ཀྲུང་གོ་བོད་ཀྱི་དྲ་བ།

ཀྲོ་མ་ཀྲུ་བརྔོས་ནས་ཟོས་ན་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲོ་མ་ཀྲུ་ནི་ཟས་རིགས་ཧ་ཅང་བཟང་པོ་ཞིག་ཡིན།དེའི་ནང་དུ་དབྱང་འགྱུར་འགོག་རྫས་དམར་རྒྱུ་མང་པོ་འདུས་པས།རྒྱུན་དུ་ཟོས་ན་ཕོ་བའི་འབྲས་སྐྲན་དང་ཆུ་རྨེན་འབྲས་སྐྲན་སོགས་འབྲས་སྐྲན་མང་པོ་སྔོན་འགོག་བྱེད་ཐུབ།ཉེ་ཆར། སི་ཕེན་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན།ཀྲོ་མ་ཀྲུ་རྗེན་བཟའ་བྱས་པ་ལས་བརྔོས་ནས་ཟོས་ན་རྒྱུ་ལམ་བདེ་ཐང་ཡོང་བར་ཕན།

ཞིབ་འཇུག་དེ་ནི་སི་ཕེན་ཝ་ལོན་ཞི་ཡ་སློབ་ཆེན་གྱིས་རྩ་འཛུགས་སྒོས་སྤེལ་བ་ཡིན་ལ།ཞིབ་འཇུག་མི་སྣ་ཨན་ནཱ·པའེ་ལུང·ཨེ་ལའེ་ཏི་ཡ་དང་དེའི་ཞིབ་འཇུག་ཚན་ཆུང་གིས་ཀྲོ་མ་ཀྲུ་རྗེན་པ་དང་ཀྲོ་མ་ཀྲུ་བརྔོས་མ་གཉིས་ལ་ཚོད་ལྟ་བྱས་ཏེ།ཇི་ལྟར་ཟོས་ན་ད་གཟོད་ཀྲོ་མ་ཀྲུ་ཡི་དབྱང་འགྱུར་འགོག་རྫས་འདོན་སྤེལ་གང་ལེགས་བྱེད་ཐུབ་པའི་ཐད་ཞིབ་འཇུག་བྱས་པ་ན། ཀྲོ་མ་ཀྲུ་བརྔོས་མའི་ནང་གི་དམར་རྒྱུའི་འདུས་ཚད་ཧ་ཅང་མཐོ་བས།འཇུ་བའི་གོ་རིམ་ཁྲོད་དུ་གསོན་ཚད་མཐོ་ཞིང་སྡུད་ལེན་བྱེད་སླ་བ་རེད།

ཀྲོ་མ་ཀྲུ་བརྔོས་མ་ཡིས་ད་རུང་རྒྱུ་ལམ་གྱི་ཕན་སྐྱེ་སྲིན་འབུའི་ནུས་པ་ཇེ་མཐོར་གཏོང་ཐུབ། ལུའོ་ཧྲི་འོ་མའི་ནར་སྲིན(罗伊氏乳杆菌)ནི་ཚོར་ཐལ་གཟུགས་གཞི་ལེགས་སྒྱུར་དང་ཡང་ནས་བསྐྱར་དུ་ཚོར་ཐལ་འབྱུང་བ་སྔོན་འགོག རྒྱུ་མའི་བྱེད་ནུས་སྙོམ་སྒྲིག་བཅས་བྱེད་པར་ཕན་པའི་ཕན་སྐྱེ་སྲིན་འབུ་ཞིག་ཡིན་པས།མིའི་ལུས་སྟེང་དུ་རང་བཞིན་གྱིས་གནས་པ་རེད།ཀྲོ་མ་ཀྲུ་བརྔོས་མའི་ཁྲོད་དུ་དམར་རྒྱུ་འབོར་ཆེན་འདུས་པས་ལུའོ་ཧྲི་འོ་མའི་ནར་སྲིན་གྱི་གསོན་ཤུགས་ཇེ་མཐོར་བཏང་ནས།དེའི་བྱེད་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།