ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ནི་རང་གི“སྨན་པ་ཐོག་མ”ཡིན། (ལྔ)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

ཆེད་མཁས་པའི་གཏམ། མི་དར་མར་མཚོན་ན་ཚོ་ཉུང་ཙམ་འབུད་པ་ནི་རྒྱུན་ལྡན་ཡིན་མོད། འོན་ཀྱང་ཁྲག་ཤེད་མཐོ་བའི་ནད་བྱུང་རྗེས“ཁྲག་ཤེད་མཐོ་དུས་སྨན་འཐུང་བ་དང་ཁྲག་ཤེད་རྒྱུན་ལྡན་ཡིན་དུས་སྨན་མི་འཐུང་བ”ཡི་བྱེད་ཐབས་མི་འགྲིག་པ་དེ་ནི་ལུས་པོར་གནོད་པ་ཡོད་པ་མ་གཏོགས་ཕན་པ་ཅུང་ཙམ་ཡང་མེད།

དེར་དམིགས་ཏེ། ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་སྙིང་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཀྲུའུ་ཀྲི་མེན་གྱིས་དམིགས་བསལ་དུ་འབོད་སྐུལ་བཏང་དོན། སྨན་ལ་བརྟེན་ནས་ཁྲག་ཤེད་ཚོད་འཛིན་བྱེད་པའི་བྱེད་ཐབས་དེ་ནི“ལས་དོན་ཧ་ཅང་ནན་མོ་ཅན་ཞིག་ཡིན།” གཤམ་གྱི་བྱེད་ཐབས་འདི་བཞི་བོ་གཏན་ནས་བཀོལ་སྤྱོད་བྱེད་མི་རུང་། མིན་ཚེ་སྙིང་རྩ་དང་འཕར་རྩ་ཆེ་རུ་འགྲོ་བར་གནོད་པ་ཆེན་པོ་ལྡན་ངེས།

ཁྲག་ཤེད་ཇེ་དམའ་རུ་གཏོང་བར་བྱེད་ཐབས་འདི་གསུམ་པོ་བཀོལ་མི་རུང་།

ནད་ཀྱི་བྱུང་དཔེ། དུས་ཚོད11ནང་དུ་ནད་པའི་ཚེ་སྲོག་སྐྱོབ་པ།

ད་ལོའི་ཟླ4པའི་ཚེས28ཉིན་ཀོང་ཏུང་གི་ལོ་ཚོད48ལ་སོན་པའི་སྐུ་ཞབས་ཀྲང་ལགས་ལ་གློ་བུར་དུ་བྲང་ཁ་གཟེར་ཏེ་ལུས་ཧྲིལ་པོར་རྔུལ་ཆུ་བཞུར་བྱུང་། ཁྱིམ་མིས་དུས་ཐོག་ཏུ་ཁོ་རང་ཡུལ་དེའི་སྨན་ཁང་དུ་བསྐྱལ་བ་ན། སྨན་ཁང་གིས་སྐུ་ཞབས་ཀྲང་ལགས་ལ་འཕར་རྩ་སྡོང་པོ་བར་འཚང་ཟེར་བའི་ནད་བྱུང་ཡོད་པ་ཤེས། ནད་དེར་ཉེན་ཁ་ཧ་ཅང་ཆེ་སྟེ། འཕར་རྩ་སྡོང་པོ་རལ་གས་བྱུང་ནས་ཁྲག་མང་པོ་ཐོན་པའི་གནད་དོན་ཆེན་པོ་འབྱུང་སླ། དེ་བས་སྐུ་ཞབས་ཀྲང་ལགས་ལ་མགྱོགས་མྱུར་ངང་གཤག་བཅོས་བྱེད་དགོས་བྱུང་ལ།  ཆེད་མཁས་པ་སོགས་ཀྱིས་དུས་ཚོད11རིང་དཀའ་སྤྱད་ཀྱིས་གཤག་བཅོས་བྱས་མཐར་ནད་པ་སྲོག་ཉེན་ལས་བསྐྱབས་ཐུབ་པ་བྱུང་།

དབྱེ་ཞིབ། ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་རྫས་རང་འདོད་ལྟར་བཏུངས་ན་ཉེན་ཁ་ཆེ།

གོང་གི་སྐུ་ཞབས་ཀྲང་ལགས་ཀྱི་ནད་རྟགས་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད། ཀྲུའུ་ཀྲི་མེན་གྱིས་བསྟན་དོན། ནད་པ་དེར་མཚོན་ན། འཕར་རྩ་སྡོང་པོ་རལ་གས་བྱུང་ནས་ཡན་ལག་འཕར་རྩ་སྡོང་པོར་གནོད་པ་ཐེབས་ཡོད་པར་མ་ཟད། ད་དུང་མཁལ་མར་གནོད་པ་ཚབས་ཆེན་ཐེབས་ཡོད་པ་རེད།

ཉེན་ཁ་ཅན་གྱི་ནད་རྟགས་དེ་རིགས་བྱུང་དོན་ཅི་ཡིན་ཟེར་ན། ལུས་པོ་ཅུང་ཚོན་པོ་ཡིན་པའི་སྐུ་ཞབས་ཀྲང་ལགས་ཀྱིས་དུས་ཡུན་ལོ7གྱི་སྔོན་དུ་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་བྱུང་ཡོད་པ་ཤེས་མོད། འོན་ཀྱང་ཁོས་ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་དེ་ཚུལ་དང་ལྡན་པར་བསྟེན་གྱིན་མེད་དེ། ཁྲག་ཤེད་མཐོ་དུས་སྨན་བཏུངས་པ་དང་ཁྲག་ཤེད་ཇེ་དམའ་རུ་ཡོང་རྗེས་སྨན་འཐུང་མཚམས་འཇོག་པ་ཡིན།  དེ་བས་ཁྲག་ཤེད་དུས་རྒྱུན་དུ་རྒྱུན་ལྡན་མིན་པར་གྱུར།

ཀྲང་ཀྲི་མེན་གྱིས“སྐུ་ཞབས་ཀྲང་ལགས་ལ་འཕར་རྩ་སྡོང་པོ་བར་འཚང་ནད་བྱུང་བ་དེ་ཁོས་ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་འཐུང་ཚུལ་རྒྱུན་ལྡན་མིན་པ་དང་འབྲེལ་བ་ངེས་ཅན་ཞིག་ལྡན”ཟེར།  ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་འཐུང་བ་དེ་ནི“ཧ་ཅང་ནན་མོ་ཅན་གྱི་དོན་དག་ཅིག་ཡིན། བྱེད་ཐབས་མི་འགྲིག་པ་དེ་གཏན་ནས་ལག་ལེན་བྱེད་མི་རུང་།”

དྲན་སྐུལ། ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་བྱེད་ཐབས་མི་འགྲིག་པ་གསུམ་ཡོད་པ་སྟེ།

བྱེད་ཐབས་མི་འགྲིག་པ་གཅིག་ནི། ཁྲག་ཤེད་ཀྱི་མཐོ་དམའ་ལ་ཚོད་དཔག་བྱས་ནས་རང་གི་ཚོར་སྣང་ལྟར་སྨན་འཐུང་བ།

མི་ལ་ལས་ལུས་པོར་མི་བདེ་བའི་སྣང་བ་མེད་ན་ཁྲག་ཤེད་མཐོ་བའི་ནད་སྨན་བཅོས་བྱེད་མི་དགོས་པར་འདོད་ཡོད། བསམ་ཕྱོགས་དེ་ནི་གཏན་ནས་མི་འགྲིག་པ་རེད།

ཁྲག་ཤེད་ཀྱི་མཐོ་དམའ་དེ་ནད་ཀྱི་ཡང་ལྗིད་དང་ཐད་ཀའི་འབྲེལ་བ་མེད། ཁྲག་ཤེད་མཐོ་བའི་ནད་པ་མང་ཆེ་བར་ནད་རྟགས་མངོན་གསལ་ཅན་མེད། མི་ཁ་ཤས་ཀྱི་ཁྲག་ཤེད་དངོས་སུ་ཇེ་མཐོར་སོང་ནའང་།  ཁྲག་ཤེད་མཐོ་བའི་ནད་བྱུང་ཡུན་རིང་བས་རང་ཉིད་ཀྱི་ལུས་པོ་དེ་ཁྲག་ཤེད་མཐོ་བའི་ཚད་དང་མཐུན་པར་གྱུར་པས། གནས་སྐབས་སུ་ལུས་པོར་མི་བདེ་བའི་སྣང་བ་མེད་པར། ཀླད་པའི་ནང་དུ་ཁྲག་རྡོལ་ཐོན་རྗེས་ད་གཟོད“སྣང་བ”ཡོད་པ་ཡིན།

ཁྲག་ཤེད་ཀྱི་མཐོ་དམའ་ནི་ཁྲག་ཤེད་ཚད་ལེན་འཕྲུལ་ཆས་ཀྱིས་ཚད་ལེན་བྱེད་དགོས་པ་ལས་སྣང་བ་ལྟར་ཚོད་དཔག་བྱེད་དགོས་པ་ཞིག་མིན། དེ་བས་མི་བདེ་བའི་སྣང་བ་མེད་ན་ཁྲག་ཤེད་མཐོ་བའི་ནད་མེད་པའི་ངེས་པ་མེད་ཕྱིར། ཁྲག་ཤེད་མཐོ་བའི་ནད་པས་དུས་བཅད་ལྟར་ཁྲག་ཤེད་ཚད་ལེན་བྱེད་དགོས། གཟའ་འཁོར་གཅིག་གི་ནང་དུ་ཉུང་མཐར་ཡང་ཐེངས་གཅིག་ལ་ཚད་ལེན་བྱེད་དགོས། “སྣང་བ་ལྟར་འགྲོ་བ”གཏན་ནས་བྱེད་མི་རུང་།

བྱེད་ཐབས་མི་འགྲིག་པ་གཉིས་པ་ནི། “སྨན་ནུས་ཟློག”པར་སེམས་ཁུར་བྱས་ཏེ་སྨན་མི་བཀོལ་བ།

ན་གཞོན་མང་ཆེ་བས་ཁྲག་ཤེད་མཐོ་བའི་ནད་བྱུང་བ་གཏན་འཁེལ་བྱས་རྗེས་སྨན་པའི་མངགས་བྱ་ལྟར་སྨན་མི་འཐུང་བ་དང་། ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་བཏུངས་རྗེས “སྨན་ནུས་ཟློག”སླ་བར་སེམས་ཁྲལ་བྱས་ཏེ། ཁྲག་ཤེད་ཇེ་དམའ་རུ་འབབ་པའི་སྨན་མི་བཀོལ་བ་རེད། ལྟ་ཚུལ་དེ་ནི་ནོར་འཁྲུལ་ཅན་ཡིན་པར་མ་ཟད། ད་དུང་ཉེན་ཁ་ཧ་ཅང་ཆེ།

ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་ལ་མཚོན་ན་སྨན་ནུས་ཟློག་པའི་ཉེན་ཁ་མི་འབྱུང་། ཁྲག་ཤེད་ཅུང་ཙམ་མཐོ་བའི་ནད་བྱུང་མགོ་དང་། བདེ་ཐང་ཅན་གྱི་འཚོ་བའི་གོམས་སྲོལ་རྒྱུན་འཁྱོངས་ནན་མོ་བྱས་ཏེ་ཁྲག་ཤེད་ཇེ་དམའ་རུ་སོང་བའི་ནད་པས་སྨན་འཐུང་མི་དགོས་པ་མ་གཏོགས། གཞན་པའི་ཁྲག་ཤེད་མཐོ་བའི་ནད་པས་སྔ་མོ་ནས་ཁྲག་ཤེད་ཇེ་དམའ་རུ་འབབ་ཏུ་འཇུག་པའི་སྨན་བཏུངས་པ་ན་ཕན་པ་མང་པོ་ལྡན།

ཁྲག་ཤེད་མཐོ་བའི་གནོད་པ་ནི་ཤེས་མེད་ཚོར་མེད་ཁྲོད་ལུས་པོའི་ཁྲག་རྩ་ཆེ་ཆུང་ལ་གནོད་པ་བཟོ་བ་དང་སྙིང་ཀླད་མཁལ་གསུམ་སོགས་དབང་ནུས་མང་པོར་གནོད་པ་བཟོ་བ་ཡིན། ཁྲག་ཤེད་སྔ་མོ་ནས་ཚོད་འཛིན་བྱས་ན་དེ་བཞིན་ཁྲག་རྩ་ལ་སྔ་མོ་ནས་སྲུང་སྐྱོབ་བྱེད་ཐུབ་པ་དང་། སྙིང་ཀླད་མཁལ་གསུམ་ཕྱོགས་ཀྱི་གནོད་པ་སྔོན་འགོག་བྱེད་ཐུབ།

བྱེད་ཐབས་མི་འགྲིག་པ་གསུམ་པ་ནི། ཁྲག་ཤེད་རྒྱུན་ལྡན་དུ་བབས་ཚེ་དེ་མ་ཐག་ཏུ་སྨན་འཐུང་མཚམས་འཇོག་པ།

ནད་པ་ཁ་ཤས་ཀྱིས་སྨན་བཏུངས་ནས་ཁྲག་ཤེད་རྒྱུན་ལྡན་དུ་བབས་མ་ཐག་ཏུ་ཁྲག་ཤེད་ཇེ་བདེ་རུ་སོང་བར་སྙམ་སྟེ། རང་འདོད་ལྟར་ཁྲག་ཤེད་ཇེ་དམའ་རུ་འབབ་པའི་སྨན་འཐུང་མཚམས་འཇོག་པ་རེད། བྱེད་སྟངས་དེ་དག་ནི་གཏན་ནས་མི་འགྲིག་གོ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།