འཕྲུལ་སྒུལ་འཁོར་ལོའི་ཡིག་ཚགས་ཐོ་འགོད་རེ་ཞུ་ཇི་ལྟར་བྱ་དགོས་པ་དང་ཆ་རྐྱེན་གང་དག་འཛོམ་དགོས།

འཕྲུལ་སྒུལ་འཁོར་ལོའི་ཡིག་ཚགས་ཐོ་འགོད་རེ་ཞུ་བྱ་བར། འཕྲུལ་སྒུལ་འཁོར་ལོར་ཞིབ་བཤེར་ཚད་ལེན་བྱ་དགོས་པར་མ་ཟད། ད་དུང་གཤམ་གྱི་དཔང་ཡིག་དང་དཔང་རྟགས་འདོན་སྤྲོད་བྱ་དགོས། 

1.འཕྲུལ་སྒུལ་འཁོར་ལོའི་བདག་པོའི་ཐོབ་ཐང་དང་དཔང་ཡིག

2.འཕྲུལ་སྒུལ་འཁོར་ལོ་ཉོས་པའི་འཛིན་བྱང་དང་འཕྲུལ་སྒུལ་འཁོར་ལོའི་ཡོངས་ཁུངས་དཔང་ཡིག

3.འཕྲུལ་སྒུལ་འཁོར་ལོ་ཧྲིལ་པོ་བཟོ་གྲྭ་ནས་བུད་པའི་ཚད་ལྡན་དཔང་ཡིག་གམ་ཡང་ན་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་འཕྲུལ་སྒུལ་འཁོར་ལོའི་ནང་འདྲེན་ཡིག་རྟགས།

4.འཕྲུལ་སྒུལ་འཁོར་ལོ་ཉོ་སྒྲུབ་དཔྱ་ཁྲལ་སྤྲད་ཟིན་པའི་དཔང་ཡིག་གམ་ཡང་ན་དཔྱ་ཁྲལ་གཞལ་མི་དགོས་པའི་ཡིག་རྟགས།

5.འཕྲུལ་སྒུལ་འཁོར་ལོའི་ཕྱོགས་སྣ་གསུམ་པ་བར་འགན་འཁྲི་ལེན་པའི་བཙན་ཤེད་ཉེན་སྲུང་འཛིན་རྟགས།

6.ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་ཕབ་བྱས་པའི་འཕྲུལ་སྒུལ་འཁོར་ལོ་ཡིག་ཚགས་ཐོ་འགོད་བྱེད་སྐབས་འདོན་སྤྲོད་བྱ་དགོས་པའི་དཔང་ཡིག་དང་འཛིན་རྟགས་གཞན་པ་དག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲུལ་སྒུལ་འཁོར་ལོའི་ཐོན་རྫས་གཙོ་བདག་སྡེ་ཁག་གིས་གཏན་འཁེལ་བྱས་པའི་བདེ་འཇགས་ལག་རྩལ་དཔྱད་བཤེར་བྱ་མི་དགོས་པའི་འཁོར་ལོའི་རྣམ་གྲངས་སུ་མི་གཏོགས་ཚེ། ད་དུང་འཕྲུལ་སྒུལ་འཁོར་ལོའི་བདེ་འཇགས་ལག་རྩལ་དཔྱད་བཤེར་ཚད་ལྡན་དཔང་ཡིག་ཀྱང་འདོན་སྤྲོད་བྱ་དགོས།

7.འཕྲུལ་སྒུལ་འཁོར་ལོའི་བདག་པོས་ཡིག་ཚགས་ཐོ་འགོད་བྱས་ཟིན་པའི་རླངས་འཁོར་ལ་འགྱུར་ལྡོག་ཐོ་འགོད་བྱ་འདོད་ཚེ། ལས་ཁུངས་གང་ཞིག་ལ་རེ་ཞུ་བྱ་དགོས།

ཡིག་ཚགས་ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ལ་གཤམ་གྱི་གནས་ཚུལ་རིགས་འགའི་གཅིག་མངའ་ཚེ། འཁོར་ལོའི་བདག་པོས་འཁོར་ལོ་དེ་ཐོ་འགོད་བྱས་ཡོད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འགྱུར་ལྡོག་ཐོ་འགོད་བྱེད་པར་རེ་བ་ཞུ་དགོས། 

1.འཕྲུལ་སྒུལ་འཁོར་ལོའི་ཁ་དོག་བསྒྱུར་བ།

2.སྒུལ་ཤུགས་འཕྲུལ་ཆས་བརྗེ་བ།

3.འཕྲུལ་སྒུལ་འཁོར་ལོའི་ཕྱི་ཁོག་དང་སྒྲོམ་གཞི་བརྗེ་བ།

4.རྒྱུ་སྤུས་ཀྱི་དབང་གིས་བཟོ་གྲྭ་ནས་འཕྲུལ་སྒུལ་འཁོར་ལོ་ཧྲིལ་པོ་བརྗེ་བ།

5.སྐྱེལ་འདེན་བྱེད་སྤྱད་ཀྱི་འཕྲུལ་སྒུལ་འཁོར་ལོ་དེ་སྐྱེལ་འདྲེན་བྱེད་སྤྱད་མིན་པའི་འཕྲུལ་སྒུལ་འཁོར་ལོར་བསྒྱུར་བའམ་ཡང་ན་སྐྱེལ་འདྲེན་བྱེད་སྤྱད་མིན་པའི་འཕྲུལ་སྒུལ་འཁོར་ལོ་དེ་སྐྱེལ་འདྲེན་བྱེད་སྤྱད་ཀྱི་འཕྲུལ་སྒུལ་འཁོར་ལོར་བསྒྱུར་བ། 6.འཕྲུལ་སྒུལ་འཁོར་ལོའི་བདག་པོའི་སྡོད་གནས་དེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་དོ་དམ་མངའ་ཁོངས་ལས་ཕྱིར་བུད་པའམ་ནང་དུ་ཞུགས་པ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།