མང་ཚོགས་ཀྱིས་ཤེས་དགོས་པའི་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ།

1.དགོས་མེད་ཀྱི་གྱོན་ཆས་མི་ཉོ་བ།

2.གྱོན་ཆས་རྙིང་པ་མི་འདོར་བརDIYཡི་ཐབས་ལས་རྙིང་པ་བསྐྱར་བཟོ་བྱེད་པའམ་ཡང་ན་མི་གཞན་ལ་ཞལ་འདེབས་སུ་ཕུལ་བ།

3.ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་སྤྱད་ནས་གྱོན་ཆས་བཀྲུས་ན་གཙང་ཞིང་ཆུ་གྲོན་ཆུང་བྱེད་ཐུབ།

4.བསྲི་ཚགས་སྤྱོད་བཟང་མི་བརྗེད་པ་དང་འབྲུ་རིགས་གྲོན་ཆུང་བྱེད་དགོས།

5.བཀོལ་ཐེངས་གཅིག་གི་ཐུར་མ་མི་བཀོལ་བ་དང་རང་གིས་གསོལ་ཆས་གྲ་སྒྲིག་བྱེད་དགོས།

6.དུ་བ་འཐེན་ན་ལུས་ཕུང་ལ་གནོད་པ་ཡོད།

7.རི་སྐྱེས་སྲོག་ཆགས་ཀྱི་ཤ་མི་ཟ་བ།

8.དཀར་ཟས་ལ་བརྟེན་ནས་སའི་གོ་ལ་སྐྱོབ་པ།

9.ཟས་སྲེག་མའི་བསླུ་བྲིད་བཀག་འགོག་བྱེད་དགོས།

10.མེ་ཏོག་གིས་འཚོ་བར་མཛེས་སྤྲས་དང་མཁའ་རླུང་གཙང་དག་བྱེད་ངེས།

11.ལྗང་མདོག་གི་མཛེས་སྤྲས་ནི་སྟབས་བདེ་བབ་ཆགས་ཡིན།

12.ཞིང་སྡེའི་སྡོད་ཁང་ལ་ནུས་བསྲི་སོ་ཕག་བཀོལ་དགོས།

13.རླུང་ཁམས་ཆེན་པོ་སྲུང་སྐྱོབ་བྱེད་ན་རང་ཉིད་ནས་མགོ་བརྩམས་ཏེ། རང་གི་རླངས་འཁོར་བསྐྱུར་ནས་སྤྱི་སྤྱོད་རླངས་འཁོར་དུ་འདུག་དགོས།

14.ལྗང་མདོག་ཡུལ་སྐོར་བྱས་ན་རྐང་རྗེས་བཞག་པ་ལས་ཅི་ཡང་མེད།

15.དངོས་པོ་རྙིང་པ་བསྐྱར་དུ་བཀོལ་ནས་ཚད་ཡོད་པའི་ཐོན་ཁུངས་ཀྱི་མཁོ་ཡུན་ཇེ་རིང་དུ་གཏོང་དགོས།

16.ཚན་རིག་དང་མཐུན་པའི་ངང་རླངས་འཁོར་བཀོལ་བ་དང་། ཉམས་གསོ་ལ་དོ་སྣང་བྱེད་དགོས།

17.ཕྱི་ཕྱོགས་སུ་འགྲོ་དུས་མཁའ་རླུང་གི་སྤུས་ཀའི་བསྡུར་གྲངས(AQI)ལ་དོ་སྣང་བྱེད་དགོས། ཁྱོད་ཀྱིས་ནམ་རྒྱུན་དུ་དབུགས་འབྱིན་རྔུབ་བྱེད་དགོས།

18.བཀོལ་ཐེངས་གཅིག་གི་འཛད་སྤྱོད་དངོས་པོ་བཀོལ་ཐེངས་ཇེ་ཉུང་དུ་གཏོང་དགོས།

19.ནུས་བསྲི་ཁྱིམ་ཆས་བཀོལ་བ་དང་། དབྱར་ཁར་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་ཏུའུ26ཐོག་བཞག་ན་སྒོར་མོ་བསྲི་ཐུབ་ལ། ཁོར་ཡུག་ཀྱང་སྲུང་སྐྱོབ་བྱེད་ཐུབ།

20.ལུགས་མཐུན་སྒོས་ཆུ་བཀོལ་ནས་ཆུའི་ཐོན་ཁུངས་གཅེས་སྤྲས་བྱེད་དགོས།

21.ཤོག་གུ་གྲོན་ཆུང་དང་། ནགས་ཚལ་སྲུང་སྐྱོབ་བྱས་ཏེ། ཤོག་གུ་བཀོལ་སྤྱོད་གང་ལེགས་དང་། བསྐྱར་འབྱུང་ཤོག་གུ་བཀོལ་ཐབས་བྱེད་དགོས།

22.གཙང་བཟོ་ཅན་གྱི་དུ་རྔུབ་འཕྲུལ་ཆས་བཀོལ་དགོས།

23.ལྗང་མདོག་ཐུམ་སྒྲིལ་བདམས་ནས་འཕྲོ་བརླག་ཉུང་འཕྲི་བྱེད་དགོས།

24.གློག་ཀླད་དང་ལག་ཁྱེར་ཁ་པར་ཉུང་བཀོལ་གྱིས་འགྱེད་འཕྲོ་ཉུང་འཕྲི་བྱེད་དགོས།

25.ཁོར་ཡུག་སྲུང་སྐྱོབ་ཀྱི་གློག་སྨན་ཉོས་ནས་དངུལ་ཆུ་དང་ཁད་ཀྱི་སྦགས་བཙོག་སྔོན་འགོག་དང་། སླར་བསྡུ་བྱེད་པ་ནི་གལ་ཆེན་ཡིན་པ་བརྗེད་མི་རུང་།

26.རྫས་གྲུབ་འདག་སྨན་ཉུང་བཀོལ་དང་། འདག་རྫས་མང་དུ་བཀོལ་ཏེ། ཆུའི་སྦགས་བཙོག་ཇེ་ཉུང་དུ་གཏོང་དགོས།

27.སྡོང་འཛུགས་ནགས་སྐྲུན་དང་། སྤང་ལྗོངས་བདག་སྐྱོང་བྱེད་དགོས།

28.གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ལུགས་མཐུན་སྒོས་ཕྱིར་བསྡུ་བྱ་དགོས།

29.ཁོར་ཡུག་སྲུང་སྐྱོབ་ཚོགས་པར་ཞུགས་པ་དང་། ལྗང་མདོག་དང་བླངས་པ་བྱས་ཏེ། “སའི་གོ་ལའི་དུས་ཚོད་གཅིག”དང“འཛམ་གླིང་དུ་རླངས་འཁོར་མེད་པའི་ཉིན་མོ”སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱ་འགུལ་སྤེལ་དགོས།

30.འཛེར་སྒྲའི་སྦགས་བཙོག་ཚོད་འཛིན་ཐད་ང་ཚོས་ཕན་ཚུན་ལྟ་སྐུལ་བྱེད་དགོས།

31.ལྕགས་ཐབ་ཆུང་བ་མི་བཀོལ་བ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱེད་དགོས།

32.ལྗང་མདོག་ཟས་རིགས་ཀྱི་མཚོན་རྟགས་ངོས་འཛིན་བྱས་ནས་རང་གི་བདེ་ཐང་ཁག་ཐེག་བྱེད་དགོས།

33.སྲོག་ཆགས་ཀྱི་གྲོགས་པོ་བྱས་ནས་ཚེ་སྲོག་གཅེས་སྤྲས་དང་། སྐྱེ་དངོས་ཡོད་རྒུ་དང་མཉམ་གནས་བྱེད་དགོས།

34.མཁོ་མེད་རྙིང་ཧྲུལ་གྱི་ཆུ་ཤོག་ཕྱིར་བསྡུས་ནས“སྣུམ་ཞིང་ཨང་གཉིས་པ”གསར་གཏོད་བྱེད་དགོས།

35.དགོང་མོར་ཕྱི་ཕྱོགས་ཀྱི་མཛེས་ལྗོངས་གློག་སྒྲོན་དུས་ཐོག་ཏུ་གཟིམ་དགོས།

36.ཞིང་སྡེ་རུ་རྫབ་རླངས་ཁྱབ་གདལ་དུ་གཏོང་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།