སྐར་མའི་གོ་ལ40000ཡི་སྟེང་དུ་རྒྱུ་སྐར་གཞན་པའི་མི་ཡོད་དམ།

46.9K

   hZSཀྲུང་གོ་བོད་ཀྱི་དྲ་བ།

u=2098415356,391099864&fm=21&gp=0.jpghZSཀྲུང་གོ་བོད་ཀྱི་དྲ་བ།

  ད་ལྟའི་བར་དུ་མིའི་རིགས་ཀྱིས་ད་དུང་རྒྱུ་སྐར་གཞན་པའི་སྟེང་དུ་ཚེ་སྲོག་གནས་ཡོད་མིད་ཤེས་མིད།ཡིན་ནའང་།དབྱིན་ཇིའི་ཚན་རིག་པས་མཉེན་ཆས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན།སའི་གོ་ལ་མ་གཏོགས།དགུ་ཚིགས་ཀྱི་མ་ལག་ནང་ད་དུང་སྐར་མའི་གོ་ལ40000སྟེང་དུ་རྒྱུ་སྐར་གཞན་པའི་མི་ཡོད་པ་དང་།དེའི་ནང་སྐར་མའི་གོ་ལའི་སྟེང་ད་དུང་ཧ་ཅང་དར་ཁྱབ་ཆེ་བའི་སྐར་མའི་གོ་ལ་གཞན་དག་གི་དཔལ་ཡོན་གནས་འདུགhZSཀྲུང་གོ་བོད་ཀྱི་དྲ་བ།

  ཏིན་ཁིན་ལགས་ཀྱིས་གློག་ཀླད་སྐོར་གྱི་མཉེན་ཆས་རིགས་ཤིག་ཇུས་འགོད་བྱས་པ་སྟེ།མཉེན་ཆས་འདིའི་ནང་དུ་མིའི་རིགས་ཀྱིས་ཤེས་ཟིན་པའི་སྐར་མའི་གོ་ལ་ཁྲི330ཡི་གཞི་གྲངས་དང་དབྱེ་ཞིབ་འཚོལ་སྡུད་བྱས་ཏེ།བསྡུར་ཚད་ཅི་ཙམ་ལྡན་ན་སྐར་མའི་གོ་ལར་མཐུན་ཞིང་འཚམ་པའི་ཚེ་སྲོག་འཚོ་ཐུབ་པའི་ཆ་རྐྱེན་སྐོར་གྱི་གཞི་གྲངས་རྩིས་བརྒྱབ།མཉེན་ཆས་ཀྱིས་དཔག་རྩིས་བརྒྱབ་པའི་བསྡུར་ཚད་འདི་བཀོལ་སྤྱོད་བྱས་ཤིང་།མཁའ་དབུགས་ཀྱི་དྲོད་གྲང་དང་ཆུ།ཡང་ན་གཏེར་རྫས་རིགས་ཀྱི་གྲུབ་ཆ་སོགས་རྒྱུ་རྐྱེན་གལ་ཆེན་བཀོལ་ཏེ།དགུ་ཚིགས་མ་ལག་ཡོད་ཚད་ཀྱི་ནང་དུ་ཚེ་སྲོག་འཚོ་ཐུབ་པའི་སྐར་མའི་གོ་ལའི་གྲངས་ཀ་འདེད་རྩིས་བྱས་རྗེས།དགུ་ཚིགས་མ་ལག་ཁྲོད་ཀྱི་སྐར་མའི་གོ་ལ40000སྟེང་དུ་ཚེ་སྲོག་གནས་པ་དང་།དེའི་ནང་དུ་མ་མཐའ་ཡང་སྐར་མའི་གོ་ལ361སྟེང་ཧ་ཅང་དར་ཁྱབ་ཆེ་བའི་རིག་ནུས་ཀྱི་ཚེ་སྲོག་གནས་འདུགhZSཀྲུང་གོ་བོད་ཀྱི་དྲ་བ།

  ཞིབ་འཇུག་ལས་ཤེས་གསལ་ལྟར་ན།རྒྱུ་སྐར་གཞན་པའི་མི་དེ་དག་གིས་ཕལ་ཆེར་སའི་གོ་ལ་དང་བར་ཐག་འོད་ལོ20000ནས་འོད་ལོ30000ཡོད་པའི་སྐར་མའི་གོ་ལའི་སྟེང་དུ་འཚོ་གནས་བྱེད་བཞིན་ཡོད་པས།མིའི་རིགས་ལ་ཡོད་པའི་ད་ལྟའི་ཚན་རིག་ལག་རྩལ་ལས་འདི་དག་དང་འབྲེལ་གཏུག་བྱེད་དཀའ་བ་རེད།ཚན་རིག་པ་ཧྥུའུ་ཀིན་གྱིས་བལྟས་ན།མིའི་རིགས་ཀྱིས་དུས་ཡུན་ལོ300ནས400བཀོལ་ན། ད་དུང་ང་ཚོ་དང་ཧ་ཅང་ཐག་རིང་བའི་སྐར་མའི་གོ་ལ་གཞན་དག་གི་མི་འདི་དག་དང་འབྲེལ་གཏུག་བྱེད་ཐུབ་སྙམ།  །hZSཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།