ཀྲུང་གོ་བོད་ཀྱི་དྲ་བ།

ཤིང་ཏོག་དང་སྔོ་ཚོད་ཐོག་གི་སྨན་བཀྲུ་ཐབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཆུ་གཙང་མའི་ནང་སྦང་དགོས།

ཆེད་མཁས་པ་རྣམས་ཀྱིས་ང་ཚོའི་མིག་ཤེས་དབང་པོས་སྔོ་ཚོད་དང་ཤིང་ཏོག་ཐོག་ཏུ་ཞིང་སྨན་ལྷག་མ་ཡོད་མེད་མཐོང་མི་ཐུབ་། དེར་བརྟེན། སྔོ་ཚོད་དང་ཤིང་ཏོག་ཉོས་རྗེས་སྔོན་ལ་ཞིང་སྨན་ལྷག་མ་འདག་ཐབས་བྱེད་དགོས་ཞེས་དྲན་སྐུལ་བྱེད་ཀྱིན་འདུག

ལོ་མ་ཡོད་པའི་སྔོ་ཚོད་གཙང་མར་བཀྲུ་དགོས་པ་དང་། དེའི་རྗེས་ཆུའི་ནང་སྐར་མ30སྦངས་ན་ཞིང་སྨན་ལྷག་མ་གཞི་ནས་འདག་ཐུབ།

2.ཤིང་ཏོག་ཁག་ཅིག་ཚྭ་ཆུར་སྦངས་ནས་བཀྲུ་དགོས།

ཤིང་འབྲས་འབྲི་ཏ་ས་འཛིན(草莓)དང་ཚལ་ཀོ་པི(花菜)སོགས་ཚྭ་ཆུའི་ནང་སྐར་མ་ཁ་ཤས་སྦངས་ནས་བཀྲུས་ན་ཞིང་སྨན་ལྷག་མ་འདག་ངེས།

3.ཤིང་ཏོག་འདག་རྫས་སྤྱོད་དགོས།

རྒྱུན་དུ་མི་མང་པོས་ཞིང་སྨན་འདག་ཆེད་ཤིང་འབྲས་དང་སྔོ་ཚོད་ཆུ་ཁོལ་མའི་ནང་སྦངས་ཀྱིན་ཡོད། དོན་དུ་བྱེད་སྟངས་དེ་ནོར་བ་ཞིག་རེད། གང་ལགས་ཞེ་ན། ཆུ་ཚ་དྲགས་ན་སྔོ་ཚོད་ཀྱི་འཚོ་བཅུད་ཤོར་འགྲོ། གཞན་ཡང་། མི་འགའ་ཤས་ཀྱིས་བཟའ་སྣོད་འདག་རྫས་ཀྱིས་ཤིང་འབྲས་དང་སྔོ་ཚོད་བཀྲུ་བཞིན་ཡོད། འདག་རྫས་དེ་རིགས་རྫས་འགྱུར་གྱིས་བཟོས་པ་ཤ་སྟག་ཡིན་པས། སྔོ་ཚོད་ནང་སིམ་ཚེ་ལུས་ཕུང་ལ་གནོད་འཚེ་ཆེན་པོ་ཡོད། དེར་བརྟེན་ང་ཚོས་ཤིང་ཏོག་བཀྲུ་སྐབས་ཤིང་འབྲས་དང་སྔོ་ཚོད་འདག་རྫས་ཀྱིས་བཀྲུ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།