དོན་ངོ་མར་སྟོང་ཁམས་ཆེན་མོའི་ལོ་ཚོད་ག་འདྲ་ཡིན།

སྟོང་ཁམས་ཆེན་མོའི་ལོ་ཚོད་ཅེས་པ་ནི་སྟོང་ཁམས་ཆེན་མོ་ཆགས་པ་ནས་ད་ལྟའི་བར་ཡིན་ལ།ཨ་རིའི་གནམ་དཔྱད་རིག་པ་བ་ཧ་པོས་བཤད་པ་ལྟར་ན།སྟོང་ཁམས་ཆེན་མོ་ཆགས་པ་ནས་ད་ལྟའི་བར་དུ་མགྱོགས་མྱུར་སྒོས་ཆེར་སྐྱེད་བཞིན་ཡོད་པ་དང་སྐར་མའི་གོ་ལ་བར་དུ་ཕན་ཚུན་ཕྱི་སྣུར་བྱེད་བཞིན་ཡོད་པར་མ་ཟད།ཕྱི་སྣུར་བྱེད་པའི་མྱུར་ཚད་དང་བར་ཐག་གཉིས་ཀྱི་བསྡུར་ཚད་ནི་ལྟོས་བཅས་སུ་མཐུན་པ་ཡིན།བསྡུར་ཚད་འདིར《ཧ་པོ་རྒྱུན་གྲངས》ཞེས་འབོད་ཅིང་། དེའི་ལྡོག་གྲངས་ནི་སྟོང་ཁམས་ཆེན་མོའི་ལོ་ཚོད་ཡིན།དེས་ན་ང་ཚོས་སྐར་མའི་གོ་ལའི་ཕྱི་སྣུར་སྟེག་པའི་མྱུར་ཚད་དང་བར་ཐག་བརྩི་ཐུབ་ཚེ་ཧ་པོ་རྒྱུན་གྲངས་བརྩིས་པ་ཡིན། ཡིན་ནའང་།གནམ་དཔྱད་རིག་པ་བ་རེ་རེས་བརྩིས་པའི་སྟོང་ཁམས་ཆེན་མོའི་ལོ་ཚོད་ལ་ཁྱད་པར་ཆེན་པོ་ཡོད་དེ།ཕལ་ཆེར་ལོ་དུང་ཕྱུར100ནས་ལོ་དུང་ཕྱུར200ཡི་བར་ཁྱབ་པ་རེད།དེའི་རྒྱུ་མཚན་ནི་སྐར་མའི་གོ་ལ་ཕྱི་སྣུར་སྟེག་པའི་མྱུར་ཚད་ཧ་ལམ་འདྲ་མཚུངས་ཡིན་ནའང་།སྐར་ཚོགས་ཀྱི་བར་ཐག་བཀྱེད་ཚད་ལ་ཁྱད་པར་ཤོར་ཏེ་བྱུང་བ་ཞིག་ཡིན།མི་ལ་ལས་སྔ་མོའི་སྟོང་ཁམས་ཆེན་མོ་ཆེར་སྐྱེད་བཞིན་པའི་ཚད་དེ་ད་ལྟ་ལས་མྱུར་བ་དང་།དེ་ལྟར་སྟོང་ཁམས་ཆེན་མོའི་ལོ་ཚོད་ལོ་དུང་ཕྱུར60ནས70ཡིན་ངེས།ཡིན་ནའང་།དོན་ངོ་མས་སྟོང་ཁམས་ཆེན་མོའི་ལོ་ཚོད་དེ་འདྲ་ཞིག་ཡིན་པར་དོགས་པ་ཡོད་དེ།རྒྱུ་མཚན་ནི་སྟོང་ཁམས་ཆེན་མོའི་གྲུབ་ཆར་གྱུར་པའི་ཟླུམ་གོར་སྐར་ཚོགས་ཀྱི་ལོ་ཚོད་མ་མཐའ་ཡང་ལོ་དུང་ཕྱུར130ཡོད་པས།ཚོད་དཔག་བྱས་ན་སྟོང་ཁམས་ཆེན་མོའི་ལོ་ཚོད་མི་ལོ་དུང་ཕྱུར340ཡོད་ངེས་ཡིན།xXmཀྲུང་གོ་བོད་ཀྱི་དྲ་བ།

  དོགས་པ་དེར་ད་ལྟའི་བར་དུ་གསལ་ཐག་ཆོད་པའི་ལན་ཞིག་བཏབ་མེད་དོ།  །xXmཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།