ང་ཚོའི་གོམས་གཤིས་ངན་པ་འདི་དག་འདོར་དགོས་འདུག

ནད་གཞི་ཆུང་ངུར་སྨན་གང་བྱུང་ཟ་བ།

སྨན་ཡང་དུག དུག་ཀྱང་སྨན་ཞེས་པ་ལྟར་ནད་གཞི་ཆུང་ངུ་ལའང་སྨན་གང་བྱུང་བཟས་ན། མཁལ་མ་སོགས་ལ་གནོད་འཚེ་ཆེན་པོ་ཕོག་སྲིད། ནད་རྟགས་ཐོན་མ་ཐག་སྨན་ཟ་རྒྱུ་མེད། ལྷག་དོན་དུ་ཆམ་པ་བརྒྱབ་པ། ཆམ་རིགས་རྒྱུན་རིང་ཡང་གཟའ་འཁོར་གཅིག་ཟེར་བའི་དཔེ་ལྟར་ང་ཚོས་སྡུག་རུས་རྒྱག་གིན་ངལ་གསོ་དང་ཆུ་མང་ཙམ་བཏུངས་ན། མགྱོགས་པོ་དྲག་སྲིད།

 ཡུན་རིང་པོ་སྒུལ་སྐྱོད་མི་བྱེད་པ།

ཡུན་རིང་པོ་བསྡད་ན་སྐེ་པར་གནོད་ལ། ལུས་པོའི་རྙིང་འདོར་གསར་འབྱེད་ལའང་ཕན་པ་མེད། ལྷག་པར་དུ་བུད་མེད་སྡོད་ཡུན་རིང་དྲགས་ཚེ་རྒྱགས་པ་ཆགས་སླ་པོ་ཡོད། དེར་བརྟེན། ཆུ་ཚོད་རེར་སྐར་5ལང་དགོས་པ་དང་གཟུགས་པོ་བདེ་རུ་སོང་རྗེས་ལས་ཀ་བྱས་ན་དེ་བས་ཡག་པོ་ཡོད།  

ཟས་རིགས་ཞིམ་པོ་བཟས་དྲགས་རྒྱུ་མེད་པ།

ཀེག་དང་ཏན་ཞིམ་སོགས་མངར་ཆ་མང་བའི་ཟས་རིགས་བཟས་དྲགས་ན། རྒྱགས་པ་ཆགས་བདེ་བས། སྐབས་འགར་འབྲུ་རིགས་རྩིང་པོ་འདྲ་ཟ་དགོས་པ་དང་ཞོག་མངར་སོགས་ཀྱིས་མངར་ཆའི་ཚབ་བྱེད་དགོས་པ་དང་དུས་མཚུངས། སྤྲི་དཀར་དང་འཚོ་བཅུད་ཁ་གསབ་བྱས་ན་ལུས་པོ་བདེ་ལ་བདེ་ཐང་ཡང་ཡོང་ཐུབ།

 ཆུ་མང་པོ་མི་འཐུང་བ།

མིའི་གཟུགས་པོར་ཆུ་དགོས་གལ་ཧ་ཅང་ཆེན་པོ་ཡོད། རིགས་གཅིག་མཁས་ཅན་གྱིས་ཉིན་ལྟར་ཆུ་དཀར་ཡོལ་6ནས་8བར་བཏུངས་ན། ལུས་པོའི་རྙིང་འདོར་གསར་འབྱེད་རྒྱུན་གཏན་ལྟར་ཡོང་ཐུབ་ཅེས་བརྗོད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།