ཀྲུང་གོ་བོད་ཀྱི་དྲ་བ།

ཁོག་གཤག་སྦྲུམ་འདོན་དེ་རང་བཞིན་དུ་སྐྱེ་བ་ལས་ལེགས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོག་གཤག་སྦྲུམ་འདོན་ནི་བུ་བཙའི་ཐབས་ཤིག་ཡིན་ཞིང་། མངལ་འཁོར་ནས་གཟའ་འཁོར28སོང་རྗེས་གཤགས་བཅོས་བྱས་ཏེ་མངལ་གནས་ཕྲུ་གུ་འདོན་པའི་ཐབས་ལ་བརྗོད།

གནས་ཚུལ་གང་འདྲ་ཞིག་གི་འོག་ངེས་པར་དུ་ཁོག་གཤག་སྦྲུམ་འདོན་བྱེད་དགོས་སམ། ཁོག་གཤག་སྦྲུམ་འདོན་དར་སོ་ཆེ་བའི་ད་ལྟའི་དུས་སུ་མི་མང་པོ་ཞིག་གིས་ཁོག་གཤག་སྦྲུམ་འདོན་དེ་ཉིད་མྱུར་ལ་བདེ་འཇགས་ལྡན་པ་མ་ཟད་ན་ཟུག་ཆུང་བའི་ངོས་འཛིན་བྱེད་ཀྱི་ཡོད།

དོན་དངོས་ཐོག་གསོ་རིག་གཞུང་ལུགས་ནང་གཤམ་གསལ་གྱི་ནད་རྟགས་ཡོད་ཚེ་གཞི་ནས་ཁོག་གཤག་སྦྲུམ་འདོན་བྱེད་ཆོག་པ་སྟེ།

ཨ་མའི་གཟུགས་པོའི་ཐད།

(1)མཚང་རུས་གུ་དོག་པའམ་ཡང་ན་མཚང་ཁོག་ཏུ་སྐྲན་ནད་ཡོད་པའི་རིགས། སྐྱེ་ལམ་ལ་འགོག་རྐྱེན་འཕྲད་དེ་སྐྱེ་ལམ་གུ་དོག་པོར་གྱུར་ནས་ཟླ་བ་ཚང་བའི་ཕྲུ་གུ་སྐྱེ་མི་ཐུབ་པར་གྱུར་པ།

(2)ཕྲུ་གུ་མ་སྐྱེས་གོང་ཁྲག་དོན་པའི་རིགས། གལ་ཏེ་མདུན་ཆགས་ཤ་མ་དང་ཤ་མ་སྔ་པོ་ནས་བྲལ་ཏེ་ཁྲག་དོན་ཚེ་ཕྲུ་གུ་སྐྱེ་དུས་ཁྲག་མང་པོ་མ་དོན་པ་བྱ་ཆེད་འཕྲལ་དུ་ཁྲག་དོན་མཚམས་ཆད་ཐབས་བྱེད་དགོས་པ།

(3)ལོ་ན་མཐོ་ཞིང་ཕྲུ་གུ་སྐྱེ་ཐེངས་དང་པོའི་སྦྲུམ་མ། ལོ35ལས་མཐོ་བའི་སྦྲུམ་མར་མཉམ་བྱུང་ནད་རིགས་མང་བ་དང་ཕྲུ་གུ་སྐྱེ་སྐབས་བུ་སྣོད་སྐུམ་ཤུགས་ཆུང་བའི་རིགས་ཁོག་གཤག་སྦྲུམ་འདོན་བྱས་ན་འགྲིག

(4)སྐྱེ་ཡུན་འགོར་བའི་རིགས། ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ཧ་ཅང་འགོར་བ།

(5)རྨ་ཤུལ་ཡོད་པའི་བུ་སྣོད་རིགས། དེ་སྔ་སྦྲུམ་མར་ཁོག་གཤག་སྦྲུམ་འདོན་བྱེད་མྱོང་བ་དང་། བུ་སྣོད་ནང་གི་ཤ་སྐྲན་བཀོག་པ། བུ་སྣོད་ལ་རྨས་སྐྱོན་བྱུང་བ་སོགས།

མངལ་གནས་ཕྲུ་གུའི་ཐད།

(1)མངལ་གནས་ཕྲུ་གུར་དཀའ་ངལ་འཕྲད་པ་སྟེ། མངལ་གནས་ཕྲུ་གུའི་སྙིང་ཁ་གཡུག་ཚད་ཐེངས120ནས160ལས་ཉུང་བ་དང་། སྙིང་ཁ་གཡུག་ཚད་བརྟག་དཔྱད་ལས་མངལ་གནས་ཕྲུ་གུར་གསོ་རླུང་མི་འདང་བའམ་འགོ་ཆུར་མངལ་རྟུག་གི་སྦགས་བཙོག་འགོས་པ་མངོན་པ།

(2)ཕྲུ་གུ་ཤིན་ཏུ་ཆེ་བ་སྟེ། མངལ་གནས་ཕྲུ་གུའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ4ལས་བརྒལ་བ།

(3)བུ་སྣོད་ནང་མངལ་གནས་ཕྲུ་གུའི་སྐྱེ་འཚར་ལ་འགོག་རྐྱེན་འཕྲད་དེ་མངལ་ལམ་ནས་སྐྱེ་མི་ཐུབ་པའི་སྔོན་དཔག་བྱས་པ།

(4)སྦྲུམ་གནས་མི་ལེགས་པ། དཔེར་ན་འཕྲེད་གནས་དང་དཔྱི་གནས་སོགས།

(5)མངལ་མང་པོ་འཁོར་བ།

(6)མངལ་གནས་ཕྲུ་གུའི་བཟོ་ལྟ་ཡ་མ་གཟུགས་དང་། མངལ་གནས་ཕྲུ་གུར་ཤ་སྐྲན་ཡོད་པ། དཔེར་ན་གཟུགས་པོ་མཉམ་དུ་འདྲེས་པའི་མངལ་གནས་ཕྲུ་གུ

(7)ལྟེ་ཐག་ལུག་པ་བཅས་སོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།