ཀྲུང་གོ་བོད་ཀྱི་དྲ་བ།

བར་སྣང་གི་འཚོ་བའི་སྐོར་གྱི་དྲི་བ་དྲིས་ལན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཅིན་ཧེ་ཕིན་དང་ཁྲིན་ཏུང་གཉིས་ཟླ10པའི་ཚེས19ཉིན་བདེ་བླག་ངང་གནམ་གྱི་ཕོ་བྲང་ཨང་གཉིས་པའི་ནང་བསྡད། དུས་ཡུན་ཉིན30རིང་དུ་མཁའ་དབྱིངས་སུ་འགྲོ་འདུག་བྱས་པའི་འཚོ་བ་ཇི་ལྟར་སྔར་ལས་སྐྱིད་པོ་ཡོང་དུ་འཇུག་དགོས་ཞེ་ན། སྔོན་ཆད་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་བསྡད་མྱོང་བའི་ཨ་མེ་རི་ཁ་རུ་སྡོད་པའི་ཀྲུང་གོ་པའི་འཇིག་རྟེན་འཕུར་སྐྱོད་པ་ཅའོ་ལེ་ཀྲུང་དང་ཨུ་རུ་སུའི་བར་སྣང་ཞིབ་འཇུག་ཁང་གི་ཡོན་ཧྲི་ཡ་ལེ་ཧྲན་ཏ·རའེ་ལེ་ཙི་ཉི་ཡ་ཀོ་ཧྥིས་གཉིས་ཀྱིས་དེར་ལན་བཏབ་པ་རེད།

དྲི་བ། རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་ཉིན་གཅིག་ལ་ལས་ཀ་གང་དག་ཡོད་དམ། གཟའ་མཇུག་ལ་ངལ་གསོ་བྱེད་ཁོམ་ཡོད་དམ།

ཅའོ་ལེ་ཀྲུང་གིས་བཤད་རྒྱུར། རྒྱུན་ལྡན་གྱི་གནས་ཚུལ་འོག ཉིན་རེའི་སྔ་མོར་ས་ངོས་ཀྱི་ལས་འགན་ཚོད་འཛིན་ལྟེ་གནས་སུ་ཚོགས་འདུ་ཐུང་ཐུང་ཞིག་འཚོགས་པ་དང་། ཚོགས་འདུའི་སྟེང་དུ་གཙོ་བོ་ཉིན་དེའི་བྱ་འགུལ་གྲོས་བསྡུར་བྱེད་པ་ཡིན། དེ་ནས་འཕུར་སྐྱོད་པ་སོ་སོས་རང་རང་གི་གྲོས་རིམ་ལྟར་བྱ་བ་སྒྲུབ་མགོ་རྩོམ་པ་དང་། བྱ་བའི་ནང་དོན་ནི་ཚོད་ལྟ་ལག་ལེན་དང་ཉམས་གསོ་ཞིག་གསོའི་ལས་འགན། ཟ་མ་ཟ་བ། ངལ་གསོ་ཅུང་ཙམ་བྱེད་པ་དང་། ལུས་སྦྱོང་བྱེད་པ་བཅས་འདུས། ཉིན་རེ་རེའི་ལས་ཀ་མཇུག་རྫོགས་རྗེས་འཇིག་རྟེན་འཕུར་སྐྱོད་པ་རྣམས་ཡང་བསྐྱར་ལས་འགན་ཚོད་འཛིན་ལྟེ་གནས་སུ་འཛོམས་ཏེ་ཚོགས་འདུ་ཐུང་ཐུང་ཞིག་འཚོག་དགོས། གཟའ་མཇུག་གི་བྱ་བ་རྒྱུན་ལྡན་ལས་ཅུང་ཡང་བ་དང་། དུས་ཆེན་ལ་འཕྲད་ན་ང་ཚོར་དངོས་གནས་ངལ་གསོའི་དུས་ཚོད་ཡོད།

དྲི་བ། ཡུན་རིང་པོར་བར་སྣང་དུ་སྡོད་པར་སེམས་ཁམས་དང་ལུས་པོའི་བདེ་ཐང་ཇི་ལྟར་སྲུང་དགོས།

ཅའོ་ལེ་ཀྲུང་གིས་བཤད་རྒྱུར། ཉིན་རེར་དུས་ཚོད་གཉིས་རིང་ལུས་སྦྱོང་བྱས་ནས་ལུས་པོ་བདེ་ཐང་དུ་ཡོང་བ་སྲུང་འཛིན་བྱེད་པ་དང་། སེམས་ཁམས་བདེ་ཐང་ཡོང་མིན་ནི་མི་རང་ཉིད་ལ་ཐུག་ཡོད། ང་ཚོས་ངལ་གསོའི་དུས་ཚོད་མང་ཆེ་ཤོས་སུ་སའི་གོ་ལར་རྒྱང་ལྟ་བྱེད་པ་དང་ཡང་ན་པར་ལེན་བཞིན་ཡོད། ང་ཚོས་ད་དུང་གློག་རྡུལ་འཕྲིན་ཡིག་འབྲི་བ་དང་ཡང་ན་དྲ་བ་བརྒྱུད་དེ་ཁྱིམ་མི་དང་ཡང་ན་གྲོགས་པོར་འབྲེལ་གཏུག་བྱེད་བཞིན་ཡོད།

དྲི་བ། བར་སྣང་དུ་ཡི་མུག་པའི་ཚོར་སྣང་བྱུང་སྐབས་ཇི་ལྟར་བྱས་པ་ཡིན།

རའེ་ལེ་ཙི་ཉི་ཡ་ཀོ་ཧྥིས་བཤད་རྒྱུར། བར་སྣང་དུ་དུས་ཡུན་རིང་པོར་འཕུར་སྐྱོད་བྱེད་སྐབས་ཡི་མུག་པའི་ཚོར་སྣང་འགོག་རྒྱུ་ནི་ཧ་ཅང་སླ་མོ་ཞིག་རེད། ཅི་ཐུབ་ཀྱིས་བྱ་བ་མང་པོ་བཀོད་སྒྲིག་བྱས་ཏེ་རང་ཉིད་ལ་ཁོམ་པའི་དུས་ཚོད་མི་སྟེར་བ་དེ་ཡིན། “ཡི་མུག་པ”ཡི་དུས་ཚོད་མེད། ང་རང་གི་ཞིབ་འཇུག་ལོ་རྒྱུས་ཁྲོད་ད་རག་བར་དུ་འཇིག་རྟེན་འཕུར་སྐྱོད་པ་ཞིག་དུས་ཡུན་རིང་པོར་ཡི་མུག་པའི་དབང་གིས་རྒྱུན་ལྡན་གྱི་འཕུར་སྐྱོད་ལས་འགན་ལ་གནོད་པ་བྱུང་བའི་གནས་ཚུལ་བྱུང་མ་མྱོང་། འཇིག་རྟེན་འཕུར་སྐྱོད་པ་ཁ་ཤས་ཤིག་ལ་ཐོག་མའི་ཉིན་གཅིག་གཉིས་ཤིག་གི་ནང་དུ་ཡི་མུག་པའི་གནས་ཚུལ་འབྱུང་ངེས་མོད། འོན་ཀྱང་ཁོ་ཚོའི་གནས་བབ་ངན་པ་དེ་མགྱོགས་མྱུར་ངང་སེལ་འགྲོ་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།