ཀྲུང་གོ་བོད་ཀྱི་དྲ་བ།

དགོང་མོར་ལག་ཁྱེར་ཁ་པར་གྱི་ཁ་བརྒྱབ་ན་འགྱེད་འཕྲོར་གཡོལ་ཐུབ་ཅིང་གློག་ཡང་བསྲིས་ཐུབ་པ་ཞིག་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཤད་སྲོལ་ལྟར་ན། རིག་ནུས་ལག་ཁྱེར་ཁ་པར་ལ་འགྱེད་འཕྲོ་ཡོད་པས། དགོང་མོ་ཉལ་ཁར་གློག་སྒོ་མ་བརྒྱབ་ན། གནོད་པ་མང་པོ་ཡོད་པར་མ་ཟད། ད་དུང་དགོང་མོར་ལག་ཁྱེར་ཁ་པར་གྱི་ཁ་བརྒྱབ་ན་གློག་བསྲིས་ཐུབ་པར་བཤད།

དོན་དངོས་ནི། སི་ཁྲོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གློག་རྡུལ་ཆ་འཕྲིན་ཚན་ཁག་གི་སློབ་དཔོན་ཆེན་མོ་ཅང་ཐའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། བྱེད་ནུས་ཟད་གྲོན་དམའ་བའི་ཁ་པར་ལ་མཚོན་ན། གློག་སྒོ་རྒྱག་ཐེངས་མང་ན་ཁ་པར་གྱི་གློག་ཚད་ཟད་གྲོན་ཧ་ཅང་ཆེ། གཞན། ཉེ་བའི་ལོ་འགར་ཚན་རིག་ཞིབ་འཇུག་མང་པོའི་མཇུག་འབྲས་ལས་མཚོན་པ་ལྟར་ན། ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་པ་དེ་ཀླད་པའི་སྐྲན་ནད་འབྱུང་ཚད་དང་འབྲེལ་བ་མེད་པར་བཤད། 2011ལོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས(ARC)ཀྱིས་ལག་ཁྱེར་ཁ་པར་གྱི་འགྱེད་འཕྲོ་ལས་སྐྲན་ནད་སློང་བའི་ཉེན་ཁ་དེ2Bརིམ་པར་བཞག དེའི་གོ་དོན་ནི“མིའི་རིགས་ལ་སྐྲན་ནད་སློང་བའི་ཉེན་ཁ་ཆུང་བ་དང་། སྲོག་ཆགས་ལ་སྐྲན་ནད་སློང་བའི་བདེན་དཔང་ཁུངས་བཙན་མེད་པར”བསྟན། ད་དུང་ཁ་ཧྥེ་དང་ཚོད་མ་སྙལ་མ་ཡང2Bརིམ་པའི་ནང་དུ་བཞག་པ་རེད།

རིག་ནུས་ལག་ཁྱེར་ཁ་པར་མང་ཤས་ལ་མཚོན་ན། ཉིན་རེར་གློག་སྒོ་རྒྱག་དགོས་དོན་མེད་ལ། ཁ་པར་གྱི་འགྱེད་འཕྲོ་དེས་ལུས་ཕུང་ལ་གནོད་པ་ཡང་བཟོ་མི་ཐུབ། གློག་བསྲི་བའི་ཐད་ནས་བཤད་ན། ཁ་པར་གྱི་གློག་སྒོ་རྒྱག་ཐེངས་མང་ན་གློག་མང་པོ་ཟད་འགྲོ་བ་དང་རྒྱག་ཐེངས་ཉུང་བ་དང་མཁའ་སྐྱོད་སྐབས་ཀྱི་ངང་ཚུལ་བཞག་སྟེ། ཆ་འཕྲིན་དཔེ་དབྱིབས་ལ་གློག་ཉུང་འདོན་བྱས་ན་བཟང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།