ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

(2017ལོའི་ཟླ3ཚེས13ཉིན་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)    OKhཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ2017ལོའི་ཟླ3ཚེས3ནས་ཚེས13ཉིན་བར་པེ་ཅིང་དུ་འཚོགས།OKhཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུ་འཚོགས་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་བློ་མཐུན་ཚོས་ཚོགས་འདུ་དང་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་ཏེ། ཨུ་ཡོན་རྣམ་པ་དང་མཉམ་དུ་རྒྱལ་ཇུས་གྲོས་མོལ་གནང་། ཨུ་ཡོན་ཚོས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་ཞིང་གྲོས་མོལ་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གསན་ནས་གྲོས་མོལ་གནང་ཞིང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་སྲོལ་དང་དེ་བཞིན2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་མོལ་གནང་བས། གོང་སྨྲས་སྙན་ཞུ་དང་ཡིག་ཆར་མོས་མཐུན་གནང་ཁར་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཚོགས་འདུའི་ཐོག་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་ཞུར་གྲོས་ཞིབ་ཆོག་མཆན་གནང་བ་དང་། ཀྲུའུ་ཞི་གཞོན་པ་མ་ཕའེ་ཧྭ་ཡིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་ཆོག་མཆན་གནང་། ཚོགས་འདུ་དེ་དམ་པ་དོན་གཉེར་དང་ལས་ཆོད་ཆེ་བ་དང་། སྤྱོད་གཙང་གཞུང་དྲང་གི་སྒོ་ནས་ཡོངས་སུ་ལེགས་གྲུབ་བྱུང་བས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོའི་བློ་སྟོབས་ཆེ་སྐྱེད་ཀྱི་བསམ་བློའི་རྣམ་པ་དང་ཧུར་སྐྱེད་སྟོབས་སྤེལ་གྱི་འགན་འཁྲིའི་ཐེག་ཁུར་མཚོན་ཞིང་། དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། མདུན་སྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་རེད།OKhཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། 2016ལོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ལམ་ཁྲོད་ཀྱི་ལོ་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགན་འཁུར་ཕོད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན། དུས་བབ་རྙོག་འཛིང་ལ་ཁ་ལོ་བསྒྱུར་བ། སྒྱུར་བཅོས་གོང་སྤེལ་སྐུལ་ཁྲིད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཕམ་ཐག་ཆོད་དུས་རིམ་གྱི་དཔུང་སྐྱོད་རླབས་ཆེན་བྱེད་འགོ་བརྩམས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་བརྩམས་ཤིང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དམག་བརྡ་བཏང་ཟིན་པས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་ཉིད་ལེགས་སྐྱོང་བཅས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”ལས་འགོ་ཡག་པོ་བརྩམས་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ནན་ཏན་བྱས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས་ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་ཤུགས་འདོན་སྤེལ་བྱས་ཤིང་། བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་ཏན་ཏིག་དང་། སྲིད་དོན་བགྲོ་གླེང་གྲོས་མོལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། དམངས་གཙོའི་ལྟ་སྐུལ་ཕན་ནུས་ཆེ་རུ་བསྐྱེད་པ། མཐུན་སྒྲིལ་དང་མཛའ་འབྲེལ་བྱེད་རྒྱ་ཆེ་རུ་སྐྱེད་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་བྱས་རྗེས་གལ་ཆེན་བཞག་ཡོད།OKhཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་དངོས་སུ་གཏན་འཁེལ་བྱས་པ་ནི། ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། ཏང་ཡོངས་དམག་ཡོངས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀུན་གྱི་ཐུན་མོང་གི་རེ་འདུན་མཚོན་ཏེ། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། མི་དམངས་སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་། སྲིད་གྲོས་ཀྱི་སྒྲུབ་ཞུགས་ལས་ཁུངས་ཁག སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ཏེ་སྔར་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་ཀྱི་འགོ་ཁྲིད་སྲུང་འཛིན་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་དོན་འཁྱོལ་བྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2017ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་དུ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་འཚོག་བྱེད་རྒྱུ་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་གལ་ཆེན་ཞིག་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་སྐུལ་འདེད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐུན་སྦྱོར་སྐུལ་འདེད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གཞི་རྩའི་དགོངས་གཞི་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཡར་ཐོན་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ལོའི་དཔལ་འབྱོར་ལས་དོན་ལེགས་སྒྲུབ་བྱེད་པ་དང་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྲུང་སྐྱོང་བྱེད་པར་གོང་སྤེལ་གྱི་འདུ་ཤེས་གསར་པ་བརྟན་པོ་བཅངས་ནས་ལག་ལེན་དོན་འཁྱོལ་བྱེད་དགོས་ཤིང་། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་འཚམ་ཐབས་དང་དམ་འཛིན་ཁོང་དུ་ཆུད་པ་བཅས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སྐུལ་འདེད་གཙོ་ཐིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས། “གསུམ་དོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་ཟབ་སྤེལ། འཕར་སྣོན་བརྟན་འཇགས་དང་། སྒྱུར་བཅོས་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་ཁེ་སྐྲུན་པ། ཉེན་ཁ་འགོག་སེལ་བཅས་བྱེད་པའི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཨུ་ཡོན་ཚོས་གྲོས་འགོ་བཏོན་དོན། སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔར་བས་དགེ་མཚན་ལྡན་ཞིང་ཕན་ནུས་ཡོད་པའི་ནོར་སྲིད་སྲིད་ཇུས་དང་། གཟབ་བརླིང་དང་རང་བཞིན་སྙོམས་པོའི་དངུལ་ལོར་སྲིད་ཇུས་ལག་བསྟར། ཐོན་ལས་དང་། ས་ཁོངས། མ་འཇོག འཛད་སྤྱོད། རིན་གོང་། ཁོར་ཡུག་སྲུང་སྐྱོང་བཅས་ལ་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་ཀྱི་གཅིག་སྡུད་ཕན་ནུས་ཇེ་ཆེར་གཏོང་བ། ཚོང་ར་དང་། ཁྲིམས་སྐྱོང་། སྲིད་འཛིན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ངར་ལྕགས་དང་། རྡོ་སོལ། སོལ་གློག་སོགས་ཐོན་ལས་ཐོན་ནུས་ལྷག་མ་སེལ་ཐབས་བྱེད་པ། སྡོད་ཁང་གི་གནས་སྡོད་ངོ་བོ་རྒྱུན་འཁྱོངས་བྱས་ནས་དམིགས་ཚད་ལ་སྐུལ་ཁྲིད་ལུགས་མཐུན་བྱེད་པ་དང་། རིགས་བགོས་སྙོམས་འཛིན་བྱེད་ཤུགས་ཆེར་སྐྱེད། གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་པའི་ཁང་གཞིས་ཐོན་ལས་ཀྱི་མཛོད་ཉར་མང་དྲགས་པའི་གནད་དོན་གཙོ་བོར་བྱས་ནས་ཐག་གཅོད་པ། ཧུར་བརྩོན་དང་བརྟན་བརླིང་གི་སྒོ་ནས་བཀན་ཤིང་འོས་འཕྲི་དང་། ཐབས་མང་མཉམ་སྤྱོད་ཀྱིས་མ་གནས་གཅོག་པ། ཁེ་ལས་ཀྱི་ཁྲལ་དངུལ་ཁུར་པོ་ཇེ་ཡང་དུ་གཏོང་བར་བརྩོན་ནས་ཁེ་ལས་ཀྱིས་གོ་ཁྲབ་ཡང་པོ་སྤྲས་ཏེ་གཡུལ་ལ་ཞུགས་པར་འཇུག་དགོས། ལྟ་སྐུལ་དོ་དམ་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་གཞི་ཆེའི་ཞིབ་ནན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་དགོས། ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཆེར་སྐྱེད་ལ་ཤུགས་སྣོན་རྒྱག་པ་དང་། ནོར་ཁྲལ་དང་། དངུལ་རྩ། གཞུང་དབང་ཁེ་ལས་གཞུང་དབང་མ་རྩ། ཐོན་དབང་སྲུང་སྐྱོང་བཅས་ཀྱི་ལམ་ལུགས་དང་སྤྱི་ཚོགས་སྒྲིག་སྲོལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སོགས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཞིང་ལས་དར་སྤེལ་ཤུགས་ཆེན་གཏོང་བ། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་གྲུབ་པའི་ལམ་སྲོལ་དང་བསྡུ་ཉར་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་གོང་སྤེལ་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་བརྟན་བརླིང་གོང་འཕེལ་དང་ཞིང་པ་རྒྱུན་མཐུད་ཡོང་སྤར་ཡོང་བར་སྐུལ་འདེད་གཏོང་དགོས། གསར་གཏོད་སྐུལ་སྤེལ་གོང་སྤེལ་འཐབ་ཇུས་ལག་ལེན་ཟབ་སྤེལ་དང་། གསར་གཏོད་ལ་བརྟེན་ནས་དངོས་གཞིའི་དཔལ་འབྱོར་སྤུས་ཕྱོད་མཉམ་འདེགས་དང་རིམ་སྤར་ཡོང་བར་སྐུལ་ཁྲིད་བྱས་ཏེ། དང་ཐོག་གི་གསར་གཏོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་དུ་གཏོང་བ། ལག་རྩལ་གསར་པ་དང་ལས་རྣམ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་མཐོར་འདེགས་གཏོང་བ། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། “ལག་ཤེས་པའི་སྙིང་སྟོབས”དར་སྤེལ་དང“ཀྲུང་གོའི་ཚོང་རྟགས་གྲགས་ཅན”སྐྲུན་དགོས། ཅིང་ཅིན་ཅི་གསུམ་མཐུན་སྦྱོར་གོང་སྤེལ་དང་། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་གོང་སྤེལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བཅས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་ལེན་ཟབ་སྤེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་སྤེལ་ཏན་ཏིག་བྱེད་པ་དང་། སྒོ་ཀུན་ནས་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས་གོང་སྤེལ་བར་མཐོངས་ཆེ་རུ་སྐྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། མི་དམངས་ལྟེ་གནས་སུ་བྱེད་པའི་གོང་སྤེལ་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་སྔར་བས་ལེགས་སུ་འགན་སྲུང་དང་ལེགས་སྒྱུར་གཏོང་བ་དང་། སྒྱུར་བཅོས་གོང་སྤེལ་གྱི་གྲུབ་འབྲས་ནི་སྔར་བས་མང་བ་དང་སྔར་བས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཨུ་ཡོན་ཚོས་གྲོས་འགོ་བཏོན་དོན། ཆེས་དབུལ་ཕོངས་ས་ཁུལ་ནི་འགག་སྒྲོལ་གྱི་གཙོ་གནད་དུ་བྱས་ཏེ། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་མངོན་གསལ་དུ་འདོན་རྒྱུ་དང་། འགྲིམ་འགྲུལ་དང་། ཆུ་བེད། དངུལ་རྩ། སློབ་གསོ། ཚན་རྩལ། སྨན་བཅོས་སོགས་ཀྱི་དབུལ་སྐྱོར་བྱེད་ཐབས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ནས། སྲིད་ཇུས་ཀྱི་གནད་ལ་འཁེལ་བའི་རང་བཞིན་མཐོར་འདེགས་གཏོང་བ་དང་། དཔྱད་དཔོག་དཔྱད་ཞིབ་གཟབ་ནན་དུ་བཏང་ནས་དབུལ་སྒྲོལ་གྱི་ཕན་འབྲས་འགན་ལེན་ཏན་ཏིག་བྱེད་དགོས། དྲང་སྙོམས་སྤུས་ལེགས་ཀྱི་སློབ་གསོ་ལེགས་པར་གཉེར་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དགོས་མཁོ་སྔར་བས་གང་ལེགས་སུ་སྐོང་ཐབས་བྱེད་དགོས། ཡོང་སྒོ་བགོ་བཤའ་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་བསྒྲུབས་ནས། ཐོན་ནུས་འོས་འཕྲི་བརྒྱུད་རིམ་ཁྲོད་དུ་ལས་བཟོ་པའི་ལས་ཞུགས་དང་ལས་ཀར་བསྐྱར་ཞུགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཐབས་མང་མཉམ་སྤྱོད་དང་ཕྱོགས་མང་མཉམ་འགུལ་གྱིས་སྨུག་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ས་རྒྱུ་དང་ཆུར་བརྫད་སྐྱོན་ཐེབས་པ། གྲོང་གསེབ་ཀྱི་ཁོར་ཡུག་སོགས་བཅོས་སྐྱོང་དམ་འཛིན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་སྤེལ་གཏོང་བ། གཞི་རྩའི་རིག་གནས་ཞབས་འདེགས་ཆ་སྙོམས་ཅན་དུ་འགྱུར་ཚད་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཉམས་སྣང་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ལག་ལེན་དོན་འཁྱོལ་ཟབ་སྤེལ་བྱས་ཏེ། ཁྲིམས་སྐྱོང་ལ་བརྩི་འཇོག་དང་། ཁྲིམས་ལུགས་ལ་གོང་བཀུར། ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་བྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། བྱ་གཞག་རླབས་ཆེན་དང་། ལས་གྲྭ་རླབས་ཆེན། འཐབ་རྩོད་རླབས་ཆེན་བཅས་སྐུལ་འདེད་ཟབ་སྤེལ་གཏོང་བ་ལ་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་དང་། 《དུས་བབ་གསར་པའི་འོག་གི་ཏང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལག་ལེན་དོན་འཁྱོལ་ཟབ་སྤེལ་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་ལེགས་པོ་སྐྲུན་པ་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་ཐེག་ཁུར་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོ་སྐུལ་སྤེལ་ཚོགས་པ་དང་། ཞིང་བཟོ་ཏང་། དགུ་གསུམ་སློབ་ཚོགས་བཅས་ཀྱི་ཨུ་ཡོན་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ལ་གཞིགས་ཏེ། རང་རྒྱལ་གྱི་ཤེས་ལྡན་མི་སྣས་རྒྱལ་ཁབ་དང་མི་དམངས་ལ་བཞག་པའི་མཛད་རྗེས་ཁས་ལེན་གང་ལེགས་གནང་ཞིང་། ཤེས་བྱར་བརྩི་བཀུར་དང་ཤེས་ལྡན་མི་སྣར་བརྩི་བཀུར་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་གནང་བ་དང་། རྒྱ་ཆེའི་ཤེས་ལྡན་མི་སྣས་མེས་རྒྱལ་གྱི་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བར་རེ་བ་ནན་པོ་དང་བླང་བྱ་གསལ་པོ་བཏོན་ཡོད་པས། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་ངོས་འཛིན་དང་། དགའ་གུས། བེད་སྤྱོད། བསྡུ་ལེན། མཉམ་རུབ་བཅས་བྱེད་པའི་དར་སྲོལ་ཡག་པོ་འཕེལ་རྒྱས་ཡོང་ངེས་པ་དང་། རྒྱ་ཆེའི་ཤེས་ལྡན་མི་སྣའི་གསར་གཏོད་ཧུར་བརྩོན་དང་ལས་སྒྲུབ་ལས་འབྱེད་ཀྱི་སྤྲོ་སེམས་ལ་སྐུལ་སློང་བྱེད་ཅིང་། ཤེས་ལྡན་མི་སྣ་གྲངས་མེད་འབྱུང་བ་དང་ནུས་པ་གང་ཡོད་འདོན་སྤེལ་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་དངོས་གནས་ཆགས་པ་ཡོང་ཐུབ། ཨུ་ཡོན་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་ཚོད་ཀྱིས་མི་མི་སྒུག་པའི་བྲེལ་འཚུབ་ཆེ་བའི་འདུ་ཤེས་དང་ང་མིན་སུ་ཡིན་གྱི་འགན་འཁྲིའི་བསམ་པས་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་། རྒྱལ་ཁབ་ཀྱི་བརྩེ་སེམས་རྒྱུན་འཁྱོངས། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱེད་དགོས་ཤིང་། རྒྱལ་ཁབ་གཙུག་ནོར་དུ་འཛིན་པ་དང་། མི་རིགས་གཙུག་ནོར་དུ་འཛིན་པ། མི་དམངས་གཙུག་ནོར་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་དང་བདེན་དོན་བརྩོན་གཉེར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་མིག་དཔེ་བྱེད་དགོས། དཔལ་འབྱོར་འགྲན་རྩོད་ནུས་ཤུགས་ཀྱི་འགག་གནད་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་ཚོད་འཛིན། རྒྱལ་ཁབ་བདེ་འཇགས་ཀྱི་འགྲན་རྩོད་འགངས་ཆེན་བཅས་ལ་དམ་པོར་དམིགས་ནས། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་དཀའ་སྤྱད་འབད་བརྩོན་གྱིས་གསར་གཏོད་འཕེལ་རྒྱས་ལག་ལེན་ནང་རང་འགུལ་ངང་ཞུགས་པ་དང་། གསར་གཏོད་བྱེད་ནུས་འབད་བརྩོན་གྱིས་མཐོར་འདེགས། གསར་གཏོད་ཀྱི་རྩེ་མོར་མུ་མཐུད་འཛེགས་པ་བཅས་བྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནི་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་མདའ་རུ་འཛིན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་ནི་ལས་ཀའི་གཙོ་གནད་དུ་འཛིན་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞབས་འདེགས་ཞུ་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བཅས་བྱེད་པ་ནི་ལོ་ཧྲིལ་པོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བྱས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་བཅས་ལག་བསྟར་ནན་པོ་བྱེད་ཅིང་། བསམ་བློའི་སྣེ་ཁྲིད་དང་། འབྲེལ་བ་མཐུན་སྦྱོར། སྟོབས་ཤུགས་མཉམ་བསྡུ། སྲིད་མོལ་ཇུས་འདོན། སྤྱི་ཡོངས་ཞབས་འདེགས་བཅས་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་པ་དང་། དཔལ་འབྱོར་དོ་སྙོམས་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་གཏོང་དགོས། འགན་སྒྲུབ་ཇུས་འདོན་གྱི་སྤུས་ཚད་དང་ཕན་འབྲས་ཤུགས་ཀྱིས་ཇེ་མཐོར་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་རང་བཞིན་གྱི་ནུས་པར་ཤུགས་སྣོན་རྒྱག་པ། ཇུས་བཏོན་པ་བདེན་ཡོད་ཁུངས་ལྡན་དང་ཐབས་བཏོན་པ་བེད་སྤྱོད་ཆོག་པར་འབད་བརྩོན་བྱེད་པ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། གནད་ལ་འཕིགས་པའི་སྲིད་ཇུས་ལག་ལེན་དུ་བསྟར་བར་དཔྱད་གཞི་འདོན་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྲིད་གྲོས་ནས་སྔར་བས་ནུས་པ་འདོན་པར་ཆ་རྐྱེན་གཏོད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་། གྲངས་ཉུང་མི་རིགས་མང་ཚོགས། ཆོས་དད་མང་ཚོགས་བཅས་ལ་འབྲེལ་གཏུག་དང་འབྲེལ་འདྲིས་སྔར་བས་ཟབ་མོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་གྲལ་རིམ་གསར་པའི་མི་སྣ་སོགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོན་པོའི་རང་སྐྱོང་བྱེད་ཕྱོགས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་གཟབ་ནན་གྱིས་ལས་དོན་བསྒྲུབས་ཏེ། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་དང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ་དང་། “ཐའེ་དབན་རང་བཙན”གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས། ཀང་ཨའོ་སྲིད་ཚོགས་དང་ཚོགས་པ་དེ་བཞིན་འཐུས་མིའི་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་། “དགུ་གཉིས་ཐུན་མོང་ལྟ་བའི”ཐུན་མོང་གི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་བྱས་ནས། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྒོར་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གོང་འཕེལ་ཡོང་བར་རྒྱུན་མཐུད་སྐུལ་སྤེལ་བྱེད་པ། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས། ཕྱིར་སྡོད་སྤུན་ཟླའི་མཐུན་འབྲེལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་ཧུར་ཐག་གིས་སྤེལ་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་པར་མཐོང་ཆེན་གནང་སྟེ། བསམ་བློ་གསར་པ་ལྟ་བ་གསར་པ་བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་སྤེལ་བར་ལམ་ལུགས་ཀྱི་བཀོད་སྒྲིག་བྱེད་པར་གཞི་རྩའི་སྲུང་བྱ་མཁོ་འདོན་བྱས་ཡོད། 《མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར》སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་དམངས་གཙོའི་ལྟ་སྐུལ་ལ་འགོ་ཁྲིད་པར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ་གནས་ངེས་པར་བྱེད་པ་དང་། ལྟ་སྐུལ་གྱི་གཙོ་གནད་དངོས་གནས་འབུར་ཐོན་དང་ལྟ་སྐུལ་བྱེད་ཐབས་བེད་སྤྱོད་ནུས་ལྡན་བྱེད་པ། དམངས་གཙོའི་ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐད་ཆ་དྲང་པོ་བཤད་པ་དང་ཐབས་ཇུས་ལེགས་པོ་འདོན་པ། བསམ་འཆར་འདོན་པ་དང་སྐྱོན་བརྗོད་བྱེད་དགོས། གང་དྲན་ལྷུག་བརྗོད་དང་རང་གི་ལྟ་སྟངས་བཤད་ཐུབ་དགོས་ལ།དཔོག་ཤེས་ཚད་ལྡན་དང་ཁྲིམས་མཐུན་ལུགས་མཐུན་ཀྱང་བྱེད་དགོས། དེ་མ་ཟད་ད་དུང་སྔར་བས་རང་འགུལ་གྱི་སྒོ་ནས་ཀྲུང་གུང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྔར་བས་ཕན་ནུས་ལྡན་པའི་སྒོ་ནས་ཏང་དང་སྲིད་གཞུང་གིས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་པོར་སྒྲུབ་པར་གཞོགས་འདེགས་བྱེད་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ད་ལོ་ནི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ལས་དོན་གྱི་ཆེས་མཐའ་མའི་ལོ་ཡིན། སྐབས་འདིའི་སྲིད་གྲོས་ཀྱིས་འགན་སྒྲུབ་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་ཅིང་། རིགས་པའི་གཞུང་ལུགས་ཐད་ནས་སྤྱི་བསྡོམས་བསྲེགས་བརྡར་དང་ལམ་ལུགས་ཐད་ནས་ཚད་ལྡན་འཐུས་ཚང་བཏང་སྟེ། སྲིད་གྲོས་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་འགན་ནན་སྒྲུབ་ཀྱིས་ལས་འགན་འཁུར་བ་དང་། དངོས་སྒྲུབ་འབད་བརྩོན་གྱིས་རེ་སྒུག་ལ་ཨ་ལན་སློག་པ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་རིན་ཐང་མངོན་པ་བཅས་ཀྱིས་སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་མོལ་མཁས་པ་བཅས་བྱེད་ཅིང་།སྒྲིག་ལམ་བརྩི་སྲུང་དང་།ལུགས་སྲོལ་དང་དོད། གཤིས་སྤྱོད་གཙིགས་འཛིན་བཅས་བྱེད་པ་དང་། རང་འཁུར་ལས་འགན་ལ་ངོ་མི་གནོང་བ་དང་། མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱིས་ཐུན་མོང་ངང་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བར་ལེ་ཚན་གསར་པ་འབྲི་དགོས།OKhཀྲུང་གོ་བོད་ཀྱི་དྲ་བ།

གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། མི་དམངས་སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་། སྲིད་གྲོས་ཀྱི་སྒྲུབ་ཞུགས་ལས་ཁུངས་ཁག སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། གསར་གཏོད་སྲོལ་འབྱེད་དང་སྙིང་སྟོབས་ཆེར་སྐྱེད། གྲུབ་འབྲས་ཕུལ་དུ་བྱུང་བའི་སྒོ་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང“ལོ་བརྒྱ་གཉིས”ཀྱི་རླབས་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས། །OKhཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།