ཀྲུང་གོ་བོད་ཀྱི་དྲ་བ།

མོ་ནད་ཚན་ཁག་གི་རྫས་འགྱུར་སྨན་བཅོས་བྱེད་པའི་ནད་པར་བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱེད་པ།(གཉིས་པ།)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྫས་འགྱུར་སྨན་བཅོས་བྱས་པའི་རྗེས།

1. འཇུ་ལམ་ལ་ཐེབས་པའི་འགྱུར་ལྡོག འདི་ནི་རྫས་འགྱུར་སྨན་བཅོས་བྱེད་པའི་ནད་པར་འབྱུང་བའི་རྒྱུན་མཐོང་གི་ཞོར་སྐྱོན་ཞིག་ཡིན་ལ། དེའི་སྣང་ཚུལ་ནི་ཞེ་མེར་བ་དང་སྐྱུག་པ། ཟས་ཀྱི་ཡི་ག་ཆད་པ་སོགས་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན་དུ་རྒྱུན་ལྡན་ལྟར་ན་སྨན་པས་ཕྱིར་མི་སྐྱུག་པའི་སྨན་ཞིག་སྟེར་ལ་སྨན་དེའི་རིགས་ཀྱིས་ཕྱིར་སྐྱུག་པའི་སྣང་ཚུལ་འདི་ལྟ་བུར་སྔོན་འགོག་དང་ཡང་ན་ཉུང་དུ་གཏང་ངེས། གལ་ཏེ་གོང་དུ་བརྗོད་པའི་ནད་རྟགས་དེའི་རིགས་བྱུང་བ་ན་བཟའ་བཅའི་ཐད་ནད་པས་སྐྱ་ཟས་སྐྱ་ཆུའི་རིགས་དང་འཇུ་སླ་བའི་ཟས་རིགས་ཟས་ནས་ཡུ་ག་ཕྱེ་རུ་བཅུག་ནས་ཟས་རིགས་ཕྱིར་སྐྱུག་པར་སྔོན་འགོག་བྱ་དགོས། དེ་མིན་ཟས་སྣ་གཅིག་ཟ་བ་དང་ཟས་གཡོ་སྐོལ་བྱེད་ཚུལ་སོགས་ལ་འགྱུར་བ་བཏང་ནས་ཟས་རིགས་ལ་ཁ་དོག་ལྡན་པ་དང་བྲོ་བ་ལྡན་པ། ཟས་ན་ཞིམ་པ་བཅས་ཉུང་ཙམ་ཉུང་ཙམ་བྱས་ནས་ཐེངས་མང་པོར་ལྡུད་དགོས། དེ་མིན་བཅུད་ཆེན་པོ་མེད་ལ་སྐོམ་པ་སེལ་ཐུབ་པའི་འཁྱགས་ཟས་སྔོ་ཚལ་རོལ་ན་ཡང་ལེགས། ཟ་མ་ཟ་བའི་སྐབས་སུ་ཟས་རིགས་ཁྲོད་བཅའ་ལྒ་རེ་བསྣན་ན་དེས་ཕྱིར་སྐྱུག་པ་སྔོན་འགོག་བྱེད་ཐུབ། དེ་མིན་སྐྱུ་རུ་ར་དང་སྲན་དཀར། རི་སྐྱེས་ཞོག་ཁོག ལ་ཕུག ཚ་ལུ་མའི་ཤུན་པ་སོགས་ལ་སྨན་ནུས་ཡོད་པ་མ་ཟད། ཡི་ག་ཕྱེ་བར་ཡང་ཕན། རྫས་འགྱུར་སྨན་བཅོས་སྐབས་སུ་ཕྲ་ཕུང་དཀར་པོ་དང་ཁྲག་རྔུལ་མར་མི་འབབ་པའི་ཆེད་དུ་ཁྲག་དང་ཤའི་རིགས་མང་པོ་ཟ་དགོས། དཔེར་ན་ནང་ཁྲོལ་དང་ཤ་སྣག ཉ་ཤ བྱ་ཤ རུས་པའི་ཁུ་བ་སོགས་ཉུང་ཙམ་རེ་ཐེངས་མང་པོར་འཐུང་དགོས། དུས་མཉམ་དུ་སྨན་ཡང་བཟང་པོ་སྡེབ་དགོས། དཔེར་ན་ཀླུ་བདུད་རྡོ་རྗེ་དང་སྲད་དཀར། ལྕ་བ། སིལ་དམར། བ་དམ་སོགས་ལྟ་བུ། ཕྱིར་སྐྱུག་པ་ན་མྱུར་དུ་ཆུ་ཁོལ་དྲོན་མོས་ཁ་ནང་བཤལ་རྗེས་ནད་པ་རང་ཉིད་ལ་འཚམ་པའི་འདུག་སྟངས་ལྟར་འདུག་པ་དང་། ཕྱིར་སྐྱུག་བྱེད་པ་ཚབས་ཆེ་བའི་སྐབས་སུ་དུས་ཚོད་ངེས་ཅན་གྱི་ནང་དུ་ཟས་ཟ་རུ་འཇུག་མི་རུང་བར་ཕོ་རྒྱུ་གཉིས་ཀར་ངལ་གསོ་བྱེད་དུ་འཇུག་དགོས། རྫས་འགྱུར་སྨན་བཅོས་བྱས་ཚར་རྗེས་ནད་རྟགས་དེ་དག་ཡང་རིམ་བཞིན་མེད་པར་གྱུར་ནས་ཞེ་མེར་བ་དང་ཕྱིར་སྐྱུག་པ་དེ་ཡང་རིམ་བཞིན་ཇེ་ཉུང་དུ་འགྲོ་སྲིད་པས། སྐབས་དེར་ཟས་རིགས་སྣུམ་ཆེན་དང་མངར་མོ་མི་ཟ་བར་ཟ་ཚད་ཉུང་ལ་ཟས་ཐུན་མང་དུ་བཏང་ནས་ཕྱིར་མི་སྐྱུག་པ་བྱ་དགོས། བར་མཚམས་ཀྱི་དུས་ཚོད་ནི་ཐེངས་རྗེས་མར་མི་སྐྱུག་པའི་དབར་དུ་ཡིན།

2. རྐང་མར་ཚོད་འགོག དེའི་སྣང་ཚུལ་ནི་ཕྲ་ཕུང་དཀར་པོ་དང་ཁྲག་རྔུལ་མར་བབས་པ་ན་ཆམ་པ་ཕོགས་སླ། རྫས་འགྱུར་སྨན་བཅོས་བྱས་རྗེས་དྲོད་གྲང་ལ་མཉམ་བཞག་ནས་ཆམ་པ་ཕོགས་པ་སྔོན་འགོག་བྱེད་དགོས་ཤིང་། ཕྱི་རོལ་དུ་འགུལ་སྐྱོད་བྱེད་བ་དང་ཁྱིམ་མི་ལྟ་རུ་ཡོང་བའི་གྲངས་ཀ་ཡང་ཇེ་ཉུང་དུ་བཏང་ནས་འགོས་ནད་ཕོག་པའི་གོ་སྐབས་ཇེ་ཉུང་དུ་གཏང་དགོས། དེ་ཡང་ནམ་ཟླའི་འགྱུར་ལྡོག་ལ་བསྟུན་ནས་ལྭ་བ་གྱོན་ནས་ཕྲ་ཕུང་དེ 4.0×109/Lདང་ཁྲག་རྔུལ་དེ 8.0×10མན་ལ་མི་འབབ་པར་བྱས་ནས་ནད་ཁང་ནང་དུ་མཁའ་དབུགས་གཙང་སེལ་ལ་ཤུགས་སྣོན་དགོས། ཕྲ་ཕུང་དཀར་མོ་དེ 1.0×109/Lལས་དམའ་དུས་བཀག་སྐྱིལ་ནད་ཁང་དུ་བཅུག་ནས་དམར་ཕྱིའི་འོད་སྐུད་ལ་བརྟེན་ནས་དུག་སེལ་བྱ་དགོས།

3. རིམས་འགོག་བྱེད་ནུས་མཐོར་འདེགས་སུ་གཏོང་བ། དྲི་ལྡན་ཤ་མོ་དང་ཤ་མོ། ཤ་མོ་སྤྲེའུ་མགོ མོག་རོ་སོགས་ཟས་སུ་བཟའ་དགོས།

4. ཁ་སྤུབས་གཉན་ཚད། རྫས་འགྱུར་སྨན་རྫས་ལ་ལ་སྟེ། དཔེར་ན5-ཧྥུ་གཅིན་རྨིས་ཏིན་དང་ཨན་ཏིས་རུའུ་ཀ་བ་སོགས་ཁ་སྤུབས་ཀྱི་སྐྱི་ལྤགས་ལ་ཟུག་གཟེར་ཆེ་ཞིང་། དེའི་སྣང་ཚུལ་ནི་ཁ་ནང་སྐམ་པ་དང་རུལ་འགྱུར་སོགས་འབྱུང་སྲིད་པས་ནད་པས་ཁ་ནང་ལ་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཟ་མ་མ་ཟས་པའི་སྔོན་དང་ཟ་མ་ཟས་རྗེས་དབང་བོའི་རང་བཞིན་གྱི་ཚ་ཆུའི་ཁ་ནང་བཤལ་བ། ནངས་སྔ་མོ་དང་དགོང་ཕྱི་དྲོ་ཁ་ནང་བཀྲུ་དགོས། གལ་ཏེ་སོ་རྩ་རུ་ཁྲག་བཞུར་བ་ན་སེང་རས་གཙང་མས་སོ་གཙང་འཁྲུད་བྱ་དགོས། རྫས་འགྱུར་སྨན་བཅོས་བྱེད་སྐབས་དང་སྨན་བཅོས་བྱས་རྗེས་གཟའ་འཁོར་གཉིས་ཀྱི་ནང་ནི་སྣང་ཚུལ་ཅུང་མི་ལེགས་པོའི་དུས་སྐབས་ཡིན་པས། རྨ་ཁར་གནོད་པ་ཐེབས་པའི་ཟས་རིགས་སོགས་བཟའ་མི་རུང་། དཔེར་ན་ཤིང་ཏོག་སྲ་མོའི་རིགས་དང་སྣུམ་ཀྱིས་བསྲེགས་པའི་རིགས་ཀྱི་ཟས་རིགས་ལྟ་བུའོ།

5. སྙིང་ཁམས་ལ་གནོད་པའི་སྨན་རྫས། སྨན་རྫས་འགའ་ཤས་ཏེ་དཔེར་ན་ཨ་མེས་སུའུ་དང་ཨ་མེས་སུའུ་ཕྱི་མ། ཐང་སྨུག་ཕྲུན་དང་ཐའེ་སུའུ་ཏི་སོགས་ཀྱིས་སྙིང་ཁམས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་པས་སྨན་པས་ངག་བཅོལ་བཞིན་དུས་ལྟར་སྙིང་ཁམས་ལ་ལྟ་བ་དང་སྙིང་གི་སྒྲ་བརྒལ་སོགས་ལ་བརྟག་དཔྱད་བྱ་དགོས། སྙིང་འཕར་བ་དང་དབུགས་འཚང་བ། བྲང་གཟེར་བ། དབུགས་ཧད་པ་སོགས་སྣང་ཚུལ་མི་ལེགས་པ་བྱུང་དུས་དུས་ལྟར་སྨན་བཅོས་བྱ་དགོས།

6. སྐྲ་ཕྱི་བ། ནད་པར་སེམས་ཀྱི་འགྱུར་བའི་ཐད་ནས་མི་བདེ་བའི་ཚོར་བ་མེད་པས་སྐྲ་ཕྱི་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཅིག་གི་ཚབ་ཏུ་འཇོག་དགོས་ཤིང་། སྒོ་ཕྱིར་འགྲོ་དུས་སྐྲ་རྫུན་གྱོན་ཆོག་ལ། སྨན་རྒྱག་མཚམས་བཞག་རྗེས་སྐྲ་ལོ་ཡང་བསྐྱར་སྐྱེས་སྲིད་མོད། འོན་ཀྱང་སྐྲ་ལོའི་ཁ་དོག་དང་རྒྱུ་སྤུས་སོགས་ཕལ་ཆེར་རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན་དང་ཅུང་མི་འདྲ་བ་རེད།

7.བཤང་སྐམ་པ། ནད་པས་རང་ཉིད་ཀྱི་སྐྱག་པར་མཉམ་འཇོག་བྱེད་དགོས་ཤིང་། འོས་འཚམ་གྱིས་འགུལ་སྐྱོད་བྱས་ནས་དུས་ལྟར་ཕྱིར་འདོན་བྱ་དགོས་ཤིང་། ཟས་རིགས་ཁྲོད་དུ་ཡང་ཚི་སྣའི་འདུས་ཚད་སྟུག་པོའི་རིགས་དང་ཆུ་མང་ཙམ་བཏུང་དགོས། གལ་ཏེ་ཉིན2-3ཡི་ནང་སྐྱག་པ་ཕྱིར་འདོན་རྒྱུ་མེད་པ་ན་བཤང་བཀྲུའི་སྨན་རྒྱག་དགོས་ཤིང་། ཆེས་གནད་འགག་གི་སྐབས་སུ་ད་རུང་རྒྱུ་མ་ཡང་བཀྲུ་དགོས། ཉིན་རྒྱུན་ཞོགས་པ་སྔ་མོ་ལངས་ཏེ་རྩ་སྟོང་ལ་ཚྭ་ཆུ་ཤེལ་ཕོར་གང་བཏུང་ན་ལེགས་ཤིང་། གཅིན་སྙི་ཟ་ཁུའི་ནད་མེད་པའི་ནད་པ་དག་གིས་སྦྲང་རྩི་འདྲེས་མའི་ཆུ་བཏུང་ན་བཟང་། ཟས་སྔོན་ངང་ལག་ཟོས་ན་བཤང་སྐམ་སྔོན་འགོག་ཐད་བྱེད་ནུས་ངེས་ཅན་ཐོན་སྲིད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།