ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ལུགས་གསོ་རིག་ལས་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་བྱང་ཚད་སྐོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་ལས་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་གི་བྱང་ཚད་ཇེ་མཐོར་གཏོང་ཆེད། ཀྲུང་ལུགས་གསོ་རིག་ལས་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་གི་གཞི་རྩའི་གཞུང་ལུགས་དང་ཤེས་བྱ།རྩལ་ནུས་ཁྱབ་གདལ་དུ་གཏོང་བ། སྤྱི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བཏང་ནས་རྒྱལ་ཁབ་ཀྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ《ཀྲུང་གོའི་སྤྱི་དམངས་ཀྱིས་ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་གི་བྱང་ཚད་དོན་ཚན་ཞེ་གཉིས་པ》གཏན་འབེབས་བྱས་པ་དང་། མིའི་རིགས་ཀྱི་ལུས་ཕུང་སྲུང་སྐྱོབ་དང་། ལུས་ཟུངས་གསོ་བ། ནད་འགོག་ནད་བཅོས་ཐད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདོན་སྤྲོད་བྱས་ཡོད།

གཞི་རྩའི་གཞུང་ལུགས་དང་ཤེས་བྱ།

གཅིག ཀྲུང་ལུགས་གསོ་རིག་ལས་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་ཞེས་པ་ནི། ཀྲུང་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག བྱེད་ཐབས་སྣ་མང་སྤྱད་ནས་གཟུགས་གཞི་བདེ་ཐང་དང་ནད་གཞི་སྔོན་འགོག ལུས་ཁམས་བདེ་ཞིང་ཚེ་རིང་ཡོང་བ་དམིགས་ཡུལ་ཡིན་པའི་ལུས་ཁམས་བདེ་སྲུང་བྱ་འགུལ་ལ་གོ་བ་ཡིན།

གཉིས། ཀྲུང་ལུགས་གསོ་རིག་གི་ལུས་ཟུངས་གསོ་བའི་འདུ་ཤེས་ནི་སྐབས་དང་མཐུན་པ། གདགས་སྲིབ་དོ་མཉམ་པ། མི་ལ་གཞིགས་ནས་དབྱེ་བ་འབྱེད་རྒྱུ་དེ་ཡིན།

གསུམ། སྣང་བ་དང་། བཟའ་བཏུང་། འགྲོ་འདུག་བཅས་ནི་ཀྲུང་ལུགས་གསོ་རིག་གི་ལུས་ཟུངས་གསོ་བའི་རྨང་རྡོ་ཆེན་པོ་བཞི་ཡིན།

བཞི། ཀྲུང་ལུགས་གསོ་རིག་གི་ལུས་ཟུངས་གསོ་བ་དང་ལུས་ཁམས་བདེ་སྲུང་བྱེད་སྐབས་ལུས་པོར་གཅེས་སྐྱོང་དང་བདག་སྐྱོང་བྱེད་པར་ལོ་ན་གཞོན་པའི་དུས་ནས་འགོ་ཚུགས་ཏེ་རྒྱུན་སྲིང་ལྷོད་མེད་བྱེད་པ་ནན་བཤད་བྱས་ཡོད།

ལྔ། ཀྲུང་ལུགས་གསོ་རིག་ལས་མ་ངེས་པའི་ནད་པའི་བསམ་བློའི་བདེ་ཐང་དང་ནད་རིགས་ཁྱབ་པའི་འགོག་བཅོས་གོ་རིམ་གཙོ་བོ་དུམ་མཚམས་གསུམ་དུ་དབྱེ་ཡོད། གཅིག་ནི“མ་ངེས་པའི་ནད་སྔོན་འགོག་བྱས་ནས”ནད་རིགས་འབྱུང་བར་སྔོན་འགོག་བྱེད་པ། གཉིས་ནི“ནད་འགྱུར་ལྡོག་འབྱུང་བར་སྔོན་འགོག་བྱས་ནས” ནད་རིགས་འཕེལ་རྒྱས་སུ་འགྲོ་བར་སྔོན་འགོགབྱེད་པ། གསུམ་ནི“ནད་ཞི་རྗེས་ནད་ལོག་འབྱུང་བར་སྔོན་འགོག་བྱས་ནས།”ནད་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པ།

དྲུག ཀྲུང་ལུགས་གསོ་རིག་ལས་ལུས་ཁམས་བདེ་སྲུང་ཟེར་བ་ནི་ཀྲུང་སྨན་བེད་སྤྱད་ནས་མི་ལུས་རླུང་ཁྲག་སྐྱོན་ཅན་སྙོམས་གསོ་བྱེད་པའི་དར་རྒུད་ལ་ཟེར། ཀྲུང་སྨན་འཐུང་དུས་ལོ་ཚོད་དང་གཟུགས་གཞི། དུས་ཚིགས་ཀྱི་ཁྱད་པར་ལ་མཉམ་འཇོག་གང་ལེགས་བྱེད་དགོས།

བདུན། སྨན་ཡིན་ལ་ཟས་རིགས་ཀྱང་ཡིན་པ། རྒྱུན་བཀོལ་གཉིས་སྤྱོད་ཀྱི་ཀྲུང་སྨན་རིགས་ནི་སྦྲང་རྩི་དང་། རི་སྐྱེས་ཞོག་ཁོག པད་འབྲུ། ཙོ་རིལ།ཤིང་ཏོག་འབྲུག་མིག འདྲེ་ཚེར། སྟར་ཀ ཨག་ལིག བཅའ་སྒ། ལུག་མིག་མེ་ཏོག སྲན་ལྗང་། ཏིལ་འབྲས། སྒོག་པ།གཡེར་མ། སྐྱུ་རུ་ར་སོགས་ཡིན།

བརྒྱད། ཀྲུང་ལུགས་གསོ་རིག་ལས་ལུས་ཁམས་བདེ་སྲུང་གི་གསང་མིག་ཆེན་པོ་ལྔ་ནི་ནུ་དབྲག་དང་ཉྭ་རིལ། ངར་དོང་ཐོད་གསང་། རྐང་མཐིལ། ལོང་མཚེས་བཅས་ཡིན།

དགུ། གསང་མིག་གནོན་འཕུར་གྱི་གཞི་རྩའི་བྱེད་ཐབས་ལ་དབྱེ་ན། ཚིགས་གནོན། ལག་འཕུར། འཕུར་མཉེད། བཙིར་གནོན། འཁྲུད་འཕུར། རྡེབ་པ། རྡུང་བ་སོགས་ཡོད།

བཅུ། སྲུབ་འབྲད་བྱས་ན་ཁྲག་རྒྱུག་པ་དང་། རྒྱུས་པ་གསོ་བ། རྩ་དཀར་གསོ་བ། ཚ་སེལ་བ། རླུང་འཁོར་རྒྱུག་བཅས་བྱེད་ཐུབ།

བཅུ་གཅིག མེ་བུམ་བརྒྱབ་ན་གྲང་རླུང་སེལ་བ། ཁྲག་ལམ་བསང་བ། སྐྲངས་ཟུག་འཇོམས་པ། དུག་རླངས་སེལ་བ།

བཅུ་གཉིས། མེ་བཙའ་བཞག་ན་རླུང་ཁྲག་གསོ་ཐུབ་པ་དང་། མེ་དྲོད་ལ་བརྟེན་ན་རྩ་དཀར་གསོ་ཐུབ།

བཅུ་གསུམ། ཀྲུང་སྨན་སྐོལ་དུས་ལྕགས་དང་ཧ་ཡང་གི་རིགས་ཀྱི་སྣོད་ནང་དུ་སྐོལ་མི་རུང་།

(མུ་འགོད།)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།