ཟས་རིགས་འདི་དག་མང་ཙམ་ཟས་ན་ཕན་པ་ཆེ།

སྦྲང་རྩི། ཉིན་ལྟར་ཞོགས་པ་གྲོད་ཁོག་སྟོང་པར་སྦྲང་རྩི་ཏོག་ཙམ་རྒྱུན་བསྐྱངས་ནས་བཟས་ན་ཁོག་ནད་དུག་སེལ་དང་། ཁྲག་རྩ་མཁྲེགས་གྱུར་སྔོན་འགོག ཚེ་རིང་དུ་འགྲོ་བ་བཅས་ཀྱི་ཕན་པ་ཡོད།

སྒ་སྐྱ། ཟ་སྐབས་སྒ་སྐྱ་ལྷེབ་ལྷེབ་ཁ་ཤས་བཟས་ན་ཟུངས་ཁྲག་འཁོར་རྒྱུག་ལ་ཕན་པ་ཡོད་པ་མ་ཟད། འཇུ་ལམ་ཡང་བདེ་རུ་འགྲོ་སྲིད།

བ་དམ། བ་དམ་ལ་མིའི་ལུས་པོར་མཁོ་བའི་ཨན་ཅི་སོན་རིགས་མང་པོ་འདུས་ཡོད་པས།རྟག་ཏུ་བ་དམ་བཟས་ན་དྲན་ཤེས་བརྟན་དུ་འགྲོ་བ་དང་། ཁྲག་ཤེད་གཅོག་པ། མ་རྒས་སྔོན་འགོག་ཐུབ་ཀྱི་ཡོད།

ཆི་བི་ཁ། ཆི་བི་ཁར་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་དེ།མངར་རྒྱུ་དང་། འཚོ་རྒྱུ། གཏེར་རྒྱུ་སོགས་མང་པོ་ཡོད་པས་མི་ཚོས་རང་བྱུང་འཚོ་རྒྱུ་ཞེས་འབོད་ཀྱི་ཡོད།

སྒོག་པ། སྒོག་པར་འབུ་ཕྲ་གསོད་པའི་ནུས་པ་ཆེན་པོ་ཡོད་པས་མི་ཚོས་རང་བྱུང་གི་དུག་སྲིན་འགོག་སྨན་ཞེས་འབོད་ཀྱི་ཡོད།གོང་གསལ་གྱི་ཟས་རིགས་ཁག་རྟག་ཏུ་བཟས་ན་ནད་གཞི་མང་པོ་སྔོན་འགོག་ཐུབ་ལ། ཚེ་རིང་དུ་འགྲོ་བ་སོགས་ཀྱི་ཕན་པ་ཐོན་གྱི་ཡོད།།  

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།