ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2020ལོ་ནས་བཟུང་ཡང་བའི་འཁོར་རིགས་ཀྱི“རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཚད་གཞི”ལག་བསྟར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (1).jpg

res07_attpic_brief.jpg

ཟླ12ཚེས23ཉིན་ཁོར་ཡུག་སྲུང་སྐྱོང་པུའུ་དང་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་མཉམ་འབྲེལ་ཐོག

《ཡང་བའི་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་ཚད་བཀག་དང་དེ་བཞིན་ཚད་ལེན་བྱེད་ཐབས(ཀྲུང་གོའི་དུས་མཚམས་དྲུག་པ)》སྟེ་ཡང་བའི་འཁོར་རིགས་ཀྱི“རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཚད་གཞི”ཁྱབ་བསྒྲགས་བྱས་པ་རེད།

ཚད་གཞི་དེར་རྒྱལ་ཁབ་ཀྱིaདྲུག་དངbདྲུག་གི་ཕྱིར་འབུད་ཚད་བཀག་ཇུས་གཞི་གཉིས་ཡོད་པ་དེ2020ལོ་དང2023ལོ་སོ་སོར་ལག་བསྟར་བྱ་རྒྱུ་རེད།

“རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཚད་གཞིའི”ལག་རྩལ་གྱི་ནང་དོན་ཐད་ཚད་བརྒལ་དྲུག་ཡོད་པ་སྟེ།

༡.གོ་ལ་ཧྲིལ་པོའི་ཡང་བའི་འཁོར་རིགས་ཀྱི་གཅིག་གྱུར་ཚད་ལེན་ཚོད་ལྟའི་གོ་རིམ་སྤྱད་དེ་ཚོད་ལྟ་ཁང་གིས་བདེན་མིན་ར་སྤྲོད་བྱས་པའི་ཕྱིར་འབུད་དང་དངོས་སུ་ཕྱིར་འབུད་བྱས་པའི་ཧེ་བག་ཉུང་དུ་ནུས་ལྡན་གཏོང་བ་དང་།

༢.རླངས་འཁོར་སྐྱོད་སྐབས་ཀྱི་རླངས་འབུད་ཀྱི་ཚད་ལེན་ཚོད་ལྟ་སྤྱད་དེ་འཁོར་རིགས་དངོས་སུ་སྐྱོད་སྐབས་ཀྱི་རླངས་འབུད་ཚོད་འཛིན་བྱེད་ཚད་ལེགས་སུ་བཏང་ནས་ཚད་གཞི་ལས་བརྒལ་བའི་གཡོ་རྫུས་ཀྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱེད་པ།

༣.སྣུམ་རིགས་སྙོམས་པོ་སྤྱོད་པའི་རྩ་དོན་བརྒྱུད་ཁྲའེ་སྣུམ་རླངས་འཁོར་གྱི་ཏན་དབྱང་འགྱུར་དངོས་པོ་དང་རླངས་སྣུམ་རླངས་འཁོར་གྱི་རྫས་རྡོག་སྙིགས་རོར་ཅུང་ལྷུག་པ་ཚད་བཀག་མི་བཟོ་རྒྱུ།

༤.ཡལ་རུང་བའི་སྐྱེ་ལྡན་དངོས་པོའི་རླངས་འབུད་ཚོད་འཛིན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ།

༥.རླངས་འཁོར་གྱི་བརྟག་དཔྱད་མ་ལག་གི་རེ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་རླངས་འཁོར་རྦད་དེ་སྐྱོན་ཤོར་བ་མཚོན་པའི་ཨང་ཚབ་ཉར་བའི་རེ་བ་དང་དེ་བཞིན་གཡོ་བཅོས་འགོག་ནུས་ཆེ་རུ་བཏང་སྟེ་རླངས་འཁོར་སྤྱོད་རིང་ཚད་བརྒལ་རླངས་འབུད་བཀག་འགོག་ནུས་ལྡན་བྱེད་པ།

༦.གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་དང་ཐག་གཅོད་བྱེད་ནུས་སྟབས་བདེ་རུ་བཏང་སྟེ་བཀོལ་སྤྱོད་ཐད་ལག་བསྟར་རང་བཞིན་དེ་བས་ལྡན་པ་བྱེད་པ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།