ཀྲུང་གོ་བོད་ཀྱི་དྲ་བ།

གནད་ཁེལ་དབུལ་སྐྱོར་དང་འབྲེལ་བའི་སྲིད་ཇུས་སྐོར་གྱི་དྲི་བ་གཉིས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། གནད་ཁེལ་དབུལ་སྐྱོར་གྱི“གནད་ཁེལ་དྲུག”ནི་གང་དག་ཡིན།

ལན། གཅིག་ནས་དབུལ་སྐྱོར་བྱ་ཡུལ་གནད་ལ་འཁེལ་དགོས་པ་དང་། གཉིས་ནས་ལས་གཞི་བཀོད་སྒྲིག་གནད་ལ་འཁེལ་དགོས། གསུམ་ནས་མ་དངུལ་བེད་སྤྱོད་གནད་ལ་འཁེལ་དགོས། བཞི་ནས་བྱེད་ཐབས་ཁྱིམ་ཚང་དུ་ཐོན་པ་གནད་ལ་འཁེལ་དགོས། ལྔ་ནས་སྡེ་བར་མི་མངག་པ་གནད་ལ་འཁེལ་དགོས། དྲུག་ནས་དབུལ་ཐར་གྱི་གྲུབ་འབྲས་གནད་ལ་འཁེལ་དགོས་པ་བཅས་སོ། །

གཉིས་པ། དབུལ་ཕོངས་མི་འབོར་སྨན་ཁང་དུ་བསྡད་པའི་རོགས་སྐྱོབ་སྲིད་ཇུས་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

ལན། དབུལ་ཕོངས་མི་འབོར་གནད་ཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་རིང་གི་སྨན་བཅོས་རིན་གོང་ནི། སྲིད་ཇུས་ཀྱིས་ཆག་ཡང་གཏོང་བ་དང་། གཞི་རྩའི་སྨན་བཅོས་ཉེན་སྐྱོབ། མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོ་སྨན་བཅོས་ཉེན་སྲུང་བཅས་རྩིས་ཞུ་བྱས་པ་བརྒྱུད་རྗེས། ཚད་གཞི་ལས་བརྒལ་བ་ཡིན་ན། ལྷག་མའི་སྲིད་ཇུས་ཁྱབ་ཁོངས་ནང་དང་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་རིན་གོང་ལ80%ཡིས་རོགས་སྐྱོབ་བྱེད་པ་དང་། ཧ་ཅང་དབུལ་པོ་ཡིན་ན100%ཡིས་རོགས་སྐྱོབ་བྱ་རྒྱུ་ཡིན་པ་སྟེ། མི་རེར་ལོ་རེའི་རོགས་སྐྱོབ་ཀྱི་ཚད་ནི་སྒོར་ཁྲི5ནས་ཁྲི6བར་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།