སའི་གོ་ལ་ཧྲིལ་པོའི་འོད་ཀྱི་སྦགས་བཙོག་རྒྱ་ཁྱོན་ལོ་རེ་བཞིན་འཕར་བཞིན་ཡོད།

ཉེ་ཆར་ཞིབ་འཇུག་ཅིག་ལས་མཚོན་པ་ལྟར་ན། སའི་གོ་ལ་ཧྲིལ་པོའི་འོད་ཀྱི་སྦགས་བཙོག་ཇེ་སྡུག་ཏུ་གྱུར་དང་འགྱུར་བཞིན་ཡོད། 2012ལོ་ནས2016ལོའི་ཟླ10པའི་བར་གྱི་འཁོར་སྐར་ལྟ་ཞིབ་ཚད་ལེན་གྱི་གྲངས་ཀ་ལས་མཚོན་པ་ལྟར་ན། མིའི་ཐབས་ཀྱིས་འོད་འགྱེད་པའི་རྒྱ་ཁྱོན་ལོ་རེར2.2%ལྟར་འཕར་བཞིན་འདུག

ད་ལྟ། LEDའོད་ཁུངས་བཀོལ་ཚད་འཕར་བཞིན་ཡོད། LEDའོད་ཁུངས་ཀྱི་ལས་ཆོད་དེ་འོད་ཁུངས་རྙིང་པ(གློག་ཞུའི་ཤེལ་ཏོག་རྙིང་པའི་དམར་མདོག་དང་ལི་མདོག སེར་མདོག)ལས་མཐོ་བ་དང་། རྒྱུན་འཁྱོངས་དུས་ཚོད་ཀྱང་ཇེ་རིང་ཡིན་པས། གྲོང་ཁྱེར་དང་ཁྱིམ་ཚང་མང་པོས་འོད་ཁུངས་འདི་བཀོལ་ཏེ། འགྲོ་སྒོ་ཉུང་འཕྲི་དང་ཁོར་ཡུག་སྲུང་སྐྱོབ་བྱས། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱིས་བསྡུས་པའི་འདྲ་པར་ལས་མཚོན་པ་ལྟར་ན། གྲོང་ཁྱེར་སྔོན་ཆད་ཀྱི་སེར་པོ་ནས་སྔོན་པོར་གྱུར་ཡོད། དུས་མཚུངས་སུ་གྲོང་ཁྱེར་ཇེ་ཆེར་འཕར་བ་དང་བསྟུན། འོད་གསལ་འཕྲོ་རྒྱ་སྔར་ལས་ཐག་རིང་དུ་སོང་ཡོད། ཡིན་ཡང་ཞིབ་འཇུག་མི་སྣར་སེམས་ཁུར་ཡོད་པ་ཞིག་ནི། ལས་ཆོད་མཐོ་པའིLEDའོད་ཁུངས་བཀོལ་ཚད་ཇེ་ཆེར་འཕར་བཞིན་ཡོད་མོད། འོན་ཀྱང་འོད་ཁུངས་རྙིང་པའི་འཕར་ཚད་ཀྱང་ཧ་ཅང་མགྱོགས་པས། LEDའོད་ཁུངས་ཀྱི་ལེགས་ཆ་ཉམས་ཞན་དུ་གཏོང་ཉེན་ཡོད།

འོད་ཀྱི་སྦགས་བཙོག་སྟེ་མཁའ་དབུགས་སྦགས་བཙོག་ལས་ཉེན་ཁ་ཆེན་པོ་མེད་མོད་ཀྱང་། བདེ་ཐང་ལ་གནོད་པ་ཡོད། དུས་ཚོད་སྐྱེ་དངོས་རིག་པའི་ཆེད་མཁས་པས་བསྟན་དོན། མིའི་བཟོས་འོད་དང་སྒོས་སུ་མིས་བཟོས་འོད་སྔོན་པོས་མི་ཉལ་ཁར་གཉིད་ལས་སློང་སླ་བས། དགོང་མོར་འོད་བཀོལ་བ་མང་ན། སྐྲན་ནད་དང་ཚོ་འབུད་པའི་ཉེན་ཁ་ཡོད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།