མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་བཅད》ཀྱི་གྲོས་ཆོད།

2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་གྲོས་འཆམས་བྱུང་།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ལས་ཐག་གཅོད་བྱས་དོན།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་བཅད》ཆོག་མཆན་བཀོད་པ་ཡིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་ལག་བསྟར་བྱེད་དགོས‘

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(ཡིག་ཨང9བ)

《 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་བཅད》དེ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང2005ལོའི་ཟླ7པའི་ཚེས29ཉིན་ཆོག་མཆན་བཀོད་ལ། ད་ལྟ་སྤྱི་བསྒྲགས་བྱས་པ་མ་ཟད་ཆོག་མཆན་བཀོད་པའི་ཉིན་ནས་བཟུང་ལག་ཏུ་བསྟར་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།2005ལོའི་ཟླ8པའི་ཚེས3ཉིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས <<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>>བཟོ་བཅོས་བྱེད་པའི་ཐད་ཀྱི་ཐག་བཅད།

(2005ལོའི་ཟླ3པའི་ཚེས6ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་སྟེང་གྲོས་འཆམས་བྱུང་ཞིང་། 2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ལས་ཆོག་མཆན་བཀོད།)

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པ་ལས <<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>> གཤམ་གྱི་བཟོ་བཅོས་བྱེད་པའི་ཐག་བཅད།

གཅིག དོན་ཚན་དང་པོ་བཟོ་བཅོས་བྱས་ནས“<< ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>དང་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁུངས་རང་སྐྱོང་བཅའ་ཁྲིམས>>ཀྱི་གཏན་འཁེལ་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན ” ཞེས་བསྒྱུར།

གཉིས། དོན་ཚན་བཞི་བ་བཟོ་ཟཅོས་བྱས་ནས“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ལ་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། མར་ཁེ་སི་ལའེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིན་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཀྱི་འཛུགས་སྐུན་ལ་ཤུགས་སྣོན་པ། ཚན་སློབ་ལ་བརྟེན་ནས་ཁུལ་དར་སྤེལ་དུ་གཏོང་བའི་ཐབས་ཇུས་ལག་ཏུ་བསྟར་བ། གྲོང་ཞང་མཐུན་སྦྱོར་ངང་གོང་དུ་སྤེལ་བ་ཇེ་མགྱོགས་སུ་གཏོང་བ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་ཏེ་རང་སྐྱོང་ཁུལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་ལྡན་པ་བཅས་ཀྱི་མི་རིགས་རང་སྐྱོང་ས་གནས་སུ་གཏོང་དགོས”ཞེས་བསྒྱུར།

གསུམ། ཚན་པ་ཞིག་ཁ་སྣོན་བྱས་ཏེ་དོན་ཚན་དྲུག་པའི་ཚན་པ་གཉིས་པ་བྱས་ལ། དེ་ནི“རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་ལྟར་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག བབ་བསྟུན་གཏན་འཁེལ་དང་ཁ་སྣོན་གཏན་འཁེལ་བཅས་གཏན་ཕབ་དང་བཟོ་བཅོས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ཏེ་ཆོག་མཆན་བཀོད་ནས་འགྲེམ་སྤེལ་ལག་བསྟར་ཡང་བྱེད་དུ་འཇུག་དགོས”ཞེས་པ་དེ་ཡིན།

བཞི། དོན་ཚན་བདུན་པ་བཟོ་བཅོས་བྱས་ནས“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། མེས་རྒྱལ་ལ་དགའ་བ་དང་མི་རིགས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་ཀུན་སྤྱོད་དར་སྤེལ་བྱེད་དགོས་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རང་ལུགས་དང་སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་ཀྱི་སློབ་གསོ་གཏོང་དགོས་ཤིང་། ཕུགས་བསམ་དང་ཀུན་སྤྱོད།རིག་གནས།སྒྲིག་ཁྲིམས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་དམངས་གསོ་སྐྱོང་བྱས་ཐོག རྒྱུན་ཆད་མེད་པར་རིགས་སོ་སོའི་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་པ་དེ་ཡིན།

ལྔ། དོན་ཚན་དགུ་བའི་ཚན་པ་དང་བོའི་མཇུག་ཏུ"ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་སྣོན་དང་། རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་སྣེ་ཁྲིད་བྱེད་དགོས་"ཞེས་པ་ཁ་བསྣན། ཚན་པ་གསུམ་པའི་ཁྲོད་ཀྱི"ཆོས་ལུགས་བྱ་འགུལ་མཇུག་ཏུ"ཆོས་ལུགས་རིག་གནས་ཤུལ་བཞག"ཅེས་པ་བསྣན་ལ།"སུ་ཡིན་རུང"ཞེས་པའི་མཇུག་ཏུ"རྩ་འཛུགས་དང་མི་སྒེར"ཞེས་པ་བསྣན།" རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོས་པའི་བྱ་འགུལ"ཞེས་པ"རྒྱལ་ཁབ་ཀྱི་སློབ་གསོ་དང་ཁྲིམས་འཛིན། གཉེན་སྒྲིག་ལམ་ལུགས་ལ་བཅས་ལ་འགོག་རྐྱེན་བཟོས་པའི་བྱ་འགུལ།" ཞེས་བཟོ་བཅོས་བྱས་ཤིང་། ལོག་ཆོས་རྩ་འཛུགས་དང་ལོག་ཆོས་བྱ་འགུལ་མཐའ་དག་རྡུང་རྡེག་དང་མེད་བརླག་ཏུ་གཏོང་དགོས"ཞེས་པའི་ཚིག་དེའང་ཁ་བསྣན། 

དྲུག དོན་ཚན་བཅུ་བ་བཟོ་བཅོས་བྱས་ནས"རང་སྐྱོང་ཁུལ་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། གཉེན་སྒྲིག་རང་མོས་ལ་གཏོར་བརླག་གཏོང་བ་གཏན་འགོག་བྱེད་པ་དང་། ཁྱིམ་པའི་སྡུག་སྤྱོད་དང་ཁྱིམ་པ་བར་མནར་སྡུག་གཏོང་བ་དང་ཕྱིར་སྤྱུགས་པ་གཏན་འགོག་བྱེད་དགོས"ཚན་པ་ཞིག་ཁ་སྣོན་བྱས་ནས་འདིའི་ཚན་པ་གཉིས་པ་བྱས་ལ། དེ་ནི"རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་བཏང་སྟེ་འདྲ་མཉམ་སྒོས་སྤྱི་ཚོགས་ལས་དོན་ཁྲོད་དུ་ཞུགས་ཐུབ་ཏུ་འཇུག་དགོས"ཞེས་པ་དེ་ཡིན།

བདུན་པ། དོན་ཚན་བཅུ་གསུམ་པའི་ཚན་པ་དང་བོའི་ཁྲོད་ཀྱི"རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནང་དུ་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་སྟེན་ཨུ་ཡོན་ལྷན་ཁང་བཅས་ཆེད་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ"ཞེས་པ་དེ་བཟོ་བཅོས་བྱས་ནས"རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བྱ་བའི་དགོས་མཁོ་ལྟར་མངའ་འོག་ཏུ་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པ"ཞེས་པར་བསྒྱུར།

བརྒྱད། དོན་ཚན་བཅུ་དྲུག་པའི་ཚན་པ་གསུམ་པ་དེ་ཚན་པ་དང་བོར་བསྒྱུར་ཞིང་། དེ་ལས"བོད་ཀྱི་ཡི་གེར་བསྒྱུར་བའི་སྒྲིག་གཞི"ཞེས་པ་བཟོ་བཅོས་བྱས་ནས"བོད་ཀྱི་སྐད་ཡིག་དོ་དམ་ཡིག་བསྒྱུར་བྱེད་པའི་སྒྲིག་གཞི"ཞེས་དང་།"ཞིབ་འཇུག་དང་ཚད་ལྡན་དུ་བསྒྱུར་བ"ཞེས་པ"ཞིབ་འཇུག་བེད་སྤྱོད"ཅེས་པར་བསྒྱུར། ཚན་པ་གཉིས་པའི་ཁྲོད་ཀྱི"དོན་ལས་སྡེ་ཁག་སོགས་ཀྱི་ཐམ་ག་དང་སྒོ་བྱང་"ཞེས་པའི་མཇུག་ཏུ"ལས་རིས།བསྒྲགས་ཡིག ཚོང་ལས་སྤྱོད་ཡིག"ཅེས་པ་བསྣན།

དགུ། དོན་ཚན་བཅོ་བརྒྱད་པའི་ཚན་པ་གཉིས་པ་བཟོ་བཅོས་བྱས་ནས"རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྲིད་ཇུས་བེད་སྤྱད་དེ། ས་ཆ་གཞན་པའི་རིགས་མི་འདྲ་བའི་ཆེད་ལས་མི་སྣ་གདན་དྲངས་ཏེ་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་སྣ་ཚོགས་སུ་ཞུགས་པར་སྐུལ་མ་གཏོང་དགོས"ཞེས་པར་བསྒྱུར་ལ། ཚན་པ་གསུམ་པ"རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་སྐབས།བོད་རིགས་དང་གཞན་པའི་གྲངས་ཉུང་མི་རིགས་སྤྱི་དམངས་ལ་འོས་འཚམ་གྱིས་དམིགས་བསལ་སྟེར་དགོས"ཞེས་བཟོ་བཅོས་བྱས་ཤིང་། ཚན་པ་བཞི་བ"རང་སྐྱོང་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དུས།ཐོག་མར་གྲངས་ཉུང་མི་རིགས་ཀྱི་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དགོས་པར་མ་ཟད།གྲོང་སྡེ་དང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ནང་ནས་ཀྱང་གདན་ཞུ་དང་བསྡུ་ལེན་བྱེད་ཆོག”ཅེས་བཟོ་བཅོས་བྱས། 

བཅུ། དོན་ཚན་ཉེར་གཅིག་པའི་ཁྲོད་ཀྱི“བོད་རྒྱའི་སྐད་དང་ཡི་གེ་གཉིས་ཀ”ཞེས་པའི་མཇུག་ཏུ“བོད་རྒྱ་སྐད་ཡིག་གཉིས་ཀ་ཤེས་པའི་ལས་སྒྲུབ་མི་སྣ་འོས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས”ཞེས་པ་བསྣན་ལ། ཚན་པ་ཞིག་ཁ་བསྣན་ནས་འདིའི་ཚན་པ་གཉིས་པ་བྱས།དེ་ནི“བཅའ་ཁྲིམས་ཀྱི་གཞུང་ཡིག་ངེས་པར་དུ་དོན་དངོས་ཀྱི་དགོས་མཁོ་ལྟར་དུས་མཉམ་དང་ཡང་ན་སོ་སོར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་བཀོལ་དགོས”ཞེས་པ་དེ་ཡིན།

བཅུ་གཅིག དོན་ཚན་ཉེར་གཉིས་པའི་ཁྲོད་ཀྱི་སྤྱི་ཚོགས་གོང་སྤེལ་གྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་གཞི”ཞེས་པ“སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་དང་དེར་མཐུན་གྱི་སྲིད་ཇུས་བྱེད་ཐབས”ཞེས་བཟོ་བཅོས་བྱས་ལ།ཚན་པ་གཉིས་པ“རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་འཆར་གཞི་དང་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་འཆར་འགོད་ཀྱི་མཛུབ་སྟོན་འོག་ཏུ། རང་ཁུལ་གྱི་ནོར་ཤུགས་དང་དངོས་ཤུགས།དེ་མིན་ཆ་རྐྱེན་གཞན་དག་གཞིར་བཟུང་སྟེ། རང་བདག་གིས་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་ལ་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དུས། རང་སྐྱོང་ཁུལ་གྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ནས་ཆོག་འགོད་ཐོབ་རྗེས་ཆ་སྒྲིག་མ་དངུལ་ཇེ་ཉུང་དུ་གཏོང་བའམ་མེད་པར་གཏོང་བའི་དམིགས་བསལ་ལོངས་སུ་སྤྱད་ཆོག་ཅེས”བཟོ་བཅོས་བྱས།

བཅུ་གཉིས། དོན་ཚན་ཞིག་ཁ་བསྣན་ནས་དོན་ཚན་ཉེར་གསུམ་པ་བྱས་ལ།དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ས་གནས་རང་གི་དཔལ་འབྱོར་གོང་སྤེལ་གྱི་ཁྱད་ཆོས་གཞིར་བཟུང་སྟེ། ཐོན་སྐྱེད་འབྲེལ་བ་དང་དཔལ་འབྱོར་གྲུབ་ཚུལ་འོས་འཚམ་གྱིས་སྡེབ་སྒྲིག་བྱེད་པ་དང་། སྤྱི་ཚོགས་རང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་ལམ་ལུགས་གཙོ་གནད་ཡིན་ཞིང་སྣ་མང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་གོང་སྤེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས”ཞེས་པ་དེ་ཡིན།

བཅུ་གསུམ། དོན་ཚན་ཉེར་གསུམ་པ་དོན་ཚན་ཉེར་བཞི་བར་བསྒྱུར་བར་མ་ཟད། དེ་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཚུལ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་ཤུགས་ཆེན་པོས་སྡེབ་སྒྲིག་བྱེད་དགོས། ཚན་རྩལ་གྱིས་ཞིང་ཕྱུགས་ལས་དར་རྒྱས་སུ་གཏོང་བ་ལག་བསྟར་བྱས་ཏེ་རོང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གོང་དུ་སྤེལ་བ་དང་། ནུས་ལྡན་ཐོན་ལས་འཛུགས་སྤེལ་བྱེད་པ་དང་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་བཏང་ཐོག་རོང་འབྲོག་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས”ཞེས་བཟོ་བཅོས་བྱས།

བཅུ་བཞི། དོན་ཚན་ཞིག་ཁ་བསྣན་ནས་དོན་ཚན་ཉེར་ལྔ་བ་བྱས་ལ། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཐད་མཐོང་ཆེན་བྱེད་པ་དང་ངལ་རྩོལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཤིང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་འོས་མཐུན་གྱི་འཁོར་རྒྱུག་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས”ཞེས་པ་དེ་ཡིན།

བཅོ་ལྔ། དོན་ཚན་ཉེར་བཞི་བ་དེ་དོན་ཚན་ཉེར་དྲུག་པར་བསྒྱུར་ཞིང་།དེའི་ཁྲོད་ཀྱི“རྒྱལ་ཁབ་འཆར་གཞིའི་མཛུབ་སྟོན་འོག་ཁུལ་ནང་གི་གཏེར་ཁ་དང་ཆུ་བོ། མཚེའུ་སོགས་པའི་ཐོན་ཁུངས་དམིགས་བསལ་སྒོས་གསར་གཏོད་དང་བེད་སྤྱོད་བྱེད་རྒྱུ”ཞེས་པ“རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་དང་ཚོང་རའི་དགོས་མཁོ་གཞིར་བཟུང་སྟེ་ཁྲིམས་ལྟར་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་འོས་འཚམ་གྱིས་སྔོག་འདོན་བེད་སྤྱོད་བྱེད་དགོས”ཞེས་བཟོ་བཅོས་བྱས་ལ།“རྒྱལ་ཁབ་དང་ཐུན་མོང་ལ་དབང་བའི་རྩྭ་ཐང་དང་ས་ཞིང་། ནགས་ཚལ་བཅས་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་བཙན་འཛིན་དང་ཉོ་ཚོང་། བོགས་གཏོང་བཅས་དང་ཡང་ན་རྣམ་པ་གཞན་དག་སྤྱད་དེ་ཁྲིམས་འགལ་ནང་བཤུག་བྱེད་མི་ཆོག”ཅེས་པ“རྒྱལ་ཁབ་དང་ཐུན་མོང་ལ་དབང་བའི་ས་ཞིང་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་ཁྲིམས་ལྟར་བཤུག་སྤྲོད་དང་གླས་གཏོང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་བྱེད་ཐབས་འདྲ་མིན་སྤྱད་དེ་ས་ཞིང་དང་རྩྭ་ས། ནགས་ཚར་བཅས་ལ་གཏོར་བརླག་བྱས་མི་ཆོག་ཅིང་། རྩྭ་ས་དང་ནགས་ཚལ།ས་ཞིང་ཐོན་ཁུངས་བཅས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་དགོས”ཞེས་བཟོ་བཅོས་བྱས།

བཅུ་དྲུག དོན་ཚན་ཉེར་ལྔ་བ་དེ་དོན་ཚན་ཉེར་བདུན་པར་བསྒྱུར་ཞིང་། ཚན་པ་དང་པོའི་ཁྲོད་ཀྱི“བལ་ཤ་གཉིས་ལྡན་བལ་ཕྱེད་འཇམ་ལུག་དང་། ཤ་དང་འོ་མ།ཁུལ་བཅས་ལྡན་པའི་ནོར་དང་ར་རྒྱུད་གོང་དུ་སྤེལ་བ། ཕྱུགས་ཟོག་གི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང”ཞེས་པའི་ཚིག་དེ་བླངས་ཤིང་། ཚན་པ་གཉིས་པའི“རང་སྐྱོང་ལས་ཁུངས”ཞེས་པའི་མཇུག་ཏུ“ཕྱུགས་ནད་འགོག་བཅོས་ཀྱི་བྱ་བར་ཤུགས་སྣོན་དགོས་ཤིང་། ཕྱུགས་ནད་འགོག་བཅོས་བྱ་བ་དེ་སྲིད་འཛིན་གཙོ་དཔོན་གྱི་འགན་འཁྲི་ལམ་ལུགས་ལག་ལེན་དུ་བསྟར་དགོས”ཞེས་པ་བསྣན།

བཅུ་བདུན། དོན་ཚན་ཉེར་དྲུག་པ་དེ་དོན་ཚན་ཉེར་བརྒྱད་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་ལྟར་ཕྱུགས་སྐྱོང་དང་རྩྭ་ཕྱུགས་དོ་མཉམ། རྩྭ་ལས་སྔོན་སྤེལ་བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། རྩྭ་སར་བདག་དོམ་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ནས་རྩྭ་སར་དོ་དམ་དང་བེད་སྤྱོད་བྱེད་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། རྩྭ་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩྭ་སའི་ཐད་སུས་བེད་སྤྱོད་བྱེད་ན་དེས་དོ་དམ་དང་འཛུགས་སྐྲུན་བྱེད་པ་དང་། ཕན་འབྲས་ལེན་པ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་དགོས། མང་ཚོགས་ཀྱི་སྔོན་ཐོན་ལག་རྩལ་བཀོལ་ནས་མིས་བསྐྲུན་རྩྭ་ས་དང་གཟན་རྩྭ་གཟན་ཆས་ཀྱི་རྟེན་གཞི་འཛུགས་པར་སྐུལ་སློང་བྱེད་དགོས”ཞེས་དང་། ཚན་པ་གཉིས་པ“རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་གཏན་ཕབ་དང་གཅིག་གྱུར་གྱི་འཆར་འགོད་ལྟར། རི་རྒོད་དང་ལ་རྒོད།ས་རྒོད། ཐང་རྒོད་བཅས་ཐུན་མོང་དང་མི་སྒེར་ལ་བགོས་ནས་སྡོང་འཛུགས་རྩྭ་འདེབས་བྱེད་པ་དང་། སུས་འཛུགས་འདེབས་བྱས་ན་སུས་ཕན་འབྲས་གཉེར་བའི་སྲིད་ཇུས་ཡུན་རིང་བོར་མི་འགྱུར་ཞིང་། སྡོང་འཛུགས་རྩྭ་འདེབས་བྱས་ནས་གྲུབ་འབྲས་ཕུལ་བྱུང་བླངས་པ་ལ་དགའ་རྟགས་དང་གཟེངས་བསྟོད་གནང་དགོས”ཞེས་བཟོ་བཅོས་བྱས།

བཅོ་བརྒྱད། དོན་ཚན་ཉེར་བདུན་པ་དེ་དོན་ཚན་ཉེར་དགུ་བར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ས་ཞིང་དོ་དམ་ལ་ཤུགས་སྣོན་པ་དང་ཞིང་ས་གང་འདོད་དུ་བདག་འཛིན་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས། ཞིང་ལས་ས་ཁུལ་དང་ཞིང་ལས་ས་ཁུལ་ཆུང་བར་ཞིང་ལས་དཔལ་འབྱོར་རྨང་གཞི་བྱས་ཏེ་ཞིང་ཕྱུགས་ནགས་གསུམ་ཟུང་འབྲེལ་སྒོས་སྣ་མང་བདག་གཉེར་དང་སྒོ་ཀུན་ནས་གོང་དུ་སྤེལ་བའི་བྱེད་ཕྱོགས་ལག་ལེན་དུ་བསྟར་དགོས། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ཇེ་བརྟན་དུ་བཏང་སྟེ་སྔོན་ཐོན་གྱི་དངོས་བཀོལ་ཞིང་ལས་ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བར་ཧུར་བརྩོན་བྱེད་པ། ཞིང་སའི་ཆུ་བེད་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ་དང་ཐོན་སྐྱེད་ཆ་རྐྱེན་ལེགས་སྒྱུར་བཅས་བྱས་ནས་ཞིང་ཕྱུགས་ནགས་གསུམ་གྱི་ཐོན་སྐྱེད་བརྟན་བརླིང་གིས་གོང་དུ་སྤེལ་དགོས”ཞེས་བཟོ་བཅོས་བྱས། སྔོན་གྱི་ཚན་པ་གཉིས་པ་བླངས།

བཅུ་དགུ། དོན་ཚན་ཉེར་བརྒྱད་པ་དེ་དོན་ཚན་སུམ་ཅུ་བར་བསྒྱུར་ལ། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་དུ་མུ་མཐུད་དུ་ཐོན་སྐྱེད་ཁྱིམ་འབྲེལ་དང་རྩྭ་སར་འགན་ལེན་བྱེད་པ། གཅིག་གྱུར་དང་བགོ་འགྲེམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་རིམ་གཉིས་བདག་གཉེར་ལམ་ལུགས་ཇེ་བརྟན་དང་འཐུས་ཚང་དུ་གཏོང་དགོས་ཤིང་། རང་འབྲོག་པར་སྐུལ་སློང་སྒོས་ཁྲིམས་ལྟར་དང་རང་མོས་ཡིན་པ། ཕན་ཚུན་ལ་ཕན་པ། རིན་དོད་ཡོད་པ་བཅས་ཀྱི་རྩ་དོན་ལྟར་ས་ཞིང་དང་རྩྭ་སའི་འགན་ལེན་ལས་གཉེར་དབང་ཆ་བརྒྱུད་སྤྲོད་བྱེད་པ་དང་། རིམ་གྱིས་གཞི་ཁྱོན་ཅན་གྱི་ལས་གཉེར་གོང་དུ་སྤེལ་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་ཞིང་ཕྱུགས་ལས་ཐོན་ལས་ཀྱི་བདག་གཉེར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས”ཞེས་བཟོ་བཅོས་བྱས།

ཉི་ཤུ། དོན་ཚན་ཉེར་དགུ་བ་དེ་དོན་ཚན་སོར་གཅིག་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་གཏེར་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་བདག་སྐྱོང་ཐད་ཤུགས་སྣོན་པ་དང་། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་རི་བཀག་ནགས་གསོ་རྩྭ་གསོ་བྱེད་པ་དང་ནགས་རྩྭའི་སྤང་ཤུན་སླར་གསོ་བྱེད་དགོས་ཤིང་། ནགས་འཛུགས་རྩྭ་འདེབས་དང་མཁར་གྲོང་ངམ་ལྷས་ར་ལྗང་སྒྱུར་བྱེད་པར་སྐུལ་སློང་བྱེད་དགོས“ཞེས་བཟོ་བཅོས་བྱས་ཡོད། དོན་ཚན་ཉེར་དྲུག་པའི་ཚན་པ་གཉིས་པ་འདིའི་ཚན་པ་གཉིས་པ་བྱས། དོན་ཚན་ཉེར་དགུ་བའི་ཚན་པ་བཞི་བ་འདིའི་ཚན་པ་གསུམ་པ་བྱས།

ཉེར་གཅིག དོན་ཚན་སུམ་ཅུ་བ་དོན་ཚན་སོ་གཉིས་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་དབུལ་ཕོངས་ས་ཆ་དང་དབུལ་བོར་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཧུར་ཐག་གིས་རྒྱལ་ཁབ་དང་གོང་རིམ་མི་དམངས་སྲིད་གཞུང་ནས་དངུལ་རྩ་དང་རྒྱུ་རྫས། ལག་རྩལ།ཤེས་ལྡན་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་འཐོབ་པར་བརྩོན་ལེན་བྱས་ཏེ། དབུལ་ཕོངས་ས་ཆ་དང་དབུལ་བོར་རོགས་རམ་བྱས་ནས་མགྱོགས་མྱུར་གྱིས་དབུལ་ཕོངས་ལས་ཐར་ཞིང་འབྱོར་འབྲིང་མངོན་འགྱུར་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

ཉེར་གཉིས། དོན་ཚན་སོ་གཅིག་པ་དོན་ཚན་སོ་གསུམ་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤུགས་ཆེན་པོས་ཁེ་ལས་སྒྲིག་གཞི་བཅོས་སྒྱུར་དང་གསར་སྐྲུན་དོ་དམ་བྱེད་པ་དང་། ཧུར་ཐག་གིས་མ་རྐང་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ་སྣ་འདུས་དཔལ་འབྱོར་གོང་དུ་སྤེལ་བ་དང་། སྣ་མང་ཅན་གྱི་མ་འཇོག་སྒྲིག་གཞི་ལག་ཏུ་བསྟར་དགོས། དེང་རབས་ཀྱི་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཀུང་ཟི་བཅའ་ཁྲིམས་ལག་ཏུ་བསྟར་བ་དང་ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་ཚང་དུ་གཏོང་དགོས་ཤིང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་སྟེ། ལག་རྩལ་གསར་སྒྱུར་དང་ལག་རྩལ་གསར་གཏོད་ཇེ་མགྱོགས་སུ་བཏང་ནས། སྲོལ་རྒྱུན་གྱི་ཐོན་ལས་དང་རྐང་འཛིན་ཁེ་ལས་སྒྱུར་བཟོ་བྱེད་པ་དང་། གཙོ་བོ་ཞིང་ཕྱུགས་དང་ཆུ་གློག གཏེར་ཁུངས། ཡུལ་སྐོར་སོགས་སྲོག་འཛིན་ཁེ་ལས་བཙུགས་ཐོག་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཀྲུང་བོད་སྨན་རྩྭ། བཙོ་སྦྱོང་། ཨར་ལས་རྒྱུ་ཆ་སོགས་ནུས་ལྡན་ཐོན་ལས་གང་མྱུར་གྱིས་གོང་དུ་སྤེལ་བ་དང་། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྤྱོད་རྫས་ཐོན་སྐྱེད་གོང་དུ་སྤེལ་བར་མཐོང་ཆེན་བྱ་དགོས་ཤིང་། མ་དངུལ་དང་ཁྲལ་སྡུད། མཁོ་སྤྲོད་བཅས་ཀྱི་ཕྱོགས་སུ་ལྟ་སྐྱོང་དང་རོགས་རམ་བྱེད་དགོས”ཞེས་བཟོ་བཅོས་བྱས། ཚན་པ་གསུམ་པ་དང་བཞི་བ་བླངས།

ཉེར་གསུམ། དོན་ཚན་སོ་གཉིས་པ་དེ་དོན་ཚན་སོ་བཞི་བར་བསྒྱུར་ཞིང་། ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་གིས་ཐུན་མོང་ངམ་སྒེར་གཉེར་གྱི་ཁེ་ལས་ལ་སྐུལ་སློང་དང་རོགས་སྐྱོར་བྱས་ནས། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། འཐུ་གསོག་ལས་རིགས། ཞིང་ཕྱུགས་ནགས་གསུམ་ཐད་ཀྱི་ཞོར་ཐོན་དངོས་རྫས་ལས་སྣོན་ལས་རིགས། སྐྱེལ་འདྲེན་ལས་རིགས། རྩིག་བཟོ་ལས་རིགས། ཁང་སའི་ཐོན་ལས་ལས་རིགས། ཞབས་ཞུ་ལས་རིགས་བཅས་གོང་དུ་སྤེལ་དགོས”ཞེས་བཟོ་བཅོས་བྱས།

ཉེར་བཞི། དོན་ཚན་སོ་གསུམ་པ་དེ་དོན་ཚན་སོ་ལྔ་བར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁེ་ལས་དང་དོན་ལས་སྡེ་ཁག་ལ་སྐུལ་སློང་བྱས་ནས། དར་རྒྱས་ས་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་ལ་དཔལ་འབྱོར་དང་ལག་རྩལ་ཐད་ནས་མཉམ་འབྲེལ་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྲིད་ཇུས་གཏན་ཕབ་བྱས་ཏེ་ཕྱིར་རོལ་གྱི་མ་དངུལ་འདྲེན་པར་སྣེ་ཁྲིད་དང་སྐུལ་སློང་བྱེད་པ་དང་། དཔལ་འབྱོར་དང་ལག་རྩལ་མཉམ་འབྲེལ་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

ཉེར་ལྔ། དོན་ཚན་སོ་བཞི་བ་དེ་དོན་ཚན་སོ་དྲུག་པར་བསྒྱུར་ཞིང་། དེའི་ནང་དོན“རྒྱལ་ཁབ་ཀྱི་སྤྱི་ཁོག་ཚོད་འཛིན་བྱེད་པའི་མཛུབ་སྟོན་འོག་ཏུ། ཧུར་ཐག་གིས་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། བརྡ་འཕྲིན། གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྤྱོད་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་པོར་བསྒྲུབ་ཏེ་འཛུགས་སྐྲུན་གྱི་གོ་རིམ་ལ་གཟབ་ནན་བྱེད་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད། 

ཉེར་དྲུག དོན་ཚན་སོ་ལྔ་བ་བླངས།

ཉེར་བདུན། དོན་ཚན་སོ་དྲུག་པ་དེ་དོན་ཚན་སོ་བདུན་པར་བསྒྱུར་ཞིང་། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་རའི་དཔལ་འབྱོར་སྒྲིག་རིམ་དག་ཐེར་དང་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཚོང་རའི་དཔལ་འབྱོར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ལས་རིགས་སྒེར་སྡེམ་དང་ས་གནས་བཀག་སྡོམ་མེད་པར་བཟོས་ཏེ། ཚོང་རྫས་དང་ཐོན་སྐྱེད་རྒྱུ་ཆ་རིམ་ལྡན་གྱིས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བྱེད་དགོས། ཚན་པ་གསུམ་པ་བླངས། རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་གིས་ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་གོང་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་རང་སྐྱོང་ཁུལ་གྱི་ཐོན་རྫས་ལེགས་པོ་ཕྱིར་གཏོང་བར་སྐུལ་ཁྲིད་བྱེད་པ་དང་ཐོབ་བྱུང་གི་ཕྱི་སྒོར་རང་ཉིད་ཀྱིས་བཀོད་སྒྲིག་སྒོས་བེད་སྤྱོད་བྱས་ཆོག”ཞེས་བཟོ་བཅོས་བྱས་ཡོད།

ཉེར་བརྒྱད། དོན་ཚན་སོ་བདུན་པ་བླངས།

ཉེར་དགུ དོན་ཚན་སོ་བརྒྱད་པ་བཟོ་བཅོས་བྱས་ཏེ“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་འཆར་འགོད། འཛུགས་སྐྲུན་དང་དོ་དམ་བཅས་ལ་ཤུགས་སྣོན་པ་དང་། འཆར་འགོད་དང་འཛུགས་སྐྲུན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བྱེད་དགོས། རོང་འབྲོག་ཁུལ་དུ་མཁར་གྲོང་ཆུང་བ་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས་”ཞེས་བྲིས་ཡོད།

སུམ་ཅུ། དོན་ཚན་སོ་དགུ་བ“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་ཞང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱས་ཏེ། འབག་བཙོག་དང་གཞན་པའི་སྤྱིའི་གནོད་འཚེ་སྔོན་འགོག་བྱེད་པ་དང་། རེས་འཁོར་དཔལ་འབྱོར་གོང་དུ་སྤེལ་ནས་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་གསུམ་མཐུན་སྦྱོར་དང་གོང་དུ་འཕེལ་བ་མངོན་འགྱུར་བྱས་ཐོག རྒྱུན་མཐུད་ནས་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་དགོས”ཞེས་བཟོ་བཅོས་བྱས།

སོ་གཅིག དོན་ཚན་གཅིག་ཁ་བསྣན་ཏེ་དོན་ཚན་བཞི་བཅུ་བར་བརྩིས། དེའི་ནང་དོན་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བར་མཐོང་ཆེན་བྱེད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་རྨང་གཞི་སྒྲིག་ཆས་ཐད་གཏོང་བའི་མ་དངུལ་ཇེ་མང་དུ་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་བཅས་ཀྱི་སྲུང་སྐྱོབ་དང་དོ་དམ། གསར་འབྱེད་བེད་སྤྱོད་སོགས་ལ་ཤུགས་སྣོན་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་གནས་གསར་བ་ཞིག་ཏུ་འགྱུར་བར་སྐུལ་སྤེལ་བྱེད་པ།”ཞེས་བྲིས་ཡོད།

སོ་གཉིས། ལེའུ་ལྔ་བའི་ཁ་བྱང“ནོར་སྲིད་དོ་དམ”ཞེས་པ“ནོར་སྲིད་དངུལ་རྩ”ཞེས་བཟོ་བཅོས་བྱས།

སོ་གསུམ། དོན་ཚན་བཞི་བཅུ་བ་དེ་ཞེ་གཅིག་པར་བསྒྱུར་ཞིང་། ཚན་པ་ཞིག་ཁ་བསྣན་ནས་འདིའི་ཚན་པ་གསུམ་པ་བྱས་ལ། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད་ལམ་ལུགས་གཞིར་བཟུང་སྟེ། རྒྱལ་ཁབ་དང་གོང་རིམ་སྡེ་ཁག་གི་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད་དང་ཆེད་སྤྱོད་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད། མི་རིགས་དམིགས་བསལ་སྲིད་ཇུས་ཀྱི་རྒྱུད་སྤོར་གཏོང་སྤྲོད། དེ་མིན་རྣམ་པ་གཞན་པའི་དམིགས་བསལ་ལོངས་སུ་སྤྱོད་རྒྱུ”དེ་ཡིན། ཚན་པ་གསུམ་པ་དང་བཞི་བ་མཉམ་དུ་བསྲེས་ནས་འདིའི་ཚན་པ་བཞི་བ་བྱས་ལ། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་ཁུལ་གཏོགས་རྫོང་ལ་ཁྲལ་རིགས་ཁག་བགོ་དང་རིམ་འབྱེད་དོ་དམ་གྱི་ནོར་སྲིད་ལམ་ལུགས་ལག་བསྟར་བྱེད་པ་དང་། རྫོང་དང་ཞང(གྲོང་རྡལ)རིམ་པ་གཉིས་ཀྱི་ནོར་སྲིད་དོ་དམ་ལ་ཤུགས་སྣོན་དགོས”ཞེས་པ་དེ་ཡིན།

སོ་བཞི། དོན་ཚན་ཞེ་གཉིས་པ་དེ་ཞེ་གསུམ་པར་བསྒྱུར་ཞིང་། ཚན་པ་དང་བོ་ཁྲོད་ཀྱི“དཔྱ་ཁྲལ་འཕྲི་གཅོག་བྱེད་ན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་ལག་བསྟར་བྱ་རྒྱུ”ཞེས་པ་དེ“མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་དཔྱ་ཁྲལ་འཕྲི་གཅོག་གི་བྱ་བ་ལག་ཏུ་བསྟར་དགོས”ཞེས་དང་། ཚན་པ་གཉིས་པ་ཁྲོད་ཀྱི“རང་སྐྱོང་ཁུལ་ལ་བསྡུར་ཚད་ངེས་ཅན་གྱི་ཁྲལ་འབབ་ཆ་བགོས་འཐེན་ཉར་བྱེད་དགོས”ཞེས་པ་དེ“རང་སྐྱོང་ཁུལ་ལ་བསྡུར་ཚད་ངེས་ཅན་གྱི་ཁེ་ཕན་ཁ་གསབ་སྟེར་བ་དང་།ས་གནས་དཔལ་འབྱོར་གོང་དུ་སྤེལ་བར་རོགས་སྐྱོར་བྱས་ཏེ་ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལྟ་སྐྱོང་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

སོ་ལྔ། དོན་ཚན་གཅིག་ཁ་སྣོན་བྱས་ཏེ་དོན་ཚན་ཞེ་ལྔ་བར་བསྒྱུར་ཞིང་། དེ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ནོར་སྲིད། ཁྲལ་བསྡུ། དངུལ་རྩ་དང་ཡིད་རྟོན་དངུལ་བུན་སོགས་ཀྱི་ཕྱོགས་ནས་དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གོང་དུ་སྤེལ་བར་རོགས་རམ་བྱེད་དགོས”ཞེས་པ་དེ་ཡིན།

སོ་དྲུག དོན་ཚན་གཅིག་ཁ་བསྣན་ནས་དོན་ཚན་ཞེ་དྲུག་པར་བསྒྱུར་ཞིང་། དེ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་དམིགས་ནས། བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ས་གནས་ཚོང་ལས་དངུལ་ཁང་དང་ཞིང་སྡེ་ཡིད་རྟོན་མཉམ་སྒྲུབ་རྩ་འཛུགས་འཛུགས་པ་དང་། དངུལ་རྩས་རང་སྐྱོང་ཁུལ་གྱི་བརྟན་འཇགས་མ་དངུལ་ལས་གཞི་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས”ཞེས་པ་དེ་ཡིན།

སོ་བདུན། དོན་ཚན་ཞེ་ལྔ་བ་དེ་དོན་ཚན་ཞེ་བརྒྱད་པར་བསྒྱུར་བར་མ་ཟད། དེའི་ཚན་པ་གཉིས་པ་བཟོ་བཅོས་བྱས་ནས“རང་སྐྱོང་ལས་ཁུངས་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། མཐོ་འབྲིང་དཀྱུས་མའི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ་ལ་ཤུགས་སྣོན་པ་དང་། སློབ་གྲྭར་མ་ཞུགས་སྔོན་གྱི་བྱིས་པའི་སློབ་གསོ་དང་དར་མའི་སློབ་གསོ་ལ་མཐོང་ཆེན་བྱེད་པ། རྒྱང་སྤེལ་སློབ་གསོ་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས”ཞེས་བསྒྱུར་ཡོད། ཚན་པ་ཞིག་ཁ་བསྣན་ནས་འདིའི་ཚན་པ་གསུམ་པ་བྱས་ཤིང་། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་ལ་དམིགས་གསལ་སློབ་གསོའི་སློབ་གྲྭ་(འཛིན་གྲྭ)སྒྲུབ་དགོས”ཞེས་པ་དེ་ཡིན།

སོ་བརྒྱད། དོན་ཚན་ཞེ་དྲུག་པ་དེ་ཞེ་དགུ་བར་བསྒྱུར་བ་མ་ཟད། “ལྷས་ར་དང་སྒྲིག་ཆས”ཟེར་བ“ལྷས་ར་སྒྲིག་ཆས་དང་གོང་སྤེལ་རྟེན་གཞི”ཞེས་བཟོ་བཅོས་བྱས་ཡོད།

སོ་དགུ། དོན་ཚན་ཞེ་བརྒྱད་པའི་ཚན་པ་དང་བོ་དེ་དོན་ཚན་ལྔ་གཅིག་པར་བསྒྱུར་ཞིང་། ཚན་པ་གཉིས་པ“རང་སྐྱོང་ལས་ཁུངས་ཀྱིས་ལོ་རེར་བསྡུར་ཚད་ངེས་ཅན་ཞིག་གི་མ་དངུལ་བཏང་ནས། ལས་རིགས་ལག་རྩལ་སློབ་གསོ་དང་རོང་འབྲོག་པའི་ཚན་རྩལ་གསོ་སྦྱོང་ལ་ཤུགས་སྣོན་དགོས”ཞེས་བཟོ་བཅོས་བྱས།

བཞི་བཅུ། ནང་དོན་ཚན་པ་ཞིག་ཁ་བསྣན་ནས་དོན་ཚན་ང་གཉིས་བར་བསྒྱུར་ཞིང་། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུང་ཀྱིས་རྨོངས་སེལ་བྱ་བར་ཤུགས་སྣོན་པ་དང་། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་དགོས་བ་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་རིག་གནས་དང་ཚན་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས།”ཞེས་པ་དེ་ཡིན།

ཞེ་གཅིག དོན་ཚན་ཞེ་དགུ་བ་དེ་དོན་ཚན་ལྔ་གསུམ་པར་བསྒྱུར་བར་མ་ཟད་དེ་ལས“རང་བདག་གི་ཐག་གཅོད”ཅེས་པ“གཏན་ཕབ”ཅེས་བཟོ་བཅོས་བྱས།

ཞེ་གཉིས། དོན་ཚན་ལྔ་བཅུ་བ་དེ་དོན་ཚན་ང་བཞི་བར་བསྒྱུར་ཞིང་། ཚན་པ་དང་པོ་ཁྲོད་ཀྱི་“མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང་རོལ་མོ། ཞབས་བྲོ། མཛེས་རྩལ། ཟློས་གར་བཅས”ཞེས་པའི་ཚིག་དེ“མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང་སྒྱུ་རྩལ་གོང་དུ་སྤེལ་བ”ཞེས་བཟོ་བཅོས་བྱས་ཤིང་། ཚན་པ་གཉིས་པ“རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་སྒོས་རྒྱང་བསྒྲགས་དང་གློག་བརྙན། བརྙན་འཕྲིན། གསར་འགྱུར། དཔེ་ཆ་དཔར་འགྲེམ་བཅས་ཀྱི་བྱ་བར་སྐུལ་སྤེལ་བྱེད་པ་དང་། རིག་གནས་ཚོང་རའི་འཛུགས་བསྐྲུན་དང་དོ་དམ་ལ་ཤུགས་བསྣན་ཏེ་མི་རིགས་ཀྱི་རིག་གནས་ལས་དོན་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

ཞེ་གསུམ། དོན་ཚན་ང་གཅིག་པ་དེ་ང་ལྔ་བར་བསྒྱུར་ཞིང་། ཚན་པ་དང་པོ་ཁྲོད་ཀྱི“ས་གནས་ནད་ཀྱི་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ”ཞེས་པ་དེ“ས་གནས་ནད་ཡམས་དང་འགོས་ནད། ལས་རིགས་ནད་ཡམས་བཅས་ཀྱི་འགོག་བཅོས་བྱ་བར་ཤུགས་བསྣན”ཞེས་དང་། “ཀྲུང་བོད་ཕྱི་སྨན་མཉམ་གཙོ་བྱེད་པའི་བྱེད་ཕྱོགས”ཞེས་པའི་མཇུག་ཏུ“ཐོལ་བྱུང་གི་སྤྱི་ཁྱབ་ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱ་བར་ཤུགས་སྣོན་དགོས”ཞེས་བསྣན་ལ། “མ་བུའི་བདེ་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས”ཞེས་བ“སྐྱེས་མ་དང་བྱིས་པའི་བདེ་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས”ཞེས་བཟོ་བཅོས་བྱས། ཚན་པ་གཉིས་པ་ཁྲོད་ཀྱི་“སྨན་བཅོས་འཕྲོད་སྟེན་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ”ཞེས་པ་དེ“སྨན་བཅོས་ནད་འགོག་བདེ་ཐང་བཅས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས”ཞེས་བཟོ་བཅོས་བྱས་པ་ལ། “མི་རིགས་སོ་སོའི་སྨན་བཅོས་མི་སྣ་སྐྱེད་སྲིང”ཞེས་པའི་མཇུག་ཏུ“ཀྲུང་བོད་སྨན་རྫས་སོགས་མི་རིགས་སྨན་རྫས་སྔོག་འདོན་བྱེད་པ”ཞེས་བསྣན་པ་དང་། “བོད་ཀྱི་གསོ་རིགས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ཏེ་བོད་ཀྱི་གསོ་རིགས་ཤུལ་འཛིན་དང་གོང་དུ་སྤེལ་རྒྱུ” ཞེས་པ“བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་དང་རྒྱུན་འཛིན། གོང་སྤེལ་བཅས་ལ་ཤུགས་སྣོན་པ”ཞེས་བཟོ་བཅོས་བྱས་ཤིང་། “མི་རང་སྒེར་གྱིས་སྨན་བཅོས་བྱེད་པ་ཁས་ལེན་རྒྱུ”ཞེས་པ“སྨན་པ་དཀའ་བཅུ་བའི་ལས་གཉེར་ཆོག་བཀོད་ལམ་ལུགས་ལག་བསྟར་བྱེད་དགོས”ཞེས་བཟོ་བཅོས་བྱས་ལ། ཚན་པ་ཞིག་ཁ་བསྣན་ནས་འདིའི་ཚན་པ་གསུམ་པ་ཞེས་པ་དང་། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་རང་ས་གནས་ཀྱི་དོན་དངོས་གཞིར་བཟུང་སྟེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམ་བཞིན་རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་མ་ལག་འཐུས་ཚང་དུ་བཏང་སྟེ་མཉམ་ལས་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱེདཔ་དང་། རོལ་འབྲོག་ཁུལ་གྱི་མི་རེ་རེ་ཚང་མས་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས”ཞེས་པ་དེ་ཡིན།

ཞེ་བཞི། དོན་ཚན་ང་གཉིས་པ་དོན་ཚན་ང་དྲུག་པར་བསྒྱུར་བ་དང་། ནང་དོན་གྱི་ཕྱོགས་ནས“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་ཕྲུག་སྐྱེས་དང་ལེགས་སྐྱེས་ལེགས་བཙའ་ལག་བསྟར་བྱེད་པ་དང་། འགྲོ་འདུག་ངེས་མེད་མི་འབོར་གྱི་འཆར་ལྡན་ཕྲུག་སྐྱེའི་ཞབས་ཞུ་དང་དོ་དམ་ལ་ཤུགས་བསྣན་ནས་མི་འབོར་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས”ཞེས་བཟོ་བཅོས་བྱས་ཡོད།

ཞེ་ལྔ། དོན་ཚན་ང་གསུམ་པ་དེ་དོན་ཚན་ང་བདུན་པར་བསྒྱུར་བར་མ་ཟད། ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་སྒོས་ལུས་རྩལ་ལས་དོན་གོང་དུ་སྤེལ་བ་དང་། ཤུགས་ཆེན་པོས་དམངས་ཡོངས་ཀྱི་བདེ་ཐང་དང་མི་རིགས་སྲོལ་རྒྱུན་ལས་རྩལ་བྱ་འགུལ་སྤེལ་ནས་མི་རིགས་སོ་སོའི་མི་དམངས་ཀྱི་ལུས་སྟོབས་ཇེ་རྒྱས་སུ་གཏོང་དགོས”ཞེས་བཟོ་བཅོས་བྱས།

ཞེ་དྲུག དོན་ཚན་ང་ལྔ་བ་དེ་དོན་ཚན་ང་དགུ་བར་བསྒྱུར་བར་མ་ཟད། ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁུལ་གྱི་མི་རིགས་སོ་སོ་ཚང་མས་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པ་འགན་སྲུང་བྱས་ནས། མི་རིགས་སོ་སོའི་སྤྱི་དམངས་ཀྱིས་རྒྱ་རིགས་རྣམས་གྲངས་ཉུང་མི་རིགས་ལ་ཁ་བྲལ་མི་ཐུབ་པ་དང་། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ལ་ཁ་བྲལ་མི་ཐུབ་པ། གྲངས་ཉུང་མི་རིགས་དང་གྲངས་ཉུང་མི་རིགས་ཕན་ཚུན་ལ་ཁ་བྲལ་མི་ཐུབ་པའི་བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་སོ་སོས་མཉམ་པར་མཐུན་སྒྲིལ་བརྩོན་ལེན་བྱེད་པ་དང་། མཉམ་པར་དར་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་དགོས། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་གང་ཡིན་རུང་དེར་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲོལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་བཟོ་བ། ས་ཁུལ་རྩོད་གླེང་སློང་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས།”ཞེས་བཟོ་བཅོས་བྱས།

ཞེ་བདུན། དོན་ཚན་ང་དྲུག་དེ་དོན་ཚན་དྲུག་ཅུར་བསྒྱུར་ཞིང་། དེའི་ཁྲོད་ཀྱི་“མཉམ་དུ་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་རྒྱུ”ཞེས་པ་དེ“མཉམ་དུ་རྒྱལ་ཁབ་གྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས”ཞེས་བཟོ་བཅོས་བྱས།

ཞེ་བརྒྱད། དོན་ཚན་ང་བདུན་པ་དེ་དོན་ཚན་རེ་གཅིག་པར་བསྒྱུར་ཞིང་། ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་ལས་བྱེད་པའི་ཕན་ཙུན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་སློབ་གསོ་དང་སྐུལ་མ་གཏོང་དགོས། རྒྱ་རིགས་ལས་བྱེད་པ་ཚོས་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་མི་རིགས་རང་གི་སྐད་དང་ཡི་གེར་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དུ་མཚུངས་སུ་རྒྱའི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་དགོས། བོད་རྒྱའི་ཡིག་རིགས་དང་སྐད་རིགས་སྣ་གཉིས་བྱང་ཆ་ལྡན་པར་སྤྱོད་ཤེས་པའི་ལས་བྱེད་པར་བྱ་དགའ་སྟེར་འོས”ཞེས་བཟོ་བཅོས་བྱས།

ཞེ་དགུ དོན་ཚན་ང་བརྒྱད་པ་དེ་དོན་ཚན་རེ་གཉིས་པར་བསྒྱུར་བར་མ་ཟད། “སློབ་གསོ་དང་ཚན་རིག་ལག་རྩལ། རིག་གནས། སྒྱུ་རྩལ། འཕྲོད་བསྟེན། ལུས་རྩལ་བཅས་བྱ་བཞག”ཅེས་པ“སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་ལས་དོན་བཅས”ཞེས་བཟོ་བཅོས་བྱས།

ལྔ་བཅུ། དོན་ཚན་ང་དགུ་བ་དེ་དོན་ཚན་རེ་གསུམ་པར་བསྒྱུར་ལ། ཚན་པ་ཞིག་ཁ་བསྣན་ནས་འདིའི་ཚན་པ་གཉིས་པ་བྱས་ཤིང་། དེ་ནི“ལོ་རེའི་བོད་ལུགས་ལོ་སར་ཉིན་ཉིན་གཅིག་ལ་ངལ་གསོའི་གནང་བ་སྟེར་དགོས”ཞེས་པ་དེ་ཡིན།

གཞན་ད་དུང་ཡིག་འབྲུ་ཁ་ཤས་དང་ཚེག་ཤད་ལ་དགོས་ངེས་ཀྱིས་བཟོ་བཅོས་བྱེད་དགོས།

<<མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག>>དེ་ཐག་བཅད་འདིའི་ནང་ལྟར་དགོས་ངེས་ཀྱི་བཟོ་བཅོས་བྱས་པ་མ་ཟད་ཚན་བགོས་རིམ་པའང་དགོས་ངེས་ཀྱིས་སྡེབ་སྒྲིག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་རྗེས་ཡང་བསྐྱར་ཡོངས་བསྒྲགས་བྱས་ནས་ལག་བསྟར་བྱེད་རྒྱུ་ཡིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག

(1987ལོའི་ཟླ་4བའི་ཚེས25ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་ཞིང་། 1987ལོའི་ཟླ་8པའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་ཆོག་མཆན་བཀོད། 2005ལོའི་ཟླ3པའི་ཚེས6ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བ་ལྟར། 2005ལོའི་ཟླ7པའི་ཚེས་29ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་ཆོག་མཆན་བཀོད་པའི《 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས(མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག)བཟོ་བཅོས་བྱེད་པའི་ཐད་ཀྱི་ཐག་བཅད》གྱི་བཟོ་བཅོས་སྐོར།)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》གྱི་གཏན་འཁེལ་ལྟར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ(གjཤམ་དུ་རང་སྐྱོང་ཁུལ་ཞེས་བསྡུ་རྒྱུ)མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་གཏོགས་པའི་མཚོ་ལྷོ་ས་ཁུལ་གྱི་བོད་རིགས་མི་དམངས་ཚོས་ས་ཁོངས་རང་སྐྱོང་ལག་ཏུ་བསྟར་བའི་ས་གནས་ཤིག་ཡིན།

རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་གུང་ཧོ་དང་ཁྲི་ཀ ཐུན་ཏེ། ཀོས་ནན། ཞིན་ཧེ་བཅས་རྫོང་ལྔ་ཡོད།

རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་དུ་བཙུགས་ཡོད།

དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་གནས་སྲིད་གཞུང་གི་ལས་ཁུངས་ཡིན།

རང་སྐྱོང་ལས་ཁུངས་གྱིས་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་དེའི་མངའ་འོག་ཏུ་བཙུགས་ཡོད་པའི་ས་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ས་གནས་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་ཆོག་པ་དང་ཆབས་ཅིག་རང་སྐྱོང་དབང་ཆའང་སྤྱད་ཆོག

རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་ཏུ་བསྟར་དགོས།

དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་རྣམས་ལ་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། མར་ཁེ་སི་ལའེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏུང་ཞའོ་ཕིན་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་མཛུབ་སྟོན་ཏུ་བཟུང་ནས། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུབས་གཅིག་སྒྲིལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཀྱི་འཛུགས་བསྐྲུན་ལ་ཤུགས་སྣོན་པ། ཚན་སློབ་ལ་བརྟེན་ནས་ཁུལ་དར་སྤེལ་དུ་གཏོང་བའི་ཐབས་ཇུས་ལག་ཏུ་བསྟར་བ། གྲོང་ཞིང་མཐུན་སྦྱོར་ངང་གོང་དུ་སྤེལ་བ་ཇེ་མགྱོགས་སུ་གཏོང་པ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐུན་བཅས་བྱས་ཏེ་རང་སྐྱོང་ཁུལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་ལྡན་པ་བཅས་ཀྱི་མི་རིགས་རང་སྐྱོང་ས་གནས་སུ་གཏོང་དགོས།

དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་གཅིག་གྱུར་ཡོང་བ་སྲུང་སྐྱོང་བྱེད་རྒྱུ་དང་། རང་སྐྱོང་ཁུལ་འདིའི་ཁོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་ལུགས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་ཁག་ཐེག་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་མི་འགལ་བའི་རྩ་དོན་འོག་ཏུ་དམིགས་བསལ་སྲིད་ཇུས་དང་སྟབས་བསྟུན་ཐབས་ཤེས་སྤྱད་ནས། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རིམ་གྱིས་མཐོ་རུ་འདེགས་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱིའི་ཁེ་ཕན་གཙོ་སར་འཇོག་པ་དང་། གོང་རིམ་རྒྱལ་ཁབ་ལས་ཁོངས་ཀྱིས་མར་བགོས་པའི་ལས་འགན་སྣ་ཚོགས་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁྲིམས་ལྟར་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག བབ་བསྟུན་གཏན་ཁེལ་དང་ཁ་སྣོན་གཏན་ཁེལ་བཅས་གཏན་ཕབ་དང་བཟོ་བཅོས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ཏེ་ཆོག་མཆན་བཀོད་ནས་འགྲེལ་སྤེལ་ལག་བསྟར་ཡང་བྱེད་དུ་འཇུག་དགོས། རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་མི་མཐུན་པའི་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་ཆོད་དོན། བཀའ་ཁྱབ། མཛུབ་སྟོན་བཅས་རང་རིམ་པ་གོང་མའི་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས། དེ་སྟབས་བསྟུན་བྱས་ནས་ལག་ལེན་དང་ཡང་ན་ལག་ལེན་བྱེད་མཚམས་བཞག་ཆོག

དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། དར་སྤེལ་བྱེད་པ་དང་། མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་ཀུན་སྤྱོད་དར་སྤེལ་བྱེད་དགོས་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་དང་སྤྱི་དམངས་ཀྱི་ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་ཀྱི་སློབ་གསོ་གཏོང་དགོས་ཤིང་ཕུགས་བསམ་དང་ཀུན་སྤྱོད། རིག་གནས་སྒྲིག་ཁྲིམས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དམངས་གསོ་སྐྱོང་བྱས་ཐོག རྒྱུན་ཆད་མེད་པར་རིགས་སོ་སོའི་མི་དངམས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་ནང་གི་མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་སོ་སོའི་སྤྱི་དམངས་ཚང་མར་རྩ་ཁྲིམས་ནང་དུ་གཏན་ལ་ཕབ་པའི་གཞི་རྩའི་ཁེ་དབང་ཡོད་པ་མ་ཟད། ད་དུང་སྤྱི་དམངས་ཀྱི་འོས་འགན་ལག་ཏུ་བསྟར་དགོས།

མི་རིགས་སོ་སོ་ཚང་མར་རང་ཉིད་ཀྱི་སྐད་ཡིག་དང་ཡི་གེ་བཀོལ་སྤྱོད་དང་དར་རྒྱས་སུ་གཏོང་པའི་དབང་ཆ་ཡོད་ལ། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྲུང་འཛིན་དང་ཡང་ན་བཅོས་བསྒྱུར་བྱེད་པའི་རང་དབང་ཡོད།

དོན་ཚན་དགུ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁུལ་གྱི་མི་རིགས་སོ་སོའི་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་དགོས་ཤིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་སྣེ་ཁྲིད་བྱེད་དགོས།

རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ་གང་དང་གང་ཞིག་གམ་མི་སྒེར་སུ་དང་སུ་ཞིག་གིས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལུགས་དད་མོས་དང་ཡང་ན་ཆོས་ལུགས་ལ་དད་མི་རུང་བ་བྱེད་མི་ཆོག་ཅིང་། ཆོས་ལུགས་ལ་དད་པའི་སྤྱི་དམངས་དང་ཆོས་ལུགས་ལ་མི་དད་པའི་སྤྱི་དམངས་གང་ཡིན་རུང་མཐོང་ཆུང་བྱེད་མི་ཆོག

རང་སྐྱོང་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། རྩ་འཛུགས་དང་མི་སུ་ཞིག་གིས་ཀྱང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་སློབ་གསོ་དང་ཁྲིམས་འཛིན། གཉེན་སྒྲིག་བཅས་ཀྱི་ལམ་ལུགས་ལ་བར་བགེགས་བྱེད་པ་བཅས་ཀྱི་བྱ་འགུལ་སྤེལ་མི་ཆོག ཁྲིམས་ལྟར་ལོག་ཆོས་རྩ་འཛུགས་དང་ལོག་ཆོས་བྱ་འགུལ་མཐའ་དག་རྡུང་རྡེག་དང་ཚར་གཅོད་བྱེད་དགོས། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ཐད་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བཀོད་འདོམས་བྱེད་པ་ཁས་བླངས་མི་ཆོག

དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཞིང་། གཉེན་སྒྲིག་རང་མོས་ལ་གཏོར་བརླག་གཏོང་བ་གཏན་འགོག་བྱེད་པ་དང་། ཁྱིམ་པའི་སྡུག་སྤྱོད་དང་ཁྱིམ་པ་བར་མནར་སྡུག་གཏོང་དང་ཕྱིར་སྤྱུགས་པ་གཏན་འགོག་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་བཏང་སྟེ་འདྲ་མཉམ་སྒོས་སྤྱི་ཚོགས་ལས་དོན་ཁྲོད་ཞུགས་ཐུབ་ཏུ་འཇུག་དགོས།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་དམག་སྐུལ་བྱ་བར་ཤུགས་སྣོན་དགོས།

ལེའུ་གཉིས་པ། རང་སྐྱོང་ལས་ཁུངས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་རིམ་པའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན། དེའི་རྒྱུན་འཛུགས་ལས་ཁུངས་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ཡོན་ལྷན་ཁང་ཡིན་པ་དང་། དེས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བ་མ་ཟད་བྱ་བ་ཡར་ཞུ་འབུལ་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནང་གི་བོད་རིགས་དང་མི་རིགས་གཞན་དག་གི་འཐུས་མིའི་གྲངས་ཀ་དེ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་དོན་ལྟར་གཏན་འབེབས་གསལ་བོ་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་དུ་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རིན་གྱི་འགན་དང་ཡང་ན་ཀྲུའུ་རིན་གཞོན་པའི་འགན་ཁུར་དགོས་ལ། ཨུ་ཡོན་གྱི་ནང་དུ་མི་རིགས་སོ་སོའི་མི་གྲངས་འོས་འཚམ་ཞིག་ལོན་དགོས།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་དགོས་མཁོ་ལྟར་མངའ་འོག་ཏུ་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་དང་ལེན་བྱེད་རྒྱུ་དང་། འཐུས་མི་ཚོགས་ཆེན་གྲོལ་བའི་སྐབས་སུ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་དགོས་མཁོར་དམིགས་ནས་དོན་སྒྲུབ་སྒྲིག་གཞི་འཛུགས་དགོས།

དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་པ་དང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འགན་ཁུར་ཞིང་བྱ་བ་ཡར་ཞུ་འབུལ་རྒྱུ་དང་། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་སྐབས་སུ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་ཞིང་བྱ་བ་ཡར་ཞུ་འབུལ་དགོས།

དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་ཁུལ་དཔོན་དེ་བོད་རིགས་སྤྱི་དམངས་ཀྱིས་ཁུར་དགོས་ཤིང་། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་ཁྲོད་འོས་འཚམ་གྱིས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་བཀོད་སྒྲིག་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་དཔོན་གྱི་འགན་ཁུར་ལམ་ལུགས་ལག་ཏུ་བསྟར་དགོས།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་སུ་བོད་ཀྱི་སྐད་ཡིག་དོ་དམ་དང་ཡིག་བསྒྱུར་བྱེད་པའི་སྒྲིག་གཞི་བཙུགས་ནས། བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་དང་བེད་སྤྱོད་བྱ་བར་ཤུགས་བསྣན་ཏེ་བོད་ཀྱི་སྐད་ཡིག་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས།

རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས། དོན་ལས་སྡེ་ཁག་སོགས་ཀྱི་ཐམ་ག་དང་སྒོ་བྱང་། ལམ་རིས། བསྒྲགས་ཡིག ཚོང་ལས་སྤྱོད་ཡིག་སོགས་རིགས་ཚང་མ་ངེས་པར་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀས་འབྲི་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་ལག་ཏུ་བསྟར་བའི་སྐབས་སུ། དུས་མཚུངས་སམ་ཡང་ན་སོ་སོར་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་བཀོལ་སྤྱོད་བྱ་དགོས།

དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གཏན་འཁེལ་ལྟར་རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྡེ་ཁག་གི་སྒྲིག་གཞི་དང་སྒྲིག་བཀོད་གྲངས་ཀ་ཐག་གཅོད་དང་ལེགས་སྒྲིག་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཐབས་ཤེས་འདྲ་མིན་སྣ་ཚོགས་སྤྱད་དེ་ས་དེའི་མི་རིགས་སོ་སོའི་ནང་རྒྱ་ཁྱབ་སྒོས་རིམ་པ་སོ་སོའི་ལས་བྱེད་པའམ་ཚན་རིག་ལག་རྩལ་པ་དང་དཔལ་འབྱོར་དོ་དམ་པ་སོགས་ཆེད་མཁས་མི་སྣ་སྣ་ཚོགས་གསོ་སྐྱོང་བྱེད་རྒྱུ་མ་ཟད། གྲངས་ཉུང་མི་རིགས་བུད་མེད་ཁྲོད་རིམ་པ་སོ་སོའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་སྣ་ཚོགས་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྲིད་ཇུས་བེད་སྤྱད་དེ། ས་ཆ་གཞན་པའི་རིགས་མི་འདྲ་བའི་ཆེད་ལས་མི་སྣ་གདན་དྲངས་ཏེ་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་སུ་ཞུགས་པར་སྐུལ་མ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་སྐབས། བོད་རིགས་དང་གཞན་པའི་གྲངས་ཉུང་མི་རིགས་སྤྱི་དམངས་ལ་འོས་འཚམ་གྱིས་དམིགས་བསལ་སྟེར་དགོས།

རང་སྐྱོང་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དུས། ཐོག་མར་གྲངས་ཉུང་མི་རིགས་ཀྱི་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དགོས་པར་མ་ཟད། གྲོང་སྡེ་དང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ནང་ནས་ཀྱང་གདན་ཞུ་དང་བསྡུ་ལེན་བྱས་ཆོག

གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རིགས་མཚུངས་སྒོས་རང་ཁུལ་གྱི་ཁེ་ལས་དོན་ལས་སྡེ་ཁག་ནས་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དུས། ཐོག་མར་རང་ཁུལ་གྱི་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་དུ་བྱ་བ་ཡུན་རིང་བོར་བསྒྲུབས་མྱོང་བའི་ལས་བཟོ་བ་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱེད་དུས་དམིགས་བསལ་གྱི་ལྟ་སྐྱོང་བྱེད་དགོས་ཤིང་། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་བྱེ་བྲག་གི་ལག་བསྟར་བྱེད་ཐབས་གཏན་ལ་ཕབ་དགོས།

ལེའུ་གསུམ་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།

དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ནི་རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་དང་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན་ཞིང་། ཁྲིམས་ལྟར་རང་བདག་སྒོས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་བེད་སྤྱོད་བྱེད་ཆོག་ལ།སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་ཐེ་གཏོགས་ཐེབས་ཀྱི་མེད།

རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བ་བྱ་བ་ཡར་ཞུ་བྱེད་དགོས། རང་སྐྱོང་ཁུལ་གྱི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་བར་རིམ་པ་གོང་མའི་མི་དམངས་ཁྲིམས་ཁང་གིས་ལྟ་སྐུལ་བྱེད་པ་དང་། རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལ་འགན་ཁུར་དགོས་པ་དང་། རིམ་པ་གོང་མའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱེད་དགོས།

དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་དུ་བོད་རིགས་སྤྱི་དམངས་ཀྱི་ཡོན་ཀྲང་དང་ཡང་ན་ཡོན་ཀྲང་གཞོན་པ། ཞིབ་དཔྱོད་ཀྲང་དང་ཡང་ན་ཞིབ་དཔྱོད་ཀྲང་གཞོན་པའི་འགན་ཁུར་དགོས། འགོ་ཁྲིད་ཁོངས་མི་དང་ལས་སྒྲུབ་མི་སྣ་གཞན་དག་གི་ཁྲོད་དུ་བོད་རིགས་དང་གཞན་པའི་མི་རིགས་ཀྱི་མི་སྣ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འདྲི་གཅོད་དང་ཞིབ་དཔྱོད་བྱ་འགུལ་ཁྲོད་དུ། དུས་མཉམ་དང་ཡང་ན་སོ་སོར་བོད་རྒྱའི་སྐད་དང་ཡི་གེ་གཉིས་ཀ་བཀོལ་དགོས་པ་མ་ཟད། བོད་རྒྱ་སྐད་ཡིག་གཉིས་ཀ་ཤེས་པའི་ལས་སྒྲུབ་མི་སྣ་འོས་འཚམ་གྱིས་བེད་སྤྱོད་བྱེད་དགོས། མི་རིགས་སོ་སོའི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྐད་དང་ཡི་གེར་བརྟེན་ནས་གཏུག་བཤེར་བྱེད་ཆོག་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཤིང་། བོད་སྐད་དང་ཡང་ན་རྒྱ་སྐད་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་ལོ་ཙཱ་བྱེད་དགོས།

བཅའ་ཁྲིམས་ཀྱི་གཞུང་ཡིག་ངེས་པར་དུ་དོན་དངོས་ཀྱི་དགོས་མཁོ་ལྟར་དུས་མཉམ་དང་ཡང་ན་སོ་སོར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་བཀོལ་དགོས།

ལེའུ་བཞི་བ། དཔལ་འབྱོར་འཛུགས་སྐྲུན།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་གནས་ཚུལ་དངོས་ལྟར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་དང་དེར་མཐུན་གྱི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བྱེད་དགོས་ཤིང་། རང་བདག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལས་དོན་བཀོད་སྒྲིག་དང་དོ་དམ་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་འཆར་གཞི་དང་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་འཆར་འགོད་ཀྱི་མཛུབ་སྟོན་འོག་ཏུ། རང་ཁུལ་གྱི་ནོར་ཤུགས་དང་དངོས་ཤུགས།དེ་མིན་ཆ་རྐྱེན་གཞན་དག་གཞིར་བཟུང་སྟེ།རང་བདག་གིས་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་ལ་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དུས། རང་སྐྱོང་ཁུལ་གྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ནས་ཆོག་འགོད་ཐོབ་རྗེས་ཆ་སྒྲིག་མ་དངུལ་ཇེ་ཉུང་དུ་གཏོང་བའམ་མེད་པར་གཏོང་བའི་དམིགས་བསལ་ལོངས་སུ་སྤྱད་ཆོག

དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ས་གནས་རང་གི་དཔལ་འབྱོར་གོང་སྤེལ་གྱི་ཁྱད་ཆོས་གཞིར་བཟུང་སྟེ། ཐོན་སྐྱེད་འབྲེལ་བ་དང་དཔལ་འབྱོར་གྲུབ་ཚུལ་འོས་འཚམ་གྱིས་སྡེབ་སྒྲིག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་ལམ་ལུགས་གཙོ་གནད་ཡིན་ཞིང་སྣ་མང་དབང་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་གོང་སྤེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། སྦྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།

དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཚུལ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་ཤུགས་ཆེན་པོ་སྡེབ་སྒྲིག་བྱེད་དགོས། ཚན་རྩལ་གྱིས་ཞིང་ཕྱུགས་ལས་དར་རྒྱས་སུ་གཏོང་བ་ལག་ལྟར་བྱས་ཏེ་རང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གོང་དུ་སྤེལ་བ་དང་། ནུས་ལྡན་ཐོན་ལས་འཛུགས་སྤེལ་བྱེད་པ་དང་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕར་ཚད་ལ་སྐུལ་འདེད་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་བཏང་ཐོག་རང་འབྲོག་པའི་ཁུར་བོ་ཇེ་ཡང་དུ་གཏོང་པ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས།

དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཐད་མཐོང་ཆེན་བྱེད་པ་དང་ངལ་རྩོལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཤིང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་པ་དང་། ངལ་རྩོལ་ནུས་ཤུགས་འོས་འཚམ་གྱི་འཁོར་རྒྱུག་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།

དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁུལ་རང་ཁོངས་ཀྱི་ས་ཞིང་དང་རྩྭ་ས། ནགས་ཚལ། གཏེར་ཁུངས། ཆུ་བོ། མཚོ་མཚེའུ། སྲོག་ཆགས། སྐྱེ་དངོས་སོགས་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་དགོས། རྒྱལ་ཁབ་གཅིག་གྱུར་འཆར་འགོད་དང་ཚོང་རའི་དགོས་མཁོ་གཞིར་བཟུང་སྟེ་ཁྲིམས་ལྟར་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་འོས་འཚམ་གྱིས་སྔོག་འདོན་བེད་སྤྱོད་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་སྟེ། ཁུལ་རང་ཁོངས་ཀྱི་རྩྭ་ས་དང་ས་ཞིང་། ནགས་ཚལ་བཅས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་གཏན་ཁེལ་བྱེད་དགོས།

རྒྱལ་ཁབ་དང་ཐུན་མོང་ལ་དབང་བའི་ས་ཞིང་སྟེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ་ཁྲིམས་ལྟར་བཤུག་སྤྲོད་དང་གློས་གཏོང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་བྱེད་ཐབས་འདྲ་མིན་སྤྱད་དེ་ས་ཞིང་དང་རྩྭ་ས། ནགས་ཚལ་བཅས་ལ་གཏོར་བརླག་བྱས་མི་ཆོག་ཅིང་། རྩྭ་ས་དང་ནགས་ཚལ། ས་ཞིང་ཐོན་ཁུངས་བཅས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བྱེད་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལ་བརྟེན་ནས་ཕྱུགས་འཚོ་བ་རྒྱུན་འཁྱོངས་དང་། ཧུར་ཐག་གིས་ཕྱུགས་བསྒྱུར་ལེགས་བསྒྱུར། འོས་མཐུན་གྱི་ཕྱུགས་རིགས་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག ཕྱུགས་ལས་ཀྱི་དཔལ་འབྱོར་འཕེལ་འབྲས་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཕྱུགས་ནད་འགོག་བཅོས་ཀྱི་བྱ་བར་ཤུགས་སྣོན་དགོས་ཤིང་། ཕྱུགས་ནད་འགོག་བཅོས་བྱ་བ་དེ་སྲིད་འཛིན་གཙོ་དཔོན་གྱི་འགན་འཁྲི་ལམ་ལུགས་ལག་ལེན་དུ་བསྟར་དགོས་ཤིང་། རིམ་པ་སོ་སོའི་ཕྱུགས་ནད་འགོས་བཅོས་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ཕྱུགས་ནད་འགོག་བཅོས་ཀྱི་དཔུང་སྡེ་ཇེ་བརྟན་ཇེ་རྒྱས་སུ་གཏོང་དགོས།

དོན་ཚན་ཉེར་བརྒྱད་པ། རངསྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་ལྟར་ཕྱུགས་སྐྱོང་དང་རྩྭ་ཕྱུགས་དོ་མཉམ། རྩྭ་ལས་སྔོན་སྤེལ་བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ་རྩྭ་སར་བདག་དོམ་དང་འཛུགས་བསྐུན་བྱེད་པར་ཤུགས་སྣོན་པ་དང་། ཡུལ་བབས་དང་བསྟུན་ནས་རྩྭ་སར་དོ་དམ་དང་བེད་སྤྱོད་བྱེད་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། རྩྭ་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩྭ་སའི་ཐད་སུས་བེད་སྤྱོད་བྱེད་ན་དེས་དོ་དམ་དང་འཛུགས་བསྐྲུན་བྱེད་པ་དང་། ཕན་འབྲས་ལེན་པ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་དགོས།མང་ཚོགས་ཀྱི་སྔོན་ཐོན་ལག་རྩལ་བཀོལ་ནས་མིས་བསྐྲུན་རྩྭ་ས་དང་གཟན་རྩྭ་གཟན་ཆས་ཀྱི་རྟེན་གཞི་འཛུགས་པར་སྐུལ་སློང་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་གཏན་ཕབ་དང་གཅིག་གྱུར་གྱི་འཆར་འགོད་ལྟར། རི་རྒོད་དང་ལ་རྒོད། ས་རྒོད། ཐང་རྒོད་བཅས་ཐུན་མོང་དང་མི་སྒེར་ལ་བགོས་ནས་སྡོང་འཛུགས་རྩྭ་འདེབས་བྱེད་པ་དང་། སུས་འཛུཊ་འདེབས་བྱས་ནས་སུས་ཕན་འབྲས་གཉེར་བའི་སྲིད་ཇུས་ཡུན་རིང་བོར་མི་འགྱུར་ཞིང་། སྡོང་འཛུགས་རྩྭ་འདེབས་བྱས་ནས་གྲུས་འབྲས་ཕུལ་བྱུང་བླངས་པ་ལ་དགའ་རྟགས་དང་གཟེངས་བསྟོད་གནང་དགོས།

དོན་ཚན་ཉེར་དགུ་བ། རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ས་ཞིང་དོ་དམ་ལ་ཤུགས་སྣོན་པ་དང་ཞིང་ས་གང་འདོད་དུ་བདག་འཛིན་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས། ཞིང་ལས་ས་ཁུལ་དང་ཞིང་ལས་ས་ཁུལ་ཆུང་བར་ཞིང་ལས་དཔལ་འབྱོར་རྨང་གཞི་བྱས་ཏེ་ཞིང་ཕྱུགས་ནགས་གསུམ་ཟུང་འབྲེལ་སྒོས་སྣ་མང་བདག་གཉེར་དང་སྒོ་ཀུན་ནས་གོང་དུ་སྤེལ་བའི་བྱེད་ཕྱོགས་ལག་ལེན་དུ་བསྟར་དགོས། ཞིང་ལས་ཀྱི་རྨང་གཞི་གོ་གནས་ཇེ་བརྟན་དུ་བཏང་སྟེ་སྔོན་ཐོན་གྱི་དངོས་བཀོལ་ཞིང་ལས་ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བར་ཧུར་བརྩོན་བྱེད་པ། ཞིང་སའི་ཆུ་བེད་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ་དང་ཐོན་སྐྱེད་ཆ་རྐྱེན་ལེགས་སྒྱུར་བཅས་བྱས་ནས་ཞིང་ཕྱུགས་ནགས་གསུམ་གྱི་ཐོན་སྐྱེད་བརྟན་བརླིང་གིས་གོང་དུ་སྤེལ་དགོས།

དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་དུ་མུ་མཐུད་དུ་ཐོན་སྐྱེད་ཁྱིམ་འབྲེལ་དང་རྩྭ་སར་འགན་ལེན་བྱེད་པ། གཅིག་གྱུར་དང་བགོ་འགྲེམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་རིམ་གཉིས་བདག་གཉེར་ལམ་ལུགས་ཇེ་བརྟན་དང་འཐུས་ཚང་དུ་གཏོང་དགོས་ཤིང་། རོང་འབྲོག་པར་སྐུལ་སློང་སྒོས་ཁྲིམས་ལྟར་དང་རང་མོས་ཡིན་པ།ཕན་ཚུན་ལ་ཕན་པ། རིན་དོད་ཡོད་པ་བཅས་ཀྱི་རྩ་དོན་ལྟར་ས་ཞིང་དང་རྩྭ་སའི་འགན་ལེན་ལས་གཉེར་དབང་ཆ་བརྒྱུད་སྤྲོད་བྱེད་པ་དང་། རིམ་གྱིས་གཞི་ཁྱོན་ཅན་གྱི་ལས་གཉེར་གོང་དུ་སྤེལ་དགོས།རོང་འབྲོག་ཁུལ་གྱི་ཐུན་མོང་གི་དཔའ་འབྱོར་རྩ་འཛུགས་དང་ཞིང་ཕྱུགས་ལས་ཐོན་ལས་ཀྱི་བདག་གཉེར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས"ཞེས་བཟོ་བཅོས་བྱས

དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་གཏེར་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་བདག་སྐྱོང་ཐད་ཤུགས་སྣོན་པ་དང་། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་རི་བཀག་ནགས་གསོ་རྩྭ་གསོ་བྱེད་པ་དང་ནགས་རྩྭའི་སྤང་ཤུན་སླར་གསོ་བྱེད་དགོས་ཤིང་། ནགས་འཛུགས་རྩྭ་འདེབས་དང་མཁར་གྲོང་ངམ་ལྷས་ར་ལྗང་སྒྱུར་བྱེད་པར་སྐུལ་སློང་བྱེད་དགོས།

རང་སྐྱོང་ཁུལ་གྱི་ས་ཁུངས་ནང་རྩྭ་ས་བརྐོ་སློག་དང་བྱེ་འགོག་སྐྱེ་དངོས་འདྲེག་སློག་བྱས་མི་ཆོག་ལ། རྩྭ་ས་བྱེ་ཐང་དུ་འགྱུར་བ་སྔོན་འགོག་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཐུན་མོང་དང་མི་སྒེར་ལ་གཅིག་གྱུར་གྱི་འཆར་འགོད་དང་མཛུབ་སྟོན་འོག་རྨ་ཆུའི་གཞུང་རྒྱུད་དུ་སྐྱེད་ཚལ་ལས་དོན་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས།

དོན་ཚན་སོ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་དབུལ་ཕོངས་ས་ཆ་དང་དབུལ་བོར་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་རྒྱལ་ཁབ་དང་གོང་རིམ་མི་དམངས་སྲིད་གཞུང་ནས་དངུལ་རྩ་དང་རྒྱུ་རྫས། ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་འཐོབ་པར་བརྩོན་ལེན་བྱས་ཏེ། དབུལ་ཕོངས་ས་ཆ་དང་དབུལ་བོ་ལ་རོགས་རམ་བྱས་ནས་མགྱོགས་མྱུར་གྱིས་དབུལ་ཕོངས་ལས་ཐར་ཞིང་འབྱོར་འབྲིང་མངོན་འགྱུར་བྱེད་དགོས།

དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤུགས་ཆེན་པོས་ཁེ་ལས་སྒྲིག་གཞི་བཅོས་བསྒྱུར་དང་གསར་སྐྲུན་དོ་དམ་བྱེད་པ་དང་། ཧུར་ཐག་གིས་མ་རྐང་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ་སྣ་མང་ཅན་གྱི་མ་འཇོག་སྒྲིག་གཞི་ལག་ཏུ་བསྟར་དགོས། དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཀུང་ཟི་བཅའ་ཁྲིམས་ལག་ཏུ་བསྟར་བ་དང་ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་ཚང་དུ་གཏོང་དགོས་ཤིང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔའ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་སྟེ། ལག་རྩལ་གསར་སྒྱུར་དང་ལག་རྩལ་གསར་གཏོད་ཇེ་མགྱོགས་སུ་བཏང་ནས། སྲོལ་རྒྱུན་གྱི་ཐོན་ལས་དང་རྐང་འཛིན་ཁེ་ལས་སྒྱུར་བཟོ་བྱེད་པ་དང་། གཙོ་བོ་ཞིང་ཕྱུགས་དང་ཆུ་གློག གཏེར་ཁུངས། ཡུལ་སྐོར་སོགས་སྲོག་འཛིན་ཁེ་ལས་བཙུགས་ཐོག་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཀྲུང་བོད་སྨན་རྩྭ། བཙོ་སྦྱང་། ཨར་ལས་རྒྱུ་ཆ་སོགས་ནུས་ལྡན་ཐོན་ལས་གང་མྱུར་གྱིས་གོང་དུ་སྤེལ་བ་དང་། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྤྱོད་རྫས་ཐོན་སྐྱེད་གོང་དུ་སྤེལ་པར་མཐོང་ཆེན་བྱ་དགོས་ཤིང་། མ་དངུལ་དང་ཁྲལ་སྡུད། མཁོ་སྤྲོད་བཅས་ཀྱི་ཕྱོགས་སུ་ལྟ་སྐྱོང་དང་རོགས་རམ་བྱེད་དགོས།

དོན་ཚན་སོ་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་གི་ཐུན་མོང་ངམ་སྒེར་གཉེར་གྱི་ཁེ་ལས་ལ་སྐུལ་སློང་དང་རོགས་སྐྱོར་བྱས་ནས། འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་། འཐུ་གསོག་ལས་རིགས། ཞིང་ཕྱུགས་ནགས་གསུམ་ཐད་ཀྱི་ཞོར་ཐོན་དང་དངོས་རྫས་ལས་སྣོན་ལས་རིགས། སྐྱེལ་འདྲེན་ལས་རིགས་། རྩིག་བཟོ་ལས་རིགས། ཁང་སའི་ཐོན་ལས་ལས་རིགས། ཞབས་ཞུ་ལས་རིགས་བཅས་གོང་དུ་སྤེལ་དགོས།

དོན་ཚན་སོ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁེ་ལས་དང་དོན་ལས་སྡེ་ཁག་ལ་སྐུལ་སློང་བྱས་ནས། དར་རྒྱས་ས་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་ལ་དཔལ་འབྱོར་དང་ལག་རྩལ་ཐད་ནས་མཉམ་འབྲེལ་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྲིད་ཇུས་གཏན་ཕབ་བྱེད་པ་དང་། ཕྱི་རོལ་གྱི་མ་དངུལ་ནང་འདྲེན་བྱས་ནས་དཔལ་འབྱོར་དང་ལག་རྩལ་མཉམ་འབྲེལ་བྱེད་པར་སྐུལ་ཁྲིད་བྱེད་དགོས།

དོན་ཚན་སོ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཁོག་ཚོད་འཛིན་བྱེད་པའི་མཛུབ་སྟོན་འོག་ཏུ། ཧུར་ཐག་གིས་ཆུ་བེད་དང་འགྲིམ་འགྲུལ་དང་། ནུས་ཁུངས། བརྡ་འཕྲིན་དང་། གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྤྱོད་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལེགས་པོ་བསྒྲུབ་ཏེ། འཛུགས་བསྐྲུན་གྱི་གོ་རིམ་གཟབ་ནན་བྱེད་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཟོ་བསྐྲུན་གྱི་སྤུས་ཀ་དང་བདེ་འཇགས་ཁག་ཐེག་བྱེད་དགོས།

དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་རའི་དཔལ་འབྱོལ་སྒྲིག་རིམ་དག་ཐེར་དང་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཚོང་རའི་དཔལ་འབྱོར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ལས་རིགས་སྒེར་སྡེམ་དང་ས་གནས་བཀག་སྡོམ་མེད་པར་བཟོས་ཏེ་ཚོང་རྫས་དང་ཐོན་སྐྱེད་རྒྱུ་ཆ་རིམ་ལྡན་གྱིས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐེག་གིས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གོང་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་རང་སྐྱོང་ཁུལ་གྱི་ཐོན་རྫས་ལེགས་པོ་ཕྱིར་གཏོང་བར་སྐུལ་ཁྲིད་བྱེད་པ་དང་ཐོབ་བྱུང་གི་བྱེད་སྒོར་རང་ཉིད་ཀྱིས་བཀོད་སྒྲིག་སྒོའི་བེད་སྤྱོད་བྱས་ཆོག

དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་པ་དང་། འཆར་འགོད་དང་འཛུགས་སྐྲུན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བྱེད་དགོས་ཤིང་། རོང་འབྲོག་ཁུལ་དུ་མཁར་གྲོང་ཆུང་བ་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་ཞང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེས་ཁམས་བཅས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། འབག་བཙོག་དང་གཞན་པའི་སྤྱིའི་གནོད་འཚེ་སྔོན་འགོག་བྱེད་པ་དང་། རེས་འཁོར་དཔལ་འབྱོར་གོང་དུ་སྤེལ་ནས་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་གསུམ་མཐུན་སྦྱོར་ངང་གོང་དུ་འཕེལ་བ་མངོན་འགྱུར་བྱས་ཐོག རྒྱུན་མཐུད་ནས་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་དགོས།

དོན་ཚན་བཞི་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བར་མཐོང་ཆེན་བྱེད་ཅིང་། ཡུལ་སྐོར་ལས་རིགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་བསྐྲུན་ཐད་གཏོང་བའི་མ་དངུལ་ཇེ་མང་དུ་གཏོང་བ་དང་། དམངས་ཁྲོད་ཀྱི་མ་རྩ་སྐུལ་ཁྲིད་བྱས་དེ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་གོང་དུ་སྤེལ་དགོས།. ལོ་རྒྱུས་རིག་གནས་ཤུལ་བཞག་དང་རང་བྱུང་རིག་གནས་མཛེས་ལྗོངས་བཅས་ཀྱིས་སྲུང་སྐྱོབ་དོ་དམ་དང་གསར་འབྱེད་བེད་སྤྱོད་སོགས་ལ་ཤུགས་སྣོན་བྱས་ཏེ། ཡུལ་སྐོར་ལས་རིགས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་གནས་གསར་བ་ཞིག་འགྱུར་བར་བརྩོན་ལེན་བྱེད་དགོས།

ལེའུ་ལྔ་བ། ནོར་སྲིད་དངུལ་རྩ།

དོན་ཚན་ཞེ་གཅིག་པ། རང་སྐྱོང་ཁུལ་གྱི་ནོར་སྲིད་ནི་ས་གནས་ཀྱི་ནོར་སྲིད་རིམ་པ་དང་བོ་ཡིན་ལ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱི་གྲུབ་ཆ་ཞིག་ཀྱང་ཡིན།

རང་སྐྱོང་ཁུལ་གྱི་གཅིག་གྱུར་སྒོས་རང་ཁུལ་གྱི་ནོར་སྲིད་དོ་དམ་དང་རང་བདག་གིས་རང་སྐྱོང་ཁུལ་གྱི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་གཏོང་སྡེབ་སྒྲིག་བྱས་ཏེ། ཡོང་སྒོའི་ཚད་བརྒལ་དང་འགྲོ་སྒོའི་འཕྲོ་ལྷག་མ་དངུལ་སྡེབ་སྒྲིག་བྱས་ནས་བེད་སྤྱོད་བྱེད་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ཐད་གཏོང་བའི་མ་དངུལ་དང་རོགས་སྐྱོར་མ་དངུལ་སོགས་ལས་ཆེད་སྤྱོད་མ་དངུལ་མ་གཏོགས་གཞན་རྣམས་རང་སྐྱོང་ཁུལ་གྱིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་བེད་སྤྱོད་བྱེད་དགོས། རང་སྐྱོང་ཁུལ་གྱི་ནོར་སྲིད་སྔོན་རྩིས་ཀྱི་འགྲོ་སྒོ་དེ་རྒྱལ་ཁབ་གྱི་གཏན་འཁེལ་ལྟར་གྲ་སྒྲིག་གྲོན་དངུལ་གྱིས་སྔོན་རྩིས་ནང་ཟིན་པའི་བསྡུར་ཚད་དེ་སྤྱིར་བཏང་གི་ས་ཁུལ་ལས་མཐོ་བར་བྱ་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད་ལམ་ལུགས་གཞིར་བཟུང་སྟེ། རྒྱལ་ཁབ་དང་གོང་རིམ་སྡེ་ཁག་གི་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད་དང་ཆེད་སྤྱོད་ནོར་སྲིད་རྒྱུད་སྤོར་གཏོང་སྤྲོད། མི་རིགས་དམིགས་བསལ་སྲིད་ཇུས་ཀྱི་རྒྱུད་སྤོར་གཏོང་སྤྲོད། དེ་མིན་རྣམ་པ་གཞན་པའི་དམིགས་བསལ་ལོངས་སུ་སྤྱོད་རྒྱུ།

རང་སྐྱོང་ས་ཁུལ་ཀྱིས་ཁུལ་གཏོགས་རྫོང་ལ་ཁྲལ་རིགས་ཁག་བགོ་དང་རིམ་འབྱེད་དོ་དམ་གྱི་ནོར་སྲིད་ལམ་ལུགས་ལག་བསྟར་བྱེད་པ། རྫོང་དང་ཞང(གྲོང་རྡལ)རིམ་པ་གཉིས་ཀྱི་ནོར་སྲིད་དོ་དམ་ལ་ཤུགས་སྣོན་དགོས།

དོན་ཚན་ཞེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་ལ་ཕབ་པའི་རྩ་དོན་ལྟར། རང་ཁུལ་གྱི་འགྲོ་གཏོང་སྣ་ཚོགས་ཀྱི་ཚད་གཞི་དང་། མི་སྣ་དང་དངུལ་གྲངས་གཏན་འཁེལ་བྱས་པའི་རྗེས་བསྣན་ཐག་བཅད་དང་བྱེ་བྲག་གི་བྱེད་ཐབས་བཅས་གཏན་ལ་ཕབ་དགོས་མ་ཟད་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འགོད་དུ་འཇུག་དགོས།

དོན་ཚན་ཞེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བཅའ་ཁྲིམས་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་ཞིབ་མཆན་བཀོད་ནས་འཕྲི་གཅོག་བྱས་པའི་ཁྲལ་བསྡུ་ལས་གཞི་ལས་གཞན། རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་སྒོར་གཏོགས་པའི་ཁྲལ་བསྡུ་ཐད་ལྟ་སྐྱོང་དང་རྒྱབ་རོགས་བྱེད་དགོས་པ་བྱུང་ནས་དཔྱ་ཁྲལ་འཕྲི་གཅོག་བྱེད་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་དཔྱ་ཁྲལ་འཕྲི་གཅོག་གྱི་བྱ་བ་ལག་ཏུ་བསྟར་དགོས།

གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཆུ་དང་གཏེར་ལས། ནགས་ལས་བཅས་ཀྱི་ཐོན་ཁུངས་གསར་གཏོད་དམ་བེད་སྤྱོད་བྱེད་པའམ་ཁེ་ལས་གཞན་པ་གསར་བསྒྲུབ་བྱེད་ན། རང་སྐྱོང་ཁུལ་ལ་སྡུར་ཚད་ངེས་ཅན་གྱི་ཕན་འབྲས་སྐྱིན་ཚབ་བྱིན་ནས་ས་གནས་དཔལ་འབྱོར་གོང་དུ་སྤེལ་བར་རོགས་སྐྱོར་དང་གནས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གཟིགས་སྐྱོང་བྱེད་དགོས།

དོན་ཚན་ཞེ་བཞི་བ། རང་སྐྱོང་ཁུལ་གྱི་རྩིས་བཤེར་ལས་ཁུངས་ཀྱིས་རང་ཁུལ་གྱི་རིམ་པ་སོ་སོའི་སྲིད་འཛིན་དང་ཁེ་ལས། དོན་ལས་སྡེ་ཁག་བཅས་ཀྱི་ནོར་སྲིད་ཡོང་གཏོང་དང་ནོར་དོན་ཡོང་གཏོང་ཐད་ཁྲིམས་ལྟར་རང་ཚུགས་ཀྱིས་རྩིས་བཤེར་དང་ལྟ་སྐུལ་བྱེད་དགོས།

དོན་ཚན་ཞེ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ནོར་སྲིད་དང་ཁྲལ་བསྡུ། སྐྱི་དངུལ་སོགས་ཀྱི་ཕྱོགས་ནས་དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་ས་དེའི་དཔལ་འབྱོར་གོང་དུ་སྤེལ་དགོས།

དོན་ཚན་ཞེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དགོས་མཁོ་ལྟར། བཅའ་ཁྲིམས་ལ་བརྟེན་ནས་ས་གནས་ཚོང་ལས་དངུལ་ཁང་དང་ཞིང་སྡེ་ཡིད་རྟོན་མཉམ་སྒྲུབ་རྩ་འཛུགས་འཛུགས་དགོས།

དངུལ་རྩ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་ལས་གཞི་དང་རྒྱལ་ཁབ་ཐོན་ལས་སྲིད་ཇུས་དང་མཐུན་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས།

ལེའུ་དྲུག་པ། སློབ་གསོ་ཚན་རྩལ་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཀྱི་ལས་དོན།

དོན་ཚན་ཞེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། ཧུར་བརྩོན་གྱིས་སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན་དང་ལུས་རྩལ་བཅས་ཀྱི་ལས་དོན་གོང་དུ་སྤེལ་བ་དང་རིགས་སོ་སོའི་མི་རིགས་ཀྱི་རིག་གནས་བྱང་ཚད་དང་བདེ་ཐང་ཆུ་ཚད་མཐོ་རུ་འདེགས་དགོས།

དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་གྱི་སློབ་གསོ་བྱེད་ཕྱོགས་གཞིར་བཟུང་ནས་རང་ཁུལ་གྱི་སློབ་གསོའི་འཆར་འགོད་དང་སློབ་གྲྭའི་འཛུགས་གཉེར། སློབ་ཡུན། སློབ་སྒྲུབ་རྣམ་པ། སློབ་ཁྲིད་ནང་དོན། སློབ་ཁྲིད་སྐད་རིགས་དང་སློབ་སྡུད་བྱེད་ཐབས་བཅས་ཐག་གཅོད་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱི་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་སྤེལ་བྱེད་པ་དང་། མཐོ་འབྲིང་དཀྱུས་མའི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ་ལ་ཤུགས་སྣོན་བྱེད་དགོས། སློབ་གྲྭ་མ་ཞུགས་སྔོན་གྱི་བྱིས་པའི་སློབ་གསོ་དང་དར་མའི་སློབ་གསོ་ལ་མཐོང་ཆེན་བྱེད་པ་དང་། རྒྱང་སྤེལ་སློབ་གསོ་དར་རྒྱས་སུ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ(འཛིན་གྲྭ)བསྒྲུབ་དགོས། རང་སྐྱོང་ལས་ཁུངས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་པ་དང་དགེ་རྒན་གྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་། དགེ་རྒན་གྱི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས།

དོན་ཚན་ཞེ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིག་སྟོབས་སྤེལ་བའི་ཐད་མ་དངུལ་གཏོང་བར་མཐོང་ཆེན་བྱས་ནས་རྒྱུན་ཆད་མེད་པར་སློབ་སྒྲུབ་ཆ་རྐྱེན་དང་སློབ་ཁྲིད་སྒྲིག་ཆས་ལེགས་བཅོས་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་སློབ་གསོའི་གྲོན་དངུལ་སྒེར་སྤྱོད་དང་བཀག་ཉར། འཕྲི་འཐེན་བཅས་བྱེད་མི་རུང་ལ། སློབ་གྲྭའི་ཁང་བ་དང་ལྷས་ར་སྒྲིག་ཆས་གོང་སྤེལ་རྟེན་གཞི་བཅས་བཙན་འཛིན་བྱེད་མི་རུང་།

དོན་ཚན་ལྔ་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་གྱི་སློབ་གྲྭ་སྒྲུབ་པ་གཙོ་རུ་འཛིན་པའི་དུས་མཚུངས་སུ། སྤྱི་ཚོགས་སྟོབས་ཤུགས་གཞན་དག་གིས་སློབ་གྲྭ་སྒྲུབ་པ་དང་སློབ་གྲྭར་ཞལ་འདེབས་རོགས་རམ་བྱེད་པར་སྐུལ་མ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་འབྲོག་ཁུལ་དང་ཐག་རིང་རི་ཁུལ་དུ་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཙོ་ཡིན་པ་དང་སློབ་གསོ་རོགས་དངུལ་སྟེར་བ་གཙོ་ཡིན་པའི་གཞུང་སྒྲུབ་མི་རིགས་སློབ་ཆུང་དང་མི་རིགས་སློབ་འབྲིང་བསྒྲུབ་དགོས་པ་མ་ཟད། ཧུར་བརྩོན་གྱིས་འབྲོག་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་ལ་རོགས་སྐྱོར་བྱེད་དགོས།

རང་སྐྱོང་ས་ཁུལ་གྱི་མི་རིགས་སློབ་ཆུང་དུ་བོད་སྐད་ཀྱིས་སློབ་ཁྲིད་བྱེད་པ་དང་རྒྱ་ཡིག་གི་སློབ་ཁྲིད་ཀྱང་བཀོད་སྒྲིག་བྱེད་དགོས། ཞིང་ལས་ས་ཁུལ་གྱི་སློབ་མ་ཅུང་མང་བའི་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཁྲིད་འོས། མི་རིགས་སློབ་འབྲིང་ནང་དུ་སོ་སོར་བོད་ཡིག་དང་རྒྱ་ཡིག་ཡིག་རིགས་གཉིས་ཀྱི་སློབ་ཁྲིད་བྱེད་དགོས། སློབ་གྲྭས་ཧུར་བརྩོན་གྱི་ས་རྒྱལ་ཡོངས་སུ་ཁྱབ་སྤྱོད་བྱེད་པའི་སྤྱི་སྐད་དང་ཚད་ལྡན་གྱི་རྒྱ་ཡིག་ཁྱབ་གདལ་དུ་གཏོང་དགོས།

རང་སྐྱོང་ཁུལ་གྱི་ཆེད་ལས་སློབ་གྲྭས་གྲངས་ཉུང་མི་རིགས་སློབ་མར་འོས་འཚམ་གྱི་བསྡུ་ལེན་ཚད་གཞི་དང་ཆ་རྐྱེན་ལྷོད་ཡངས་སུ་གཏོང་དགོས་ཤིང་། འགྲོ་ཕྱོགས་གཏན་འཁེལ་གྱི་སློབ་མ་ཡང་བསྡུ་ལེན་བྱེད་ཆོག གྲངས་ཉུང་མི་རིགས་ཀྱི་སློབ་མས་ཁུལ་ནང་ཁུལ་གྱི་ཆེད་ལས་སློབ་གྲྭ་རྒྱུགས་སྤྲོད་དུས་ཁོ་ཚོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུགས་ཤོག་འདོན་སྤྲོད་བྱེད་དགོས།

དོན་ཚན་ང་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་ཚོགས་པ་དང་ཁེ་ལས་དོན་ལས་སྡེ་ཁག་བཅས་ཀྱིས་ཧུར་ཐག་གིས་རིགས་མི་འདྲ་བའི་ལས་ཞོར་སློབ་གྲྭ་སྣ་ཚོགས་བསྒྲུབ་པ་སྐུལ་སྤེལ་བྱེད་དགོས་ཤིང་། ལས་བཟོ་བ་དང་སྤྱི་ཚོགས་ན་གཞོན་ཚོར་རིག་གནས་ལག་རྩལ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ་རང་སྦྱོང་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བར་སྐུལ་མ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ལོ་རེར་ཚད་ངེས་ཅན་གྱི་མ་དངུལ་བཏང་ནས་ལས་རིགས་ལག་རྩལ་སློབ་གསོ་དང་རོང་འབྲོག་དམངས་ཀྱི་ཚན་རྩལ་གསོ་སྦྱོང་བྱ་བ་སྒྲུབ་དགོས།

དོན་ཚན་ང་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྨོངས་སེལ་བྱ་བར་ཤུགས་བསྣན་ཏེ། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་ན་གཞོན་དང་དར་མའི་ཡིག་རྨོངས་སེལ་དགོས་པ་མ་ཟད།བྱེད་ཐབས་སྣ་མང་སྤྱད་དེ་རིག་གནས་དང་ལག་རྩལ་གསོ་སྦྱོང་བྱ་བར་ཤུགས་བསྣོན་དགོས།

དོན་ཚན་ང་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་སྒོས་ཚན་རིག་ལག་རྩལ་ལས་དོན་གོང་དུ་སྤེལ་བ་དང་། རང་ཁུལ་གྱི་ཚན་རིག་ལག་རྩལ་སྤེལ་བའི་འཆར་འགོད་གཏན་ལ་ཕབ་པ། ཚན་རྩལ་ཞིབ་འཇུག་སྒྲིག་གཞི་དང་བརྡ་འཕྲིན་དྲ་བརྒྱའི་འཛུགས་བསྐྲུན་ལ་ཤུགས་འདོན་པ། ཧུར་བརྩོན་གྱིས་ཚན་རྩལ་མི་སྣ་སྐྱེད་སྲིང་བྱེད་པ། ཚན་རྩལ་བློ་འདྲི་བྱ་འགུལ་སྤེལ་བ། སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་ཚན་རིག་ལག་རྩལ་ཤེས་བྱ་ཁྱབ་བརྡལ་བཀོལ་སྤྱོད་བཅས་བྱེད་པ་དང་། གསར་བྱུང་གསར་སྐྲུན་དང་ཚན་རིག་ལག་རྩལ་ཁྱབ་གདལ་བེད་སྤྱོད་བཅས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་ཁག་དང་མི་སྒེར་ལ་བྱ་དགའ་སྟེར་དགོས།

དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རིག་གནས་བྱ་བ་དེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང་སྒྱུ་རྩལ་གོང་དུ་སྤེལ་བ་དང་། བོད་རིགས་དང་གཞན་པའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་འཚོལ་སྡུད་དང་ལེགས་སྒྲིག ཞིབ་འཇུག་བཅས་བྱེེད་དགོས་ཤིང་། གནའ་རྫས་རྟོག་ཞིབ་བྱ་བ་སྤེལ་ནས་ལོ་རྒྱུས་རིག་དངོས་ཤུལ་བཞག་སྲུང་སྐྱོབ་བྱེད་དགོས་ལ། དམངས་ཁྲོད་ཀྱི་སྒྱུ་རྩལ་པས་སློབ་ཕྲུག་ལ་སྒྱུ་རྩལ་ཁྲིད་པར་སྐུལ་མ་གཏོང་བ་དང་། མི་རིགས་སོ་སོའི་རིག་གནས་སྒྱ་རྩལ་པ་སྐྱེད་སྲིང་བྱས་ནས་མི་རིགས་སོ་སོའི་རིག་གནས་སྒྱུ་རྩལ་དར་རྒྱས་དང་གོང་སྤེལ་དུ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཧུར་ཐག་སྒོས་རྒྱང་བསྒྲགས་དང་གློག་བརྙན། བརྙན་འཕྲིན། གསར་འགྱུར། དཔེ་ཆ་དཔར་འགྲེམ་བཅས་ཀྱི་བྱ་བར་སྐུལ་སྤེལ་བྱེད་པ་དང་། རིག་གནས་ཚོང་རའི་འཛུགས་བསྐྲུན་དང་དོ་དམ་ལ་ཤུགས་བསྣན་ཏེ་མི་རིགས་ཀྱི་རིག་གནས་ལས་དོན་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས།

དོན་ཚན་ང་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྨན་བཅོས་འཕྲོད་བསྟེན་བྱ་བ་དེ་གཞི་རིམ་ལ་ཁ་གཏོད་པ་རྒྱུན་འཁྱོངས་དང་། སྔོན་འགོག་གཙོ་རུ་འཛིན་པ་དང་ཀྲུང་བོད་ཕྱི་སྨན་མཉམ་གཙོ་བྱེད་པའི་བྱེད་ཕྱོགས་ལག་ལེན་དུ་བསྟར་དགོས་ཤིང་། ཐོལ་བྱུང་གི་སྤྱི་ཁྱབ་ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱ་བར་ཤུགས་སྣོན་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་དང་། ས་གནས་ནད་ཡམས་དང་འགོས་ནད། ལས་རིགས་ནད་ཡམས་བཅས་ཀྱི་འགོག་བཅོས་བྱ་བར་ཤུགས་བསྣན་ཏེ་སྐྱེས་མ་དང་བྱིས་པའི་བདེ་སྲུང་གི་བྱ་བ་ལེགས་སྒྲུབ་བྱེད་པ་དང་། དམངས་ཡོངས་ཀྱི་བདེ་ཐང་སློབ་གསོ་བྱ་འགུལ་གང་ལེགས་ཀྱིས་སྤེལ་དགོས།

རང་སྐྱོང་ལས་ཁུངས་གྱི་འཕྲོད་བསྟེན་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྨན་བཅོས་ནད་འགོག་བདེ་ཐང་བཅས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་ཤིང་། གསོ་རིགས་སློབ་གསོ་གོང་དུ་སྤེལ་ནས་མི་རིགས་སོ་སོའི་སྨན་བཅོས་མི་སྣ་སྐྱེད་སྲིང་དང་། ཀྲུང་བོད་སྨན་རྫས་སོགས་མི་རིགས་སྨན་རྫས་སྔོག་འདོན་བྱེད་པ། བོད་ཀྱི་གསོ་བ་རིགས་པའི་ཞིབ་འཇུག་དང་རྒྱུན་འཛིན། གོང་སྤེལ་བཅས་ལ་ཤུགས་སྣོན་པ་དང་། དམངས་ཁྲོད་ཀྱི་སྨན་པའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་སྨན་པ་བཀའ་བཅུ་པའི་ལས་གཉེར་ཆོག་བཀོད་ལམ་ལུགས་ལག་བསྟར་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་ས་གནས་ཀྱི་དོན་དངོས་གཞིར་བཟུང་སྟེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམ་བཞིན་རོང་འབྲོག་ཁུལ་དུ་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་སྟེ་མཉམ་ལས་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་མི་རེ་རེ་ཚང་མས་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ལོངས་སུ་སྤྱོད་པར་ཐུབ་པར་བྱེད་དགོས།

དོན་ཚན་ང་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་ཕྲུག་སྐྱེས་དང་ལེགས་སྐྱེས་ལེགས་སྐྱོང་ལག་བསྟར་བྱེད་པ་དང་། འགྲོ་འདུག་ངེས་མེད་མི་འབོར་གྱི་འཆར་ལྡན་ཕྲུག་སྐྱེའི་་ཞབས་ཞུ་དང་དོ་དམ་ཤུགས་བསྣན་ནས་མི་འབོར་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་ང་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་དགོས་ལུས་རྩལ་ལས་དོན་གོང་དུ་སྤེལ་དགོས། ཤུགས་ཆེན་པོས་དམངས་ཡོངས་ཀྱི་བདེ་ཐང་དང་མི་རིགས་ལུས་རྩལ་བྱ་འགུལ་སྤེལ་ནས་མི་རིགས་སོ་སོའི་མི་དམངས་ཀྱི་ལུས་སྟོབས་ཇེ་རྒྱས་སུ་གཏོང་དགོས།

དོན་ཚན་ང་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་སྒོས་ས་ཁུལ་གཞན་ལ་སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ལ་ཐད་མཉམ་མྱོང་བརྗེ་རེས་དང་མཉམ་འབྲེལ་བྱས་ནས་སྤྱི་ཚོགས་ལས་དོན་གོང་དུ་སྤེལ་བར་སྐུལ་ཁྲིད་བྱེད་དགོས།

ལེའུ་བདུན་པ། མི་རིགས་འབྲེལ་བ།

དོན་ཚན་ང་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁུལ་གྱི་མི་རིགས་སོ་སོ་ཚང་མ་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་པ་འགན་སྲུང་བྱས་ནས། མི་རིགས་སོ་སོའི་སྤྱི་དམངས་ཀྱིས་རྒྱ་རིགས་རྣམས་གྲངས་ཉུང་མི་རིགས་ལ་ཁ་བྲལ་མི་ཐུབ་པ་དང་། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ལ་ཁ་བྲལ་མི་ཐུབ་པ། གྲངས་ཉུང་མི་རིགས་དང་གྲངས་ཉུང་མི་རིགས་ཕན་ཚུན་ཁ་བྲལ་མི་ཐུབ་པའི་བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་སོ་སོ་མཉམ་པར་མཐུན་སྒྲིལ་བརྩོན་ལེན་བྱེད་པ་དང་། མཉམ་པར་དར་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་གོང་དུ་འཕེལ་དགོས།

རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་གང་ཡིན་རུང་དེར་མཐུང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་བཟོ་བ། ས་ཁུལ་རྩོད་གླེང་སློང་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས།

དོན་ཚན་དྲུག་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་གི་མི་རིགས་སོ་སོའི་སྤྱི་དམངས་ལ་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏོང་དགོས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་སློང་སྦྱོང་། ཕན་ཚུན་ལ་རོགས་རེས་བྱེད་པ་དང་། སྐད་ཆ་དང་ཡིག་རིགས། ཡུལ་སྲོལ་གོམས་གཤིས་། ཆོས་ལུགས་དད་མོས་ཀྱི་ཐད་ནས་ཕན་ཚུན་ལ་བརྩི་འཇོག་བྱས་ཏེ་མཉམ་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས།

དོན་ཚན་རེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་ལས་བྱེད་པའི་ཕན་ཚུན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་སློབ་གསོ་དང་སྐུལ་མ་གཏོང་དགོས། རྒྱ་རིགས་ལས་བྱེད་པ་ཚོས་བོད་ཡིག་དང་བོད་སྐད་སློབ་སྦྱོང་བྱེད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་མི་རིགས་རང་གི་སྐད་དང་ཡི་གེར་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དུས་མཚུངས་སུ་རྒྱའི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་དགོས། བོད་རྒྱའི་ཡིག་རིགས་དང་སྐད་རིགས་སྣ་གཉིས་བྱང་ཆ་ལྡན་པར་སྤྱོད་ཤེས་པའི་ལས་བྱེད་པར་བྱ་དགའ་སྟེར་འོས།

དོན་ཚན་རེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་དུ་འདུས་སྡོད་བྱས་ཡོད་པས་གྲངས་ཉུང་མི་རིགས་གཞན་དག་ལ་མི་རིགས་ཞང་འཛུགས་པར་རོགས་རམ་བྱེད་པ་དང་མི་རིགས་ཞང་གི་ཞང་ཀྲང་མི་རིགས་ཞང་འཛུགས་པའི་གྲངས་ཉུང་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་དུ་འདུས་སྡོད་དང་ཐར་ཐོར་དུ་སྡད་ཡོད་པའི་གྲངས་ཉུང་མི་རིགས་གཞན་དག་ལ་དཔལ་འབྱོར་དང་སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་ལས་དོན་བཅས་གོང་དུ་སྤེལ་རོགས་བྱས་ཏེ་མི་རིགས་སོ་སོ་མཉམ་དུ་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་དགོས།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་རེ་གསུམ་པ། ལོ་རེའི་ཟླ8པའི་ཚེས1ཉིན་ནི་རང་སྐྱོང་ཁུལ་བཙུགས་པའི་རྗེས་དྲན་ཉིན་མོ་ཡིན་ལ། ལོ་རེའི་བོད་ལུགས་ལོ་གསར་ཉིན་ཉིན་གཅིག་ལ་ངལ་གསོ་གནང་བ་སྟེར་དགོས།

དོན་ཚན་རེ་བཞི་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་རྗེས། 1987ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་ལེན་དུ་བསྟར་དགོས།

སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བྱེད་དགོས།

《 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་བྱས་པའི་སྐོར་གྱི་གསལ་བཤད། 

—2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་།མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་དོན་འགྲུབ་སྒྲོལ་མ་ནས།

ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།དྲུང་ཡིག་ཆེན་མོ་དང་ཨུ་ཡོན་ཡོན་རྣམ་པ།

ངས་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་མངགས་བཅོལ་ལྟར། 《 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་བྱས་པའི་ཐད་ཀྱི་གནས་ཚུལ་གསལ་བཤད་བྱེད་རྒྱུ་ཡིན།

གཅིག རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱེད་པའི་དགོས་ངེས་རང་བཞིན།

1987ལོར་གཏན་ལ་ཕབ་པའི《 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》(གཤམ་དུ《 རང་སྐྱོང་སྲོལ་ཡིག》ཅེས་བསྡུས་རྒྱུ)ཁྱབ་བསྒྲགས་ལག་བསྟར་བྱས་པའི་ལོ་ངོ་བཅོ་བརྒྱད་རིང་ལ། རང་ཁུལ་གྱིས་རང་སྐྱོང་ཁེ་དབང་སྤྱོད་པར་འགན་སྲུང་དང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། རང་ཁུལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས། དབུལ་སྐྱོར་མཁྲེགས་གཏོར་བཅས་ལ་སྐུལ་འདེད་བྱེད་པ་སོགས་པའི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན། འོན་ཀྱང་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་སུ་སོང་བ་དང་། ལྷག་པར་དུ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་བཟོ་བཅོས་བྱས་པ་བརྒྱུད་ནས《རང་སྐྱོང་སྲོལ་ཡིག》ལས་གཏན་ཕབ་འགའ་ཤས་གནས་བབ་གསར་བའི་འཕེལ་རྒྱས་དང་མི་མཐུན་ཞིང་དགོས་ངེས་ཀྱི་བཟོ་བཅོས་བྱེད་དགོས་བྱུང་།

གཉིས། རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱས་པའི་རྒྱུད་རིམ་དང་ཁུངས་ལུང་།

ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ཤིང་། 2002ལོའི་ཟླ8པའི་ཚེས28ཉིན། ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གྲོས་ཞིབ་བྱས་ནས《རང་སྐྱོང་སྲོལ་ཡིག》བཟོ་བཅོས་བྱེད་པའི་ཐག་བཅད། 2002ལོའི་ཟླ9བའི་ཚེས24ཉིན་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་དོན་འགྲུབ་སྒྲོལ་མ་ཚན་གཙོ་བྱས་པའི་བཟོ་བཅོས་ཞིབ་དཔྱད་ཚན་ཆུང་བཙུགས་པར་མ་ཟད་ལས་སྒྲུབ་ཀྱི་སྒྲིག་གཞི་དང་མི་སྣ་གཏན་འཁེལ་བྱས། ཁུལ་སྲིད་གཞུང་གིས་ཀྱང་སྲིད་གཞུང་འགོ་ཁྲིད་གཙོ་བོ་ཚན་གཙོ་ཡིན་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་ལེན་པ་ཁོངས་མི་ཡིན་པའི་བཟོ་བཅོས་འགོ་ཁྲིད་ཚན་ཆུང་བཙུགས།

2002ལོའི་ཟླ10ནས་བཟུང་བཟོ་བཅོས་བྱ་བ་དངོས་སུ་འགོ་བརྩམས། བཟོ་བཅོས་བྱེད་པའི་རྒྱུད་རིམ་ཁྲོད་དུ་ང་ཚོས་བཞུགས་མོལ་གྲོས་ཚོགས་དང་རྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འཆར་བསྡུ་ལེན་བྱས། 《 རང་སྐྱོང་སྲོལ་ཡིག》དམངས་འཐུས་ཚོགས་ཆེན་སྟེང་གྲོས་འཆམ་མ་བྱུང་ཡར་སྔོན་དུ་བསྡོམས་པའི་བཟོ་བཅོས་བསམ་འཆར་དང་གྲོས་འཆར420འབྱོར། བསམ་འཆར་དང་གྲོས་འཆར་འདི་དག་ལས་མཚོ་ལྷོ་བོད་རིགས་སོ་སོའི་མི་དམངས་ཀྱི་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཕྱུག་ཁུལ་དར་མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པའི་རེ་འདུན་ནན་མོ་ཕྱིར་མཚོན་ཡོད། ས་གནས་སོ་སོས་བཏོན་པའི་བསམ་འཆར་དང་གྲོས་འཆར་དག་སྒྲིག་དང་ཞིབ་བཤེར་བྱས་པ་བརྒྱུད་ནས་ལུགས་མཐུན་གྱི་བསམ་འཆར་དང་གྲོས་འཆར་ང་ཚོས་བསྡུ་གང་ཐུབ་བྱས་ཡོད། མདོར་བསྡུས་ན། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱན་ཨུ་ཁང་གི་འགོ་ཁྲིད་འོག ཞིེང་ཆེན་དམངས་ཆེན་མི་རིགས་ཕྱིར་སྡོད་ཕྱི་དོན་སོགས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་དང་རོགས་སྐྱོར་འོག 《 རང་སྐྱོང་སྲོལ་ཡིག》ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཐེངས་གཉིས་ལ་གྲོས་ཞིབ་བྱས་པ་དང་། ཐེངས་མང་བོར་བཟོ་བཅོས་བྱས་ཤིང་ཐེངས་བཅུ་ལྷག་ལ་ཞུ་དག་བཅས་བྱས་ནས་ཁུལ་ཨུ་རྒྱུན་ཨུ་ཁང་ལ་ཞུས་ཏེ་གྲོས་བསྡུར་ཞིབ་དཔྱད་བྱས་ཤིང་ཆོག་མཆན་བཀོད་རྗེས། ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་སྟེང་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད། 

《 རང་སྐྱོང་སྲོལ་ཡིག》བཟོ་བཅོས་བྱེད་པའི་ཁུངས་ལུང་གཙོ་བོ་དང་ཟུར་ལྟའི་དཔྱད་གཞི་ནི《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛུགས་བཅའ་ཁྲིམས》 《 ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》 《 སློབ་གསོ་བཅའ་ཁྲིམས》 《 གཉེན་སྒྲིག་བཅའ་ཁྲིམས》 《 དབང་བོ་སྐྱོན་ཅན་མི་སྣའི་འགན་སྲུང་བཅའ་ཁྲིམས》 《 གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》 《 རྩིས་བཤེར་བཅའ་ཁྲིམས》 《 ཀྲུང་གུང་ཀྲུང་དབྱངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་བྱ་བ་ཐད་ཀྱི་གྲོས་ཆོད》ཚོགས་ཆེན་བཅུ་དྲུག་པའི་སྙན་ཞུ། རྒྱལ་ཁབ་དང་ཁུལ་གྱི“ལྔའི་བཅུ”འཆར་གཞི་རྩ་གནད་སོགས་ཡིན།

ཐེངས་འདིའི་བཟོ་བཅོས་ཁྲོད་ཏིན་ཞོ་ཕིན་གཞུང་ལུགས་དང་“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཏང་གི་གཞི་རྩའི་ལམ་ཕྱོགས་དང་ཚོགས་ཆེན་བཅུ་དྲུག་པའི་དགོངས་དོན་བཅས་མཛུབ་སྟོན་དུ་བཟུང་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་ཕབ་རྩིས་མཐོང་སྒོས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་མཉམ་འབྲེལ་བྱས་ཏེ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་བསྩལ་བའི་ཁེ་དབང་ཇེ་ཞིབ་ཇེ་རྒྱས་སུ་བཏང་ཞིང་། རང་སྐྱོང་སྲོལ་ཡིག་གི་གཏན་ཕབ་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་སྤྱོད་ཆོག་རང་བཞིན་ལྡན།

གསུམ། རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ།

ཐེངས་འདིར་《རང་སྐྱོང་སྲོལ་ཡིག》ལས་གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་ལ་བཟོ་བཅོས་བྱས་ཡོད། བཟོ་བཅོས་བྱས་པ་བརྒྱུད་དེ་དོན་ཚན་གཉིས་བླངས་ཤིང་དོན་ཚན་གསར་བ་དྲུག་ཁ་བསྣན་ཏེ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་རེ་དྲུག་ཏུ་བགོས། བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

(གཅིག)སྤྱིའི་རྩ་དོན་ལེའུ་ནང་བཟོ་བཅོས་བྱ་ཚུལ།

1、རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་སྟེ། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ལ་ཟུང་འབྲེལ་བྱས་ཏེ། དོན་ཚན་བཞི་བའི་ཁྲོད་དུ“ཏིན་ཞའོ་ཕིན་གཞུང་ལུགས”དང“མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན”། ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ནང་དོན་ཁ་སྣོན་བྱས་ཡོད་ལ། “རང་ཁུལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན་དང་འཆམ་མཐུན་ལྡན་པ་བཅས་ཀྱི་མི་རིགས་རང་སྐྱོང་ས་གནས་སུ་སྒྱུར་དགོས”ཞེས་པའང་ཁ་སྣོན་བྱས་ཡོད།

2、རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་ཆེད། དོན་ཚན་དགུ་བའི་ཚན་པ་གསུམ་པའི་ནང“ཁྲིམས་ལྟར་ལོག་ཆོས་རྩ་འཛུགས་དང་ལོག་ཆོས་བྱ་འགུལ་མཐའ་དག་རྡུང་རྡེག་དང་ཚར་གཅོད་བྱེད་དགོས། ”ཞེས་པ་ཞེས་ཁ་སྣོན་བྱས།

3、དབང་བོ་སྐྱོན་ཅན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། དོན་ཚན་བཅུ་བའི་ཚན་པ་གཉིས་པའི་ནང་“ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་བཏང་སྟེ་འདྲ་མཉམ་སྒོས་སྤྱི་ཚོགས་བྱ་འགུལ་ཁྲོད་ཞུགས་སུ་འཇུག་དགོས། ”ཞེས་ཁ་སྣོན་བྱས།

(གཉིས)རང་སྐྱོང་ལས་ཁུངས་ཀྱི་གྲུབ་ཚུལ་དང་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལེའུ་དེའི་ནང་བཟོ་བཅོས་བྱས་ཚུལ།

1、ལེའུ་གཉིས་པའི་ནང་སྔོན་གྱི་ནང་དོན་ཕལ་ཆེར་བཞག་ཡོད། དོན་ཚན་བརྒྱ་དང་བཅོ་བརྒྱད་པའི་ཚན་པ་གསུམ་པ་བཟོ་བཅོས་བྱས་ནས“རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་བསྡུ་ལེན་བྱེད་སྐབས། བོད་རིགས་དང་གཞན་པའི་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ལ་འོས་འཚམ་གྱིས་དམིགས་བསལ་སྟེར་དགོས”ཞེས་བྲིས་ཡོད། ཚན་པ་བཞི་བ་བཟོ་བཅོས་བྱས་ནས“རང་སྐྱོང་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་གྲངས་ཉུང་མི་རིགས་ཀྱི་མི་སྣ་གདན་ཞུ་དང་བསྡུ་ལེན་བྱེད་དུས། ཐོག་མར་གྲངས་ཉུང་མི་རིགས་ཀྱི་མི་སྣ་གདན་ཞུ་བསྡུ་ལེན་བྱེད་དགོས་པར་མ་ཟད། ཞིང་སྡེ་དང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ནང་ནས་ཀྱང་གདན་ཞུ་བསྡུ་ལེན་བྱས་ཆོག”ཅེས་བྲིས་ཡོད།

2、མི་དམངས་ཁྲིམས་ཁང་དང་མི་དམངས་ཞིང་དཔྱོད་ཁང་གི་ལེའུ་འདིའི་དོན་ཚན་ཉི་ཤུའི་ནང་དུ་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་མི་སྣ་དེ་སྔོན་ཆད་ཀྱི“བོད་རིགས་དང་གཞན་པའི་མི་སྣ་ཡོད་དགོས”ཞེས་པ་དེ“བོད་རིགས་དང་གཞན་པའི་མི་རིགས་ཀྱི་མི་སྣ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད། དོན་ཚན་ཉེར་གཅིག་པའི་ཚན་པ་དང་པོ་ནང“འོས་མཐུན་གྱི་བོད་རྒྱ་སྐད་ཡིག་གཉིས་ཀ་ཤེས་པའི་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

(གསུམ)དཔལ་འབྱོར་འཛུགས་སྐྲུན་གྱི་ལེའུ་འདི་བཟོ་བཅོས་བྱས་ཚུལ།

དཔལ་འབྱོར་འཛུགས་སྐྲུན་ནི་རང་སྐྱོང་སྲོལ་ཡིག་ཁྲོད་བཟོ་བཅོས་བྱས་པའི་གཙོ་ནད་ཡིན་ལ། བཟོ་བཅོས་བྱས་པའི་བྱེ་བྲག་གི་ནང་དོན་གཤམ་ལྟར།

1、དོན་ཚན་ཉེར་གཉིས་པའི་ཚན་པ་གཉིས་པ་དེ“རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་འཆར་གཞི་དང་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་འཆར་འགོད་ཀྱི་མཛུབ་སྟོན་འོག་ཏུ། རང་ཁུལ་གྱི་ནོར་ཤུགས་དང་དངོས་ཤུགས། དེ་མིན་ཆ་རྐྱེན་གཞན་དག་གཞིར་བཟུང་སྟེ། རང་བདག་གིས་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དགོས། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་གཞི་རྩའི་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱེད་དུས། རང་སྐྱོང་ཁུལ་གྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ནས་ཆོག་འགོད་ཐོབ་རྗེས་ཆ་སྒྲིག་མ་དངུལ་ཇེ་ཉུང་དུ་གཏོང་བའམ་མེད་པར་གཏོང་བའི་དམིགས་བསལ་ལོངས་སུ་སྤྱད་ཆོག”ཞེས་བཟོ་བཅོས་བྱས་ཡོད།

2、དོན་ཚན་གཅིག་ཁ་སྣོན་བྱས་ནས་དོན་ཚན་ཉེར་གསུམ་པར་བཏང་ཞིང་། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་ས་གནས་རང་གི་དཔལ་འབྱོར་གོང་སྤེལ་གྱི་ཁྱད་ཆོས་གཞིར་བཟུང་སྟེ་ཐོན་སྐྱེད་འབྲེལ་བ་དང་དཔལ་འབྱོར་གྲུབ་ཚུལ་འོས་འཚམ་གྱིས་སྡེབ་སྒྲིག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་ལམ་ལུགས་གཙོ་ནད་ཡིན་ཞིང་སྣ་མང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་གོང་སྤེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས”ཞེས་པ་དེ་ཡིན།

3、སྔོན་མའི་དོན་ཚན་ཉེར་གསུམ་པ་དེ་དོན་ཚན་ཉེར་བཞི་བ་རུ་བསྒྱུར་བར་མ་ཟད། དེའི་ནང་དོན་བཟོ་བཅོས་བྱས་ནས“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་སྟེ། ཡུལ་བབ་དང་སྟུན་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཚུལ་དང་རང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་ཤུགས་ཆེན་པོས་སྡེབ་སྒྲིག་བྱེད་དགོས། ཚན་རྩལ་གྱིས་ཞིང་ཕྱུགས་ལས་དར་རྒྱས་སུ་གཏོང་བ་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གོང་དུ་སྤེལ་བ་དང་ནུས་ལྡན་ཐོན་ལས་འཛུགས་སྤེལ་བྱེད་པ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་བཏང་ཐོག རོང་འབྲོག་པའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས”ཞེས་པར་བསྒྱུར།

4、 དོན་ཚན་གཅིག་ཁ་བསྣན་ནས་དོན་ཚན་ཉེར་ལྔ་བ་བྱས་པ་ཡིན་ཏེ། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཐད་མཐོང་ཆེན་བྱེད་པ་དང་ངལ་རྩོལ་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་ཞབས་ཞུ་མ་ལག་ཇེ་ལེགས་སུ་གཏོང་དགོས་ཤིང་། ངལ་རྩོལ་ནུས་ཤུགས་འོས་མཐུན་གྱིས་འཁོར་རྒྱུག་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས”ཞེས་པ་དེ་ཡིན།

5、དོན་ཚན་ཉེར་བརྒྱད་པ་དོན་ཚན་སུམ་ཅུ་བར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་དུ་མུ་མཐུད་དུ་ཐོན་སྐྱེད་ཁྱིམ་འབྲེལ་དང་རྩྭ་སར་འགན་ལེན་བྱེད་པ། གཅིག་གྱུར་དང་བགོ་འགྲེམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་རིམ་གཉིས་བདག་གཉེར་ལམ་ལུགས་ཇེ་བརྟན་དང་འཐུས་ཚང་དུ་གཏོང་དགོས་ཤིང་། རོང་འབྲོག་པར་སྐུལ་སློང་སྒོས་ཁྲིམས་ལྟར་རང་མོས་ཡིན་པ། ཕན་ཚུན་ལ་ཕན་པ། རིན་དོད་ཡོད་པ་བཅས་ཀྱི་རྩ་དོན་ལྟར་ས་ཞིང་དང་རྩ་སའི་འགན་ལེན་ལས་གཉེར་དབང་ཆ་རྒྱུད་སྤྲོད་པ་དང་། རིམ་གྱིས་གཞི་ཁྱོན་ཅན་གྱི་ལས་གཉེར་གོང་དུ་སྤེལ་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་ཞིང་ཕྱུགས་ལས་ཐོན་ལས་བདག་གཉེར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

6、དོན་ཚན་ཉེར་དགུ་བ་དོན་ཚན་སོ་གཅིག་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་གཏེར་ཁུང་དང་སྐྱེ་ཁམས་ཁོར་ཡིག་གི་བདག་སྐྱོང་ཐད་ཤུགས་བསྣོན་པ་དང་། འཆར་གཞི་ཡོད་པ་དང་གཙོ་ནད་ཡོད་པའི་སྒོ་ནས་རི་བཀག་ནགས་གསོ་རྩྭ་གསོ་བྱེད་པ་དང་ནགས་རྩྭའི་སྤང་ཤུན་སླར་གསོ་བྱེད་དགོས་ཤིང་། ནགས་འཛུགས་རྩྭ་འདེབས་དང་མཁར་གྲོང་ངམ་ལྷས་ར་ལྗང་སྒྱུར་བྱེད་པར་སྐུལ་སློང་བྱེད་དགོས། རང་སྐྱོང་ཁུལ་གྱི་ས་ཁོངས་ནང་རྩྭ་ས་བརྐོ་སློག་དང་བྱེ་འགོག་སྐྱེ་དངོས་འདྲེག་སློག་བྱས་མི་ཆོག་ལ། རྩྭ་ས་བྱེ་ཐང་དུ་འགྱུར་བ་སྔོན་འགོག་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་ཐུན་མོང་དང་མི་སྒེར་ལ་གཅིག་གྱུར་གྱི་འཆར་འགོད་མཛུབ་སྟོན་འོག་རྨ་ཆུའི་གཞུང་རྒྱུད་དུ་སྐྱེད་ཚལ་ལས་དོན་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས”ཞེས་བཟོ་བཅོས་བྱས་ཡོད།

7、དོན་ཚན་སུམ་ཅུ་བ་དོན་ཚན་སོ་གཉིས་བར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་དབུལ་ཕོངས་ས་ཆ་དང་དབུལ་བོར་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་རྒྱལ་ཁབ་དང་གོང་རིམ་མི་དམངས་སྲིད་གཞུང་ནས་དངུལ་རྩ་དང་རྒྱུ་རྫས། ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱར་ཐོབ་པར་བརྩོན་ལེན་བྱས་ཏེ། དབུལ་ཕོངས་ས་ཆ་དང་དབུལ་བོ་ལ་རོགས་རམ་བྱས་ནས་མགྱོགས་མྱུར་གྱིས་དབུལ་ཕོངས་ལས་ཐར་ཞིང་འབྱོར་འབྲིང་མངོན་འགྱུར་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

8、དོན་ཚན་སོ་གཅིག་པ་དོན་ཚན་སོ་གསུམ་པར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤུགས་ཆེན་པོས་ཁེ་ལས་སྒྲིག་གཞི་བཅོས་སྒྱུར་དང་གསར་སྐྲུན་དོ་དམ་བྱེད་པ་དང་། ཧུར་ཐག་གིས་མ་རྐང་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ་སྣ་འདུས་དཔལ་འབྱོར་གོང་དུ་སྤེལ་བ་དང་། སྣ་མང་ཅན་གྱི་མ་འཇོག་སྒྲིག་གཞི་ལག་ཏུ་བསྟར་དགོས། དེང་རབས་ཀྱི་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཀུང་ཟི་བཅའ་ཁྲིམས་ལག་ཏུ་བསྟར་བ་དང་ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་ཚང་དུ་གཏོང་དགོས་ཤིང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས”ཞེས་བྲིས་ཡོད།

“རང་སྐྱོང་ལས་ཁུངས་ཀྱིས་ཚོང་ར་ཕྱོགས་སྟོན་དུ་བཟུང་སྟེ། ལག་རྩལ་གསར་སྒྱུར་དང་ལག་རྩལ་གསར་གཏོད་ཇེ་མགྱོགས་སུ་བཏང་ནས། སྲོལ་རྒྱུན་གྱི་ཐོན་ལས་དང་རྐང་འཛིན་ཁེ་ལས་སྒྱུར་བཟོ་བྱེད་པ་དང་། གཙོ་བོ་ཞིང་ཕྱུགས་དང་ཆུ་གློག གཏེར་ཁུངས། ཡུལ་སྐོར་སོགས་སྲོག་འཛིན་ཁེ་ལས་བཙུགས་ཐོག ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཀྲུང་བོད་སྨན་རྩྭ། བཙོ་སྦྱང་། ཨར་ལས་རྒྱུ་ཆ་སོགས་ནུས་ལྡན་ཐོན་ལས་གང་མྱུར་གྱིས་གོང་དུ་སྤེལ་བ་དང་། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

9、དོན་ཚན་སོ་གསུམ་པ་དོན་ཚན་སོ་ལྔ་བར་བསྒྱུར་ཞིང་། དེའི་ནང་དོན“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁེ་ལས་དང་དོན་ལས་སྡེ་ཁག་ལ་སྐུལ་སློང་བྱས་ནས། དར་རྒྱས་ས་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་ལ་དཔལ་འབྱོར་དང་ལག་རྩལ་ཐད་ནས་མཉམ་འབྲེལ་བྱེད་དགོས། རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྲིད་ཇུས་གཏན་ཕབ་བྱས་ཏེ་ཕྱི་རོལ་གྱི་མ་དངུལ་འདྲེན་པར་སྣེ་ཁྲིད་དང་སྐུལ་སློང་བྱེད་པ་དང་། དཔལ་འབྱོར་དང་ལག་རྩལ་མཉམ་འབྲེལ་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

10、དོན་ཚན་སོ་བཞི་བ་དོན་ཚན་སོ་དྲུག་པར་བསྒྱུར་ཞིང་། དེའི་ནང་དོན“རྒྱལ་ཁབ་ཀྱི་སྤྱི་ཁོག་ཚོད་འཛིན་བྱེད་པའི་མཛུབ་སྟོན་འོག་ཏུ། ཧུར་ཐག་གིས་ཆུ་བེད་དང་འགྲུམ་འགྲུལ། ནུས་ཁུངས། བརྡ་འཕྲིན། གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྤྱོད་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་པོར་བསྒྲུབ་སྟེ་འཛུགས་སྐྲུན་གྱི་གོ་རིམ་ལ་གཟབ་ནན་བྱེད་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་གྱི་སྤུས་ཀ་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

11、མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་སོ་དྲུག་པ་དང་དྲུག་ཅུ་རེ་གཅིག་པ་ནང་གཏན་འཁེལ་བྱས་པ་གཞིར་བཟུང་ནས་དོན་ཚན་སོ་དྲུག་པ་དོན་ཚན་སོ་བདུན་པར་བསྒྱུར་ཞིང་། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚོང་རའི་དཔལ་འབྱོར་སྒྲིག་རིམ་ལ་དག་ཐེར་དང་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཚོང་རའི་དཔལ་འབྱོར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ལས་རིགས་སྒེར་སྡེམ་དང་ས་གནས་བཀག་སྡོམ་མེད་པར་བཟོས་ཏེ། ཚོང་རྫས་དང་ཐོན་རྫས་རྒྱུ་ཆ་རིམ་ལྡན་གྱིས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བྱེད་དགོས”ཞེས་བཟོ་བཅོས་བྱས་ཡོད།

12、དོན་ཚན་སོ་བརྒྱད་པ་བཟོ་བཅོས་བྱས་ཏེ“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་པ་དང་། འཆར་འགོད་དང་འཛུགས་སྐྲུན་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བྱེད་དགོས། རོང་འབྲོག་ཁུལ་དུ་མཁར་གྲོང་ཆུང་བ་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས”ཞེས་བྲིས་ཡོད།

13、གོམ་གང་མདུན་སྤོས་སྒོས་རང་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ། གསར་སྤེལ་བཅས་བྱེད་ཆེད་དོན་ཚན་གཅིག་ཁ་བསྣན་ཏེ་དོན་ཚན་བཞི་བཅུ་བར་བརྩིས། དེའི་ནང་དོན་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བར་མཐོང་ཆེན་བྱེད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་རྨང་གཞི་སྒྲིག་ཆས་ཐད་གཏོང་བའི་མ་དངུལ་ཇེ་མང་དུ་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་བཅས་ཀྱི་སྲུང་སྐྱོབ་དང་དོ་དམ། གསར་འབྱེད་བེད་སྤྱོད་སོགས་ལ་ཤུགས་སྣོན་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་གནས་གསར་བ་ཞིག་ཏུ་འགྱུར་བར་སྐུལ་སྤེལ་བྱེད་པ་དང་། དམངས་ཁྲོད་ཀྱི་མ་རྩ་སྐུལ་ཁྲིད་བྱས་ཏེ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་གོར་དུ་སྤེལ་དགོས།”ཞེས་བྲིས་ཡོད།

(བཞི)ནོར་སྲིད་དངུལ་རྩའི་ལེའུ་ལ་བཟོ་བཅོས་བྱེད་ཚུལ།

1、 དོན་ཚན་བཞི་བཅུ་བ་དོན་ཚན་ཞེ་གཅིག་པར་བསྒྱུར་ཞིང་། ཚན་པ་ཞིག་ཁ་སྣོན་བྱས་ཏེ་དོན་ཚན་འདིའི་ཚན་པ་གསུམ་པར་བྱས་ལ། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་ལྟར། རྒྱལ་ཁབ་དང་གོང་རིམ་ལས་ཁུངས་ཀྱི་སྤྱིར་བཏང་གི་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད། ཆེད་སྤྱོད་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་དང་མི་རིགས་དམིགས་བསལ་སྲིད་ཇུས་ཀྱི་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་བཅས་དང་ཡང་ན་ཐབས་གཞན་པའི་སྒོ་ནས་རོགས་སྐྱོར་བྱས་པ་བཅས་ལོངས་སུ་སྤྱད་ཆོག ” ཞེས་པ་དེ་ཡིན།

2、དོན་ཚན་ཞེ་གསུམ་པ་ནང་གི་“རང་སྐྱོང་ཁུལ་ལ་བསྡུར་ཚད་ངེས་ཅན་གྱི་ཁྲལ་འབབ་ཆ་བགོས་འཐེན་ཉར་བྱེད་དགོས”ཞེས་པ་དེ། “རང་སྐྱོང་ཁུལ་ལ་བསྡུར་ཚད་ངེས་ཅན་གྱི་ཁེ་ཕན་ཁ་གསབ་སྟེར་བ་དང་། ས་གནས་དཔལ་འབྱོར་གོར་དུ་སྤེལ་བར་རོགས་སྐྱོར་བྱས་ཏེ་ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལྟ་སྐྱོང་བྱེད་དགོས། ”ཞེས་བསྒྱུར་ཡོད།

3、དོན་ཚན་གཅིག་ཁ་སྣོན་བྱས་ཏེ་དོན་ཚན་ཞེ་ལྔ་བར་བསྒྱུར་ཞིང་། དེ་ནི“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ནོར་སྲིད། ཁྲལ་སྡུད། དངུལ་རྩ་དང་ཡིད་རྟོན་དངུལ་བུན་སོགས་ཀྱི་ཕྱོགས་ནས་དབུལ་ཕོངས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གོང་དུ་སྤེལ་བར་རོགས་རམ་བྱེད་དགོས།”ཞེས་བྲིས་ཡོད།

4、དོན་ཚན་གཅིག་ཁ་སྣོན་བྱས་ནས་དོན་ཚན་ཞེ་དྲུག་པར་སྒྱུར་ཞིང་། དེ་ནི"རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་དམིགས་ནས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ས་གནས་ཚོང་ལས་དངུལ་ཁང་དང་གྲོང་སྡེ་ཡིད་རྟོན་མཉམ་ལས་རྩ་འཛུགས་འཛུགས་པ་དང་། དངུལ་རྩས་རང་སྐྱོང་ཁུལ་གྱི་བརྟན་འཇགས་མ་དངུལ་ལས་གཞི་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ལ་མཐུན་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས།”ཞེས་བཀོད་ཡོད།

(ལྔ་བ།)སློབ་གསོ་ཚན་རྩལ་རིག་གནས་འཕྲོད་བསྟེན་ལུས་རྩལ་བྱ་བཞག་གི་ལེའུ་ནང་བཟོ་བཅོས་བྱས་ཚུལ།

1、དོན་ཚན་ཞེ་ལྔ་བ་དེ་དོན་ཚན་ཞེ་བརྒྱད་པར་བསྒྱུར་བ་མ་ཟད། དེའི་ཚན་པ་གཉིས་པ་དང་གསུམ་པ་བཟོ་བཅོས་བྱས་ནས། “རང་སྐྱོང་ལས་ཁུངས་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་བརྡལ་དུ་གཏོང་པ་དང་། མཐོ་འབྲིང་དཀྱུས་མའི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ་ལ་ཤུགས་སྣོན་པ་དང་། སློབ་གྲྭར་མ་ཞུགས་སྔོན་གྱི་བྱིས་པའི་སློབ་གསོ་དང་དར་མའི་སློབ་གསོ་ལ་མཐོང་ཆེན་བྱེད་པ།རྒྱང་སྤེལ་སློབ་གསོ་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས”ཞེས་བསྒྱུར་ཡོད།

རང་སྐྱོང་ལས་ཁུས་ཀྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་ལ་དམིགས་བསལ་སློབ་གསོའི་སློབ་གྲྭ(འཛིན་གྲྭ)ཞེས་པའང་བསྣན་ཡོད།

2、དོན་ཚན་ཞེ་བརྒྱད་པ་དེ་དོན་ཚན་ང་གཅིག་པར་བསྒྱུར་ཞིང་། ཚན་པ་ཞིག་ཁར་བསྣན་ནས་ཚན་པ་གཉིས་བྱས་པ་སྟེ།“རང་སྐྱོང་ལས་ཁུངས་ཀྱིས་ལོ་རེར་བསྡུར་ཚད་ངེས་ཅན་ཞིག་གི་མ་དངུལ་བཏང་ནས་ལས་རིགས་ལག་རྩལ་སློབ་གསོ་དང་རོང་འབྲོག་པའི་ཚན་རྩལ་གསོ་སྦྱོང་ལ་ཤུགས་སྣོན་དགོས། ”ཞེས་བཀོད་ཡོད།

3、ནང་དོན་ཚན་པ་ཞིག་ཁ་བསྣན་ནས་དོན་ཚན་ང་གཉིས་པར་སྒྱུར་ཞིང་། དེ་ནི་"རྨོངས་སེལ་བྱ་བར་ཤུགས་སྣོན་བྱེད་པ་དང་། ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་དགོས་པ་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་རིག་གནས་དང་ཚན་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས་"ཞེས་བཀོད་ཡོད།

4、དོན་ཚན་ང་གཅིག་པ་ང་ལྔ་བར་སྒྱུར་བ་མ་ཟད། “ཀྲུང་ཕྱི་བོད་སྨན་མཉམ་གསོ་བྱེད་པ་ཞེས་པའི་མཇུག་ཏུ་ཐོལ་བྱུང་རང་བཞིན་གྱི་སྤྱི་དམངས་འཕྲོད་བསྟེན་དོན་རྐྱེད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན” ཞེས་པ་ཁ་སྣོན་བྱས་པ་དང་། ནང་དོན་ཚན་པ་ཞིག་ཁ་བསྣན་ནས་ཚན་པ་གསུམ་པ་བྱས་ལ། དེ་ནི“རང་སྐྱོང་ལས་ཁུངས་ཀྱིས་ས་གནས་ཀྱི་གནས་ཚུལ་དངོས་གཞིར་བཟུང་ནས་བྱེད་ཐབས་སྣ་མང་སྤྱད་དེ་རིམ་བཞིན་རོང་འབྲོག་ཁུལ་དུ་འཕྲོད་བསྟེན་བདེ་ཐང་མ་ལ་འཐུས་ཚང་དུ་བཏང་ནས་མཉམ་ལས་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་མི་རེ་རེ་ཚང་མས་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས”ཞེས་བྲིས་ཡོད།

5、དོན་ཚན་ང་གཉིས་པ་དོན་ཚན་ང་དྲུག་པར་སྒྱུར་བ་དང་། ནང་དོན་གྱི་ཕྱོགས་ནས་“རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་ཕྲུག་སྐྱེ་ལེགས་བཙའ་ལག་བསྟར་བྱེད་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་མི་འབོར་འཕར་བ་ཚོད་འཛིན་བྱེད་པ། འགྲོ་འདུག་ངེས་མེད་མི་འབོར་གྱི་འཆར་ལྡན་ཕྲུག་སྐྱེའི་ཞབས་ཞུ་དང་དོ་དམ་ལ་ཤུགས་བསྣན་ནས་མི་འབོར་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས”ཞེས་བྲིས་འདུག

(དྲུག་པ།) མི་རིགས་འབྲེལ་བའི་ལས་ལ་བཟོ་བཅོས་བྱས་ཚུལ།

དོན་ཚན་ང་ལྔ་བ་དོན་ཚན་ང་དགུ་བར་བསྒྱུར་ཏེ་ནང་དོན་གྱི་ཕྱོགས་ནས།“མི་རིགས་སོ་སོའི་སྤྱི་དམངས་ཀྱིས་རྒྱ་རིགས་རྣམས་གྲངས་ཉུང་མི་རིགས་ལ་ཁ་བྲལ་མི་ཐུབ་པ་དང་། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ལ་ཁ་བྲལ་མི་ཐུབ་པ། གྲངས་ཉུང་མི་རིགས་དང་རྒྱ་མི་རིགས་ཕན་ཚུན་བར་ལ་ཁ་བྲལ་མི་ཐུབ་པའི་བསམ་བློ་བརྟན་པོ་འཛུགས་པའི་སློབ་གསོ་ནན་མོ་བཏང་ནས། མི་རིགས་སོ་སོས་མཉམ་པར་མཐུན་སྒྲིལ་རྩོད་ལེན་བྱེད་པ་དང་། མཉམ་པ་དར་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོབ་དང་གོང་དུ་སྤེལ”ཞེས་བྲིས་ཡོད།

(བདུན་པ།)ཞར་བྱུང་གི་ལེའུ་ལ་བཅོས་བསྒྱུར་བྱས་པ།

དོན་ཚན་ང་དགུ་བ་དོན་ཚན་རེ་གསུམ་པར་སྒྱུར་བ་དང་དེའི་ནང་དོན་གྱི་ཕྱོགས་ནས། "ལོ་རེའི་ཟླ་8པའི་ཚེས1ཉིན་ནི་རང་སྐྱོང་ཁུལ་བཙུགས་པའི་རྗེས་དྲན་ཉིན་མོ་ཡིན་ལ། ནང་དོན་ཚན་པ་ཞིག་ཁར་བསྣན་ནས་དེའི་ཚན་པ་གཉིས་པར་སྒྱུར་ཡོད་དེ། “ལོ་རེའི་བོད་ལུགས་ལོ་སར་ལ་ཉིན་གཅིག་གི་གནང་བ་སྟེར་དགོས། ”ཞེས་བཟོ་བཅོས་བྱས་ཡོད།

གཞན་ད་དུང་སྲོལ་ཡིག་ཁྲོད་ཀྱི་ཡིག་འབྲུ་ཁ་ཤས་དང་ཚེག་ཤད་ལ་བཟོ་བཅོས་བྱས་ཡོད། བཟོ་བཅོས་བྱས་རྗེས་ཀྱི་རང་སྐྱོང་སྲོལ་ཡིག་ནང་གི་དོན་ཚན་གྱི་རིམ་པལེགས་སྒྲིག་བྱས་ཡོད།

གོང་གི་གསལ་བཤད་འདི་དང་བཟོ་བཅོས་བྱས་རྗེས་ཀྱི་《རང་སྐྱོང་སྲོལ་ཡིག》གི་ཐག་གཅོད་དུས་མཉམ་དུ་གྲོས་བསྡུར་གནང་བར་འཚལ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།