སྙིང་རྩའི་ནད་ཅན་གྱི་ནད་པའི་བདེ་ཐང་སློབ་གསོ།

སྙིང་གི་འཕར་རྩ་དང་འབྲེལ་བར་བྱུང་བའི་སྙིང་ནད་བསྡུས་མིང་ལ་སྙིང་རྩའི་ནད་ཟེར།ནད་འདིའི་རྐྱེན་ནི་ཁྲག་ཚིལ་རྙིང་པ་དྭངས་སྙིགས་བྱེད་མ་ཐུབ་པར་ཁྲག་ཚིལ་ཇེ་མཐོར་སོང་བ་དང་། ཡུན་རིང་འགོར་བས་ཁྲག་ཚིལ་དེ་འཕར་རྩའི་ནང་སྐྱིར་འབྱར་བའམ་རིམ་བཞིན་དེ་ལ་ཆགས་ནས་ཇེ་མང་དུ་སོང་བས་སྙིང་གི་འཕར་རྩའི་འགག་ཇེ་དོག་ཏུ་སོང་སྟེ་ཁྲག་རྒྱུན་ཇེ་ཉུང་དུ་སོང་ནས་སྙིང་གི་ཤ་གྲིམ་ལ་ཁྲག་གིས་མ་འདང་བར་བྱུང་བའི་གནོན་གཟེར་དེ་ལ་སྙིང་རྩའི་ནད་ཟེར།

དཔེ་མཚོན་གྱི་ནད་རྟགས།

1.གཟེར་ལངས་པའི་གནས།བྲང་རུས་རྒྱབ།

2.གཟེར་དམིགས། མ་མགལ་དང་ཕྲག་པ་གཡོན་པ །

3.ངོ་བོ།བྲང་རྒྱབ་བཙིར་གནོན་དང་སེམས་འཚབ་པར་ན་བ།

4.ན་ཡུན། དུས་ཚོད་སྐར་མ1~5དང་། སྐར་མ15ལས་བརྒལ།

5.སློང་རྐྱེན། ངལ་དུབ་ཆེ་བ་དང་། གྲང་ངར་ཆེ་བ། ཟས་རྒྱགས་ཆེ་བ།

6.ནད་རྟགས་ཇེ་བདེ་བྱེད་སྟངས།ངལ་གསོ་བ་དང་ལྕེ་འོག་སྨན་ཞོ་ཟོན་དྲི་ལེ་སྐར་མ1-3བར་ཞུ་རུ་འཇུག་དགོས།

བཟའ་བཏུང་གི་མཛུབ་ཁྲིད།

1.ཚྭ་ཉུང་བསྟེན།

2.གནོན་ཤུགས་ཉུང་བར་བྱེད་པ།

3.ཆང་ཉུང་བསྟེན།བདེ་ཐང་བུད་མེད་ཞིག་གིས་ཉིན་རེར་ཆང་ཕོར་གང་ལས་མི་འཐུང་བ་དང་།སྐྱེས་པ་དག་གིས་ཆང་ཕོར་གཉིས་ལས་མི་བརྒལ་བ།

4.ཅཱ་གསབ་པ།སྲན་སེར་དང་། ཧྥན་ཆེ་ཅང་། པོ་ཚལ། མིག་གཤིབ་ཉ། སྲན་ཆུང་ལེབ་སོགས་མང་དུ་བསྟེན།

5.མཱའེ་གསབ་པ།གྲོ་ཆག་དང་།འབྲས་དཀྱུས་མ། ཁམ་ཚིག་གི་ནང་སྙིང་།ཀྲེན་སྡོང་། ལི་མ་སྲན་མ། སྔོ་ཚོད་དང་འོ་མ་སོགས་བསྟེན།

6.ཉིན་རེར་འོ་མ་རྒྱ་མ་གང་རེ་འཐུང་བ །

7.མངར་སྐལ་བཟང་མེ་ཏོག་བསྟེན་པ།

8.ཇིན་ཚལ་མང་ཙམ་ཟ་བ།ཉིན་རེར་ཇིན་ཚལ་རྐང4་རྒྱུན་མ་ཆད་པར་ཟོས་ན་ཁྲག་ཤེད12%—14%་མར་འབབ་པ།

9.ཉ་ཤའི་རིགས་མང་དུ་ཟ་བ།འཕང་གཟུགས་ཉ་དང་མིག་གཤིབ་ཉ་སོགས་ཉ་ཤའི་རིགས་མང་དུ་བསྟེན་པ །

10.སྟར་ཀ་མང་ཙམ་ཟ་བ།སྟར་ཀ་དང་སྲན་ཞོ། སྲན་ཆེན་དང་ལོ་དཀར་སོགས་མང་དུ་བསྟེན་པ།

11.སྤོད་ཡང་དག་པར་བཀོལ་བ། གོ་སྙོད་དང་དག་ཅི་དང་ཕོ་རིལ་ནག་པོ་སོགས་བསྟེན།

12.ཚལ་རིགས་མང་ཙམ་ཟ་བ།པོ་ཚལ་དང་སྲན་རིགས་བསྟེན་པ།

ནད་རིགས།

གཅིག ནད་རྟགས་གབ་པ་ཅན། ནད་པར་སྙིང་རྩ་སྲ་འགྱུར་བྱུང་ཡང་ནད་གཞི་ཡང་མོ་ཅན་དང་ཁྲག་རྩའི་འཁོར་རྒྱུག་ཟུར་ན་ཡོད་པ་ཅན། ན་ཟུག་བཟོད་ཐུབ་པ་ཅན་ལ་སོགས་ལ་ནད་རྟགས་ཕྱིར་མི་མངོན་པར་སྦས་པའི་ཚུལ་དུ་གནས་པའི་རིགས་ཅན།

གཉིས། སྙིང་གཟེར་ལངས་པ་ཅན། སྙིང་གི་འཕར་རྩ་གུ་དོག་པའི་རྨང་གཞིའི་ཐོག་སྙིང་ཤ་ཐེག་ཚད་འཕར་སྣོན་བྱུང་བའི་རྐྱེན་གྱིས་སྙིང་ཤ་འཕྲལ་དུ་དུས་ཡུན་ཐུང་ངུར་ཁྲག་རྒྱུན་ཆད་པ་དང་དེའི་ཞོར་དུ་དབྱང་དབུགས་ཀྱིས་མ་འདང་བར་ཟུག་གཟེར་ལངས་པའི་ནད་རིགས་ཤིག་ཡིན།

གསུམ། སྙིང་ཤའི་འཕར་རྩ་འགག་པ་ཅན། སྙིང་གི་ཁྲག་རྩའི་ནད་གྱུར་གྱི་རྨང་གཞིའི་ཐོག་བྱུང་བའི་སྙིང་ཤའི་འཕར་རྩར་ཁྲག་འདོན་སྤྲོད་འཕྲལ་དུ་ཇེ་ཉུང་དུ་སོང་པ་དང་ཡང་ན་ཁྲག་རྒྱུན་ཆད་ནས་མྱུར་དུ་སྙིང་ཤ་ཤི་བའམ་ནུས་པ་ཉམས་པའི་ནད་རིགས་ཞིག

བཞི། སྙིང་ཤུགས་ཉམས་པ་ནོར་ཅན(སྙིང་ཤར་ཁྲག་གིས་མ་འདང་བའི་ནད་ཅན།) སྙིང་ཤ་ཚི་སྣ་ཅན་དང་།སྙིང་ཤར་ཁྲག་འདོན་སྤྲོད་ཡུན་རིང་མི་འདང་བ། སྙིང་ཤར་འཚོ་བཅུད་ཀྱིས་མ་འདང་བར་དང་ཁུམ་པ་དང་ཡང་ན་སྙིང་ཤ་མང་ཆེ་བ་ཤི་བས་སྙིང་ཤ་ཚི་སྣ་ཅན་དུ་སོང་བའི་ནད་རིགས་ཞིག

ལྔ། གློ་བུར་རྐྱེན་ལམ་དུ་སོང་བའི་རང་བཞིན་ཅན།ནད་པའི་སྙིང་ལྡང་མཚམས་བཞག་པའི་རྐྱེན་ནི་སྙིང་གི་འཕར་རྩའི་འགག་ཇེ་དོག་སུ་སོང་བའི་རྐྱེན་གྱིས་སྙིང་རྩ་རེངས་འཁུམ་མམ་ཁྲག་རྩ་འགག་པའི་དབང་གིས་སྙིང་ཤར་གློ་བུར་དུ་ཁྲག་རྒྱུན་ཆད་པ། སྙིང་གི་གློག་ཁམས་འཁྲུག་པ། དེ་དག་ལས་བསླངས་པའི་སྙིང་གི་འཕར་ཚད་འཁྲུག་པའི་ནད་རིགས་ཞིག

བདེ་ཐང་སློབ་སྟོན།

1.འགྲོ་འདུག་གི་རྒྱུན་ཡག་པོ་ཡོད་པ།སྔ་ཉལ་སྔ་ལངས་། མཚན་འཁྱོངས་ལས་དོན་མི་བྱེད་པ། ཉལ་ཁར་འཇིགས་སྐུལ་གྱི་བརྩམས་སྒྲུང་དང་བརྙན་འཕྲིན་སོགས་ལ་མི་བལྟ་བ།

2.ལུས་སེམས་སྣང་བ་སྐྱིད།ཞེ་སྡང་མི་ལངས་པ་དང་།དྲགས་པའི་བསམ་པ་དང་འཇིགས་སྐྲག་དང་སོགས་སྤང་བ །

3.བཟའ་བཏུང་ལ་ཚོད་འཛིན་བྱེད་པ།སྣུམ་ཉུང་བའི་རིགས་དང་། འཇུ་སླ་བ། ཚིལ་དང་མངར་བའི་རིགས་ཉུང་བསྟེན།སྔོ་ཚོད་དང་ཤིང་ཏོག་རིགས་མང་དུ་ཟ་བ། དགོང་ཟས་ཉུང་འཐུང་དང་། ཇ་གར་པོ།ཁ་ཧྥེ་སོགས་བསྟེན་ན་བཟང་།

4.ཐ་མག་གཅོད་པ་དང་ཆང་ཉུང་འཐུང་།ཐ་མག་འཐེན་པ་ནི་སྙིང་རྩ་འགག་པའི་ནད་དང་།གྲིབ་ཕོག་པའི་ནད་གྱི་རྒྱུ་རྐྱེན་གཙོ་བོ་ཡིན་པས་ངེས་པར་གཅོད་དགོས། སྦི་རག་དང་། རྒྱ་ཆང་དང་རྒུན་ཆང་སོགས་ཉུང་ཙམ་བསྟེན་ན་ཕན་ཆེ། ཡིན་ཡང་ཆང་དཀར་པོ་བསྟེན་མི་རུང་།

5.ངལ་གསོ་ཟུང་འབྲེལ།དྲགས་ལས་དང་གློ་བུར་དུ་ཤུགས་སྣོན་རྒྱག་པ་སྤོང་བ། རྒྱགས་ཆེ་དུས་ལས་འགུལ་དྲག་པོ་མི་བྱེད་པ།

6.ལུས་རྩལ་སྦྱོང་བརྡར།འགུལ་སྐྱོད་རིགས་མི་སྒེར་རང་ཉིད་ཀྱི་ཆ་རྐྱེན་དང་དགའ་ཕྱོགས་ལ་འོས་མཚམས་བྱས་ཏེ་བསལ་འདེམ་བྱེད་པ། དཔེར་ན་ཕིང་ཕང་སྤོ་ལོ་དང་ལུས་རྩལ་སྦྱོང་བརྡར་སོགས་རང་ནུས་དང་འཚམ་པར་བསྟེན་ན་སྙིང་གི་ནུས་པ་ཡང་ཇེ་ཡང་དུ་འགྲོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།