་པའམ། གྲུབ་ཚུལ་དེ་རིགས་ལས་གྲུབ་པའི་རང་བྱུང་གི་རྣམ་པ། (2)ཚན་རིག་དང་སྲུང་སྐྱོབ་ཀྱི་ཕྱོགས་ནས་བལྟས་ན། མངོན་གསལ་དོད་པོ་དང་ཐུན་མོང་གི་རིན་ཐང་ཡོད་པའི་ས་གཤིས་དང་རང་བྱུང་ས་བབ་གྲུབ་ཚུལ་དང་། དེ་མིན་འཇིགས་སྐུལ་ཐེབས་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྐྱེ་ཁམས་ཁུལ། (3)ཚན་རིག་དང་སྲུང་སྐྱོབ། རང་བྱུང་མཛེས་དཔྱོད་ཀྱི་ཕྱོགས་ནས་བལྟས་ན། མངོན་གསལ་དོད་པོ་དང་ཐུན་མོང་གི་རིན་ཐང་ཡོད་པའི་རང་བྱུང་ཡུལ་ལྗོངས་གྲགས་ཅན་ནམ་ཁག་གསལ་པོར་བགོས་ཡོད་པའི་རང་བྱུང་ས་ཁོངས་བཅས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།