མངལ་འཁོར་སྐབས་ལུས་སྦྱོང་བྱས་ན་འགྲིག་གམ། ལུས་སྦྱོང་བྱས་ན་སྦྲུམ་མར་ཕན་པ་གང་ཡོད་དམ། ཇི་ལྟར་བྱེད་དགོས།

ལུས་སྦྱོང་འཚམ་པོ་བྱས་ན་སྦྲུམ་མར་ཕན་ཐོགས་ཡོད། དེ་ཡང་ལུས་སྦྱོང་འོས་འཚམ་བྱས་ན་སྟོད་སྒལ་ན་བ་སོགས་མངལ་འཁོར་སྐབས་ཀྱི་ནད་གཞི་ཡང་དུ་གཏོང་ཐུབ་པ་མ་ཟད། ད་དུང་གཟུགས་པོའི་ལྗིད་ཚད་ཡང་དུ་དང་ཤ་སྣག་རྐྱོང་ཤུགས་རྒྱུན་འཁྱོངས་ཐུབ་ཏེ་ཕྲུ་གུ་བདེ་བླག་ངང་སྐྱེ་ཐུབ། ད་དུང་། རྒྱུན་གཏན་གྱི་ལས་ཀ་དང་། ནང་ལས། འཆམ་འཆམ་དུ་འགྲོ་བ་སོགས་ནི་སྦྲུམ་མར་ཕན་པ་ཞིག་རེད། དེ་དག་གིས་སྦྲུམ་མའི་གསོན་ཤུགས་འཕེལ་ཐུབ།

ཆོས་ཉིད་རང་བཞིན་ལྡན་པའི་སྦྱོང་བརྡར་དཔེར་ན། རྐང་ཐང་མར་སྐྱོད་པ་དང་། དལ་གྱིས་རྒྱུག་པ། རྐང་འཁོར་བཞོན་པ་སོགས་ལུས་སྦྱོང་བྱས་ན་འཚམ་པོ་ཡོད།

ཆུ་རྐྱལ་རྒྱག་པ་སོགས་སྦྱོང་བརྡར་གྱིས་གཟུགས་གཞི་ཡག་ཏུ་འགྲོ་གི་ཡོད་པས། མངལ་འཁོར་རིང་གི་དུས་ཚོད་བདེ་བླག་ངང་སྐྱེལ་རྒྱུར་ཕན་ཐོགས་ལ་ཕྲུ་གུ་སྐྱེ་སྐབས་ཀྱང་ཕན་ཐོགས་ཀྱི་ཡོད།

ཡིན་ནའང། སྦྱོང་བརྡར་ཐལ་དྲགས་རྒྱུ་མེད་དེ། ཚད་ལས་བརྒལ་བའི་སྦྱོང་བརྡར་གྱིས་སྦྲུམ་མའི་གཟུགས་པོའི་དྲོད་ཚད་མཐོ་རུ་འགྲོ་གི་ཡོད། དེ་དག་ཚང་མ་ནི་མ་བུའི་བདེ་ཐང་ལ་གནོད་པ་ཤ་སྟག་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།