མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྲོལ་ཡིག

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྲོལ་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད།

(2016ལོའི་ཟླ7པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་དུ་གྲོས་འཆམ་བྱུང་།)

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་དུ་གྲོས་ཐག་བཅད་པ་ལྟར། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྲོལ་ཡིག》ལ་ཆོག་མཆན་བཀོད་པས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་ཏེ་ལག་བསྟར་བྱ་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་སྤྱི་བསྒྲགས། (ཨང12པ)

《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྲོལ་ཡིག》2016ལོའི་ཟླ7པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཐེངས་ཉེར་བརྒྱད་པའི་སྟེང་ཆོག་མཆན་བཀོད་པ་དང་། ད་ལྲ་སྤྱི་བསྒྲགས་བྱས་པ་ཡིན་ཏེ། ཆོག་མཆན་བཀོད་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས། 2016ལོའི་ཟླ8པའི་ཚེས19ཉིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྲོལ་ཡིག

(2016ལོའི་ཟླ6པའི་ཚེས24ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་སྟེང་གྲོས་འཆམ་བྱུང་། 2016ལོའི་ཟླ7པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་ཆོག་མཆན་བཀོད།)

དོན་ཚན་དང་པོ། འདྲ་མཉམ་དང་། མཐུན་སྒྲིལ། རེས་རོགས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བརྟན་ཇེ་རྒྱས་སུ་གཏོང་བ་དང་། མི་རིགས་སོ་སོས་མཉམ་གཅིག་ཏུ་མཐུན་སྒྲིལ་ཡར་ཐོན་དང་། མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་གཞིར་བཟུང་སྟེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་རང་སྐྱོང་ཁུལ་ཞེས་བསྡུས་ཡོད)གྱི་དོན་དངོས་དང་སྦྲེལ་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་རོལ་དུ་སྤྱོད་ན་འཕྲོད་པ་ཡིན།

དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་མ་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་རྒྱུན་འཁྱོངས། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། མི་རིགས་སོ་སོས་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་འཐབ་དང་མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་དུ་གཏོང་བ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ཚོགས་པ་ཞིག་ཡིན་པའི་བསམ་བློའི་རྨ་གཞི་བརྟན་པོར་གཏོང་བ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་སྲོང་རྒྱུན་འཁྱོངས་བཅས་བྱས་པར་བརྟེན་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས། འདྲིས་མཐུན་བཅས་ལ་ཤུགས་སྣོན་དང་། མི་རིགས་སོ་སོ་འགྲིག་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བྱེད་དགོས།

རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བཏབ་སྟེ། རིགས་སོ་སོའི་སྤྱི་དམངས་ཀྱིས་རླངས་ཆེན་མེས་རྒྱལ་བཟུང་བའི་མོས་མཐུན་དང་། ཀྲུང་ཧ་མི་རིགས་ལ་བཟུང་བའི་མོས་མཐུན། ཀྲུང་ཧའི་རིག་གནས་ལ་བཟུང་བའི་མོས་མཐུན། ཀྲུང་གི་གུང་ཁྲན་ཏང་ལ་བཟུང་བའི་མོས་མཐུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

དོན་ཚན་བཞི་བ། རང་སྐྱོང་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གོང་དུ་སྤེལ་བ་ནི། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ། རྩ་འཛུགས་གཞན་པ་དང་སྤྱི་དམངས་བཅས་ཀྱི་འོས་འགན་ཡིན།

དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་མཁན་གཙོ་བོ་ཡིན་ཞིང་། དེའི་འགན་འཁྲི་གཙོ་བོ་ནི་གཤམ་གསལ་འདི་ལྟ་སྟེ།

(གཅིག)ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་ལག་བསྟར་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་པ།

(གཉིས།)མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་གྱི་གོང་སྤེལ་འཆར་བཀོད་དང་བྱ་བའི་དམིགས་ཚད་འགན་འཁྲི་དང་བཅས་པ་གཏན་འབེབས་བྱེད་པ་དང་། དེའི་རྒྱུན་ཕན་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ།

(གསུམ།)རིམ་པ་འོག་མའི་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་སྤེལ་བར་མཛུབ་སྟོན་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པ།

(བཞི།)སྤྱི་ཚོགས་བཅོས་སྐྱོང་བྱེད་སྲོལ་ཁྲིམས་ལུགས་ཅན་དུ་བསྒྱུར་བ་རྒྱུན་འཁྱོངས་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་ཁྲིམས་ལྟར་འདུམ་སྒྲིག་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ལམ་གསར་གཏོད་བྱེད་པར་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བཅས་བྱེད་པ།

(ལྔ)གྲོང་རྡལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྐྲུན་མཉམ་འཛུགས་བཅས་ལས་ལུགས་གསར་འཛུགས་བྱེད་པ།

(དྲུག)རང་སྐྱོང་ཁུལ་དུ་བཅའ་སྡོད་བྱས་པའི་སྡེ་ཚན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྤེལ་བར་མཐུན་འགྱུར་བྱེད་པ།

(བདུན)མཐའ་འབྲེལ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་སྐྲུན་མཉམ་འཛུགས་ལམ་ལུགས་གསར་འཛུགས་བྱེད་པ།

(བརྒྱད།)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་བྱིན་ནས་ངོ་སོ་བསྟོད་པ།

(དགུ)འགན་ཁུར་དགོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ལས་དོན་གཞན་དག་ཀྱང་བསྒྲུབ་པ།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས། སྲིད་འཛིན་ས་ཁོངས་དེའི་ནང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་བྱེ་བྲག་གི་འགན་འཁུར་དགོས་པ་དང་། དེའི་འགན་ཁུར་གཙོ་བོ་ནི་གཤམ་གསལ་འདི་དག་སྟེ།

(གཅིག)ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་གྱི་ཇུས་འགོད་དང་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པ།

(གཉིས)མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བྱེད་བྲག་པ་དང་གྲོས་འགོ་བཅས་འདོན་པ།

(གསུམ)ཁྱིམ་ཚང་དང་། སྡེ་ཁུལ། གྲོང་གསེབ། ལས་ཁུངས། སློབ་གྲྭ། ཁེ་ལས། ཆོས་ལུགས་བྱེད་སྒོ་སྤེལ་ས། དམག་སྒར་བཅས་ཀྱི་ཁྲོད་དུ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང་བར་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤེལ་བའི་ཕྱོགས་ཀྱི་མང་ཚོགས་ཀྱི་རྨང་གཞི་གཏོང་བ།

(བཞི)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་སྤེལ་བ།

(ལྔ)རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས། མི་རིགས་ཆོས་ལུགས་ཀྱི་རྒྱུན་རྐྱེན་དང་འབྲེལ་བའི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་པ།

(དྲུག)ཆོས་ལུགས་བྱེད་སྒོ་སྤེལ་སར་དམངས་གཙོའི་སྒོ་ནས་དོ་དམ་བྱེད་སྲོལ་འཐུས་ཚང་དུ་བཏང་ཐོག དེ་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ཀྱི་མི་སྣ་ལ་སློབ་གསོ་དང་སྐྱེད་སྲིང་བྱས་ཏེ། དེ་དག་ལ་ཁོ་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་དུ་བཅུག་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ།

(བདུན)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་དཔྱད་འདེམས་གཟེངས་བསྟོད་སྐོར་གྱི་བྱ་བ་བྱེ་བྲག་པའི་འགན་འཁུར་བ།

(བརྒྱད) འགན་འཁུར་དགོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ལས་དོན་གཞན་དག་ཀྱང་བསྒྲུབ་པ།

དོན་ཚན་བདུན་པ། རང་སྐྱོང་ཁུལ་ནང་གི་ཡུལ་ཚོ(གྲོང་རྡལ)མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲོད་ཀྱི་འགན་འཁྲི་གཙོ་བོ་ནི།

(གཅིག)མི་རིགས་ཆོས་ལུགས་སྲིད་ཇུས་དང་། བཅའ་ཁྲིམས། ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་བཏང་བར་བརྟེན་ནས། མི་རིགས་སོ་སོའི་སྤྱི་དམངས་ཀྱིས་རང་རྟོགས་སྒོས་ཁྲིམས་ལུགས་བརྩི་བ་དང་། ཁྲིམས་ལུགས་སྦྱོང་བ། ཁྲིམས་ལུགས་སྲུང་བ། ཁྲིམས་ལུགས་བེད་སྤྱོད་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པར་མ་ཟད། རིགས་སོ་སོའི་སྤྱི་དམངས་རྩ་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་འགུལ་ནང་དུ་ཞུགས་སུ་འཇུག་པ།

(གཉིས)མི་རིགས་སོ་སོའི་སྤྱི་དམངས་ཐུན་མོང་གི་འདོད་བློ་དང་ཁེ་ཕན་གྱི་དགོས་འདོད་མཚོན་པར་བྱེད་པ་དང་།འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བསྡུམས་ནས་འོས་ཤིང་འཚམ་པར་ཐག་གཅོད་པ།

(གསུམ)ཡུལ་ཚོའམ་གྲོང་རྡལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོ་སྤེལ་གཞིས་བཙུགས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་དུས་སྟོན་བེད་སྤྱོད་བྱེད་ཅི་ཐུབ་ཀྱིས། མི་རིགས་སོ་སོའི་སྤྱི་དམངས་རྩ་འཛུགས་བྱས་ནས། རྣམ་པ་གང་མང་འཛོམས་ལ། ཁྱད་ཆོས་མངོན་གསལ་ཡིན་ཞིང་། ནང་དོན་ཕུན་སུམ་ཚོགས་ཤིང་། སྐྱོན་བྲལ་ཡར་ལ་བལྟ་བ་བཅས་ཀྱི་རིག་གནས་རོལ་རྩེད་བྱ་འགུལ་སྤེལ་བ།

(བཞི)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་གཞི་འཛུགས་སྲོལ་གསར་གཏོད་བྱེད་པར་བརྟེན་ནས། སྡེ་བ(སྡེ་ཁུལ)རྣམས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་བ(སྡེ་ཁུལ)རུ་བསྒྱུུར་བའི་བྱ་འགུལ་སྤེལ་བའི་ཕྱོགས་སུ་འདྲེན་པ།

(ལྔ)མངའ་ཁུལ་ནང་གི་ཆོས་ལུགས་མི་སྣ་དང་འབྲེལ་འདྲིས་བྱ་རྒྱུར་ཤུགས་སྣོན་བྱེད་པར་བརྟེན་ནས། ཁོར་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲོད་དུ་ནུས་པ་འདོན་ཅི་ཐུབ་བྱེད་དུ་འཇུག་པ།

(དྲུག)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་གཞན་པའི་འགན་ཁུར་བ།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་ཁུལ་དང་། རྫོང་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལྟ་སྐུལ་བྱེད་དགོས་པ་སྟེ། རམ་པ་གཅིག་པའི་མི་དམངས་སྲིད་གཞུང་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྤེལ་བར་རྟིང་སྐུལ་བྱེད་དགོས། ཡུལ་ཚོའམ་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་ཚོགས་པས་མངའ་ཁུལ་ནང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལྟ་ཞིབ་བྱེད་དགོས།

དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཁྲིམས་འཛིན་ལས་ཁུངས་ཀྱིས། མངི་རིགས་དང་ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་ནས་རྒྱལ་ཁབ་ཁ་བྲལ་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག སྤྱི་ཚོགས་བརྟན་འཇགསལ་གཏོར་བརླག་བཅས་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམསལྟར་རྡུང་རྡེག་དྲག་པོ་བྱས་ཏེ། རང་སྐྱོང་ཁུལ་གྱི་ཡུན་སྐྱོང་བདེ་འགོད་ལ་ཁྲིམས་སྐྱོང་གི་ཕྱོགས་ནས་འགན་སྲུང་བྱེད་དགོས།

དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་ཁུལ་དང་། རྫོང་རིམ་པའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུན་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོ་སྤེལ་བར་བརྟེན་ནས། སྤྱི་ཚོགས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་སུ་འཇུག་པ།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་འགོད་ནང་འཇུག་དགོས་ལ། དེར་མཁོ་བའི་གྲོན་དངུལ་ཡང་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འཇུག་དགོས་པར་མ་ཟད། ད་དུང་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་ལ་གཞིགས་ནས་ལོ་རེ་བཞིན་ཇེ་མང་དུ་གཏོང་དགོས།

དོན་ཚན་བཅུ་གཉིས་པ། ལོ་རེའི་ཟླ་དགུ་བ་ནི་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲག་ཟླ་བ་ཡིན་པས། གནས་སྐབས་དེར་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲག་བྱེད་སྒོ་གཅིག་སྡུད་ཀྱིས་སྤེལ་དགོས།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱི་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་ཤུགས་ཆེན་པོས་མི་རིགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་།ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་དང་སྐུལ་མ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། ཡུལ་བབ་ཉེར་བསྟུན་དང་། རིགས་དབྱེ་མཛུབ་སྟོན།མཉམ་གཅིག་གོང་སྤེལ་བཅས་རྒྱུན་འཁྱོངས་བྱས་ཐོག དེང་རབས་སྐྱེ་ཁམས་ཞིང་ལས་དང་། ནུས་ཁུངས་གཙང་མའི་ཐོན་ལས་གསར་བ། མཐོ་སྒང་གི་རིག་གནས་ཡུལ་སྐོར་ལས་རིགས་བཅས་ཤུགས་བཏོན་ནས་སྐྱེས་སྲིང་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་ཀྱི་གཅིག་བསྡུས་གོང་སྤེལ་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དངས་སྲིད་གཞུང་གིས། མི་རིགས་སོ་སོའི་རིག་གནས་བརྗེ་རེས་ལ་ཤུགས་སྣོན་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་ཐོན་ཁུངས་སྔོག་འདོན་བཅས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

མི་རིགས་སོ་སོའི་སྲོལ་རྒྱུན་དུས་སྟོན་ལ་བརྩི་འཇོག་བྱེད་པ་དང་། མི་རིགས་སོ་སོའི་སྤྱི་དམངས་དག་ཕན་ཚུན་གྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོའི་ཁྲོད་ཞུགས་པར་བསྔགས་སྐུལ་བྱེད་དགོས།

དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས། མི་རིགས་སློབ་གསོའི་ལས་དོན་ལ་ཤུགས་ཆེན་པོ་བཏོན་ནས་འཕེལ་རྒྱས་སུ་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞི་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་གཏོང་དགོས།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་བཅོས་དང་།ཐོན་ཁུངས་ལུགས་མཐུན་སྒོས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། ཐོན་ཁུངས་དེ་རིགས་ཡོད་སའི་ཡུལ་དེ་གའི་མང་ཚོགས་ཀྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིས་སྣེ་ཁྲིད་ཀྱི་ནུས་པ་འདོན་ཅི་ཐུབ་ཀྱིས། དྲིལ་སྒྲོག་སློབ་གསོ་བྱེད་སྲོལ་གསར་གཏོད་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་ལ་ཤུགས་སྣོན་བྱེད་པ་བཅས་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱིས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཐོག བོད་ཡིག་ཆ་འཕྲིན་ཐོན་ཁུང་ཀྱི་ཞབས་འདེགས་ནུས་ཤུགས་མཐོར་འདེགས་གཏོང་བ་དང་། བོད་སྐད་ཡིག་གི་བཀོལ་སྤྱོད་དང་གོང་སྤེལ་ལ་སྐུལ་འདེད། བོད་ཡིག་ཆ་འཕྲིན་གྱི་བདེ་འཇགས་ལ་འགན་སྲུང་བཅས་བྱས་པར་བརྟེན་ནས། དེ་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཁྲོད་ཐོན་བཞིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས། དམངས་འཚོ་ལེགས་བཅོས་སྐོར་གྱི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པར་མཐོང་ཆེན་དང་། དབུལ་སྐྱོར་འགག་སྒྲོལ་གྱི་བྱ་བར་སྐུལ་འདེད། འགན་སྲུང་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་བཅས་བྱས་པར་བརྟེན་ནས། དམངས་འཚོ་རྒྱུན་མ་ཆད་པར་ལེགས་བཅོས་བྱེད་དགོས།

 དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་གྲངས་ཉུང་མི་རིགས་ཀྱི་བུད་མེད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པར་མཐོང་ཆེན་བྱེད་དགོས།

རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་པ་བཅས་ཀྱིས་ལས་བྱེད་མི་སྣ་བསྡུ་སྤྱོད་བྱེད་སྐབས། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་དམིགས་ནས་གཏན་འཁེལ་བྱས་པའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཐོག བྱ་བའི་དགོས་མཁོ་ལ་གཞིགས་ནས། གཞི་རིམ་དང་སྒེའུ་ཁུང་ཞབས་ཕྱི་ཚན་པར་སྐད་གཉིས་ལས་བྱེད་མི་སྣ་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་ནང་གི་རླངས་འཁོར་འབབ་ཚུགས་དང་། མགྲོན་ཁང་། སྨན་ཁང་། ཚོང་ར། ཡུལ་སྐོར་ལྗོངས་ཁུལ། (ལྗོངས་གནས)ལ་སོགས་པའི་སྤྱི་བའི་ཞབས་ཞུའི་ལས་རིགས་ཀྱིས།མི་རིགས་སོ་སོའི་སྤྱི་དམངས་ལ་དོ་མཉམ་པའི་ཞབས་ཕྱིའི་མཐུན་རྐྱེན་སྒྲུབ་དགོས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་ནང་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ནས། འགོ་ཁྲིད་ཀྱིས་འགན་ཁུར་བའི་ལམ་ལུགས་དང་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱེད་པར་བརྟེན་ནས། ལོར་རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་དམིགས་ཚད་ཟིན་པའི་སྡེ་ཚན་ལ་བྱ་དགའ་བྱིན་ནས་དེའི་ངོ་སོ་བསྟོད་དགོས།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་གྱིས་ལོ་གསུམ་རེའི་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་དགོས་པ་དང་། རྫོང་སོ་སོས་ལོ་གཉིས་རེའི་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་དགོས་པ།ཡུལ་ཚོ(གྲོང་རྡལ)སོ་སོས་ལོ་རེ་ར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་བྱིན་ནས་དེའི་ངོ་སོ་བསྟོད་དགོས།

དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་།ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ་བཅས་ཀྱི་ཁྲོད་དུ། གཤམ་གསལ་གནས་ཚུལ་ནང་གི་རིགས་གཅིག་བྱུང་ཡོད་ན། མི་རིགས་ཆོས་ལུགས་ལས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས།དེར་སྐྱོན་བརྗོད་བྱས་ཏེ་སློབ་གསོ་གཏོང་དགོས་པར་མ་ཟད། ད་དུང་ཡོ་བསྲང་ཡང་བྱེད་དུ་འཇུག་དགོས། བཅོས་སྒྲིག་བྱེད་པའི་གནས་སྐབས་དེར། དེ་ནི་རིགས་དང་རིམ་པ་སོ་སོའི་སྔོན་ཐོན་ཐུན་མོང་གི་དཔྱད་འདེམས་ནང་དུ་ཞུགས་མི་ཆོག དུས་ཚད་ལས་འདས་ཏེ་ཡོ་བསྲང་མ་བྱས་ན།རང་རང་གི་སྲིད་འཛིན་མངའ་ཁོངས་དེའི་ནང་དུ་ཁྱབ་བསྒྲགས་བྱེད་དགོས་ལ། སྔར་ཐོབ་པའི་མཚན་སྙན་སྣ་ཚོགས་དང་ཚད་ལོན་སྡེ་ཚན་གྱི་ཐོབ་ཐང་ཡང་མེད་པར་བྱེད་དགོས།

(གཅིག)མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏན་འཁེལ་ལྟར་མི་སྤེལ་བ།

(གཉིས)མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་དམིགས་ཚད་འགན་འཁྲི་ལམ་ལུགས་གཏན་འཁེལ་ལྟར་དོན་འཁྱོལ་མི་བྱེད་པ།

(གསུམ)རང་གི་ཁོངས་གཏོགས་དང་།རང་གི་སྡེ་ཚན་ནང་བྱུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོན་དངུལ་དངོས་འབེབས་མི་བྱེད་པ།

(ལྔ)སྲོལ་ཡིག་འདིའི་གཏན་འབེབས་ལ་རྒྱབ་འགལ་བྱས་པའི་གནས་ཚུལ་གཞན་དག

དོན་ཚན་ཉེར་ལྔ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཚབས་ཅུང་ཆུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རིགས་ཆོས་ལུགས་ལས་དོན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས། སྐྱོན་བརྗོད་བྱེད་པ་དང་སློབ་གསོ་གཏོང་བར་བརྟེན་ནས་ཡོང་བསྲང་བྱེད་དུ་འཇུག་དགོས། དོན་དག་ཅུང་ཚབས་ཆེ་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་གི་ངོས་ནས་ཉེས་ཆད་གཅོད་དགོས། དོན་དག་ཚབས་ཆེ་ཞིང་ཉེས་བསགས་ཀྱི་ཚད་ལ་སླེབས་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་འདེད་དགོས།

(གཅིག)མི་རིགས་ཀྱི་བརྩེ་དུང་ལ་གནོད་པ་དང། མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོབ་བ། མེ་རྒྱལ་གྱི་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་བཅས་ཀྱི་གཏམ་བརྗོད་དང་བྱ་སྤྱོད་སྤེལ་བ།

(གཉིས)དཔེ་དེང་དང་། ཚགས་པར། དུས་དེབ། སྒྲ་བརྙན་ཐོན་རྫས། གློག་བརྙན་བརྙན་འཕྲིན་དྲ་བ། ཚོང་རྟགས། འགྲེམ་བརྡ་ལ་སོགས་པའི་རིག་གནས་མཚོན་བྱེད་ཀྱི་ཐོན་རྫས་ནང་དུ་མི་རིགས་ཀྱི་ལ་རྒྱ་དང་བརྩེ་དུང་ལ་གནོད་པའི་ནང་དོན་བཀོད་པ།

(གསུམ)མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་མིང་དང་འབོད་མིང་བཀོལ་སྤྱོད་བྱེད་པ།

(བཞི)མི་རིགས་ཀྱི་བརྩེ་དུང་ལ་གནོད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཡུལ་སྲོལ་གོམས་གཤིས་ལ་གནོད་འཚེ་གཏོང་བ། མི་རིགས་ལ་མཐོང་ཆུང་དང་། མི་རིགས་ཀྱི་ཞེ་འཁོན་སློང་བའི་ནང་དོན་ལྡན་པ་བཅས་ཀྱི་རིག་རྩལ་ལེ་ཚན་སྣ་ཚོགས་གཏོང་བ།

(ལྔ)བསམ་གཟས་ནས་མི་རིགས་བར་རམ་མི་རིགས་ནང་ཁུལ་གྱམི་འགལ་རྩོད་དང་།ཆོས་ལུགས་ཀྱི་འགལ་རྐྱེན་དང་གྲུབ་མཐའི་རྩོད་གཞི་སོགས་སློང་བའམ་བཟོ་བ།

(དྲུག)ལོག་ཆོས་སྒྲོག་སྤེལ་བྱེད་པ།

(བདུན)ཆོས་ལུགས་བེད་སྤྱད་ནས་སྲིད་འཛིན་དང་།སྲིད་ཁྲིམས། སློབ་གསོ་བཅས་ལ་ཐེ་གཏོགས་བྱེད་པ་དང་།རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ཁྲིམས་དང་བྱ་བའི་སྒྲིག་སྲོལ། འཚོ་བའི་སྒྲིག་རིམ་བཅས་ལ་འགོག་རྐྱེན་བཟོ་བ།

(བརྒྱད)མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག

དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ནང་འགན་དབང་གང་འདོད་དུ་བཀོལ་བ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཕྱོགས་འཛིན་གཡོ་ཟོལ་བྱེད་པ་བཅས་ཀྱི་གནས་ཚུལ་བྱུང་ན།འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དག་གི་ཚབས་ཆེ་ཆུང་ལྟར་གཙོ་སྐྱོང་མི་སྣ་དང་དེའི་ཁན་ཁག་ཐད་ཀར་འཁུར་དགོས་པའི་མི་སྣ་དེ་ལ་དེར་མཐུན་གྱི་སྲིད་འཛིན་ཆད་པ་གཅོད་དགོས། ཉེས་བསགས་ཀྱི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་འདེད་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས། འདིའི་ལག་ལེན་ཞིབ་སྲོལ་གཏན་འབེབས་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་ལག་བསྟར་བྱ་རྒྱུ་ཡིན།

ཏང་ཨུ་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཀྱང་་འཚམས་འདྲི་སོགས་ཀྱི་རྣམ་པ་བརྒྱུད་ནས་ཏང་ཕྱིའི་མི་སྣའི་བར་གྱི་འབྲེལ་འདྲིས་ལ་ཤིགས་སྣོན་དགོས་པ་དང་། ཁོང་ཚོའི་ལས་ཀར་རྒྱབ་སྐྱོར་དང་དཀའ་ངལ་སེལ་དགོས་ཤིང་། ཆ་རྐྱེན་ལེགས་པོ་བསྐྲུན་ནས་ཀྲུང་གི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་བཞིན་པའི་ཏང་མང་མཉམ་འབྲེལ་གྱི་བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་ལག་བསྟར་རྩ་གནད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐིལ་ཕྱིན་དང་། ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནསཞ ཞིང་ཆེན་ཡོངས་ཀྱི་ཚན་རིག་གོང་སྤེལ་དང་ཡུན་རིང་བདེ་འགོད་་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཆེད་དུ་རྩ་གནད་འདི་གཏན་ལ་ཕབ་པ་ཡིན།

གཅིག མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གོང་སྤེལ་དུ་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླངས་ཆེན་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པར་འབྱོར་ཕྱུག་དཔལ་ཡོན་ལྡན་པའི་འཆམ་མཐུན་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་ཐད་དོན་སྙིང་གལ་ཆེན་ལྡན།

མཐུན་སྒྲིལ་ནི་གོང་སྤེལ་གྱི་རྨང་གཞི་ཡིན་ཞིང་། གོང་སྤེལ་ནི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་ཐུག་ཡོད། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་དེ་འདྲའི་དར་རྒྱས་མིན་ལ། ས་ཁུལ་དང་ཞང་གྲོང་བར་་གྱི་འཕེལ་རྒྱས་འདྲ་མཉམ་མིན་པས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་འགན་ཧ་ཅང་ལྕི་བ། སྔོན་ཐོན་ས་ཁུལ་གསར་སྐྲུན་གྱིས་ཚན་རིག་ལྟར་འཕེལ་རྒྱས་དང་ཐོད་བརྒལ་འཕེལ་རྒྱས་ལ་སྒུལ་ཤུགས་བཏོན་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ནུས་ཤུགས་ལྡན་པའི་སྐུལ་འདེད་ཐོབ་ངེས། བརྟན་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ། བརྟན་འཇགས་མེད་ན་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་མེད། རང་ཞིང་གི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་ས་བ་ཁྱད་པར་ཅན་ཡིན་ལ། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ། གཏོར་བརླག་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་འཛིང་གི་ལས་ཡུལ་དངོས་སུ་གནས་ཡོད་ཅིང་། སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པ་དང་ཡུན་རིང་བདེ་འགོད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་འབུར་ཐོན་འབད་བརྩོན་སྒོས་ཐག་གཅོད་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་ཡར་སྐུལ་ཆེན་པོ་ཐོབ་ངེས།

སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པ་དེ་ཁྱོན་ཡོངས་ལ་འབྲེལ་བ་དང་ཡན་རིང་ལ་འབྲེལ་བ། རྩ་བ་དང་འབྲེལ་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་མཐོ་ཚད་ལ་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲན་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་ཟིན་ཟབ་མོ་བླངས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་ཟིན་ཟབ་མོ་བླངས་ནས།ཆེས་མཐོ་བའི་ཆབ་སྲིད་རང་རྟོགས་དང་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་དོན་ཆེན་འདི་དངོས་གནས་དམ་འཛིན་བྱེད་དགོས།

གཉིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱད་པའི་སྤྱིའི་བླང་བྱ།

མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏིང་ཞའོ་ཕིན་གྱི་གཞུང་ལུགས“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་འོག མི་རིགས་ས་སོ་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་གཞི་དམ་པོར་བཟུང་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས།ཚན་རིག་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་རྩ་བར་འཛིན་པ་དང་།གནད་དོན་ཐག་གཅོད་དང་མཉམ་དུ་འཆམ་མཐུན་བསྐྲུན་པ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་མཐའ་འཁྱོལ་བྱས་ཐོག རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་ཡོང་བ་དང་སེམས་ཤུགས་གཅིག་སྒྲིལ་ངང་དཀའ་ངལ་སེལ་བ། འཆམ་མཐུན་འཕེལ་རྒྱས་ཡོང་བཅས་ཀྱི་རྣམ་པ་ལེགས་པོ་མུ་མཐུད་དུ་སྲ་བརྟན་གོང་དུ་སྤེལ་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་གསར་སྐྲུན་བྱེད་པར་ངེས་པར་དུ་གཤམ་གྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཏེ། ཏང་སྲིད་གཙོ་ཁྲིད་ཡིན་པ་དང་། མང་ཚོགས་གཙོ་གཞི་རུ་འཛིན་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྱི་རྩ་འཛུགས་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཅིག་གྱུར་འཆར་འགོད་དང་། རིགས་བགར་ཁྲིད་སྟོན། གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་པ་དང་།རིགས་སོ་སོའི་མང་ཚོགས་ཀྱི་གཙོ་གཞིའི་གོ་གནས་ལ་བརྩི་བཀུར་གང་ལེགས་བྱས་ཏེ། མང་ཚོགས་གསར་སྐྲུན་གོ་རིམ་ཁྲོད་ཞུགས་པ་དང་ཕན་འབྲས་མང་ཚོགས་ལ་ཞིབ་གཅོད་བྱེད་དུ་འཇུག་པ།གྲུབ་འབྲས་མང་ཚོགས་ཀྱིས་ལོངས་སུ་སྤྱོད་པ་བཅས་ཁག་ཐག་བྱེད་དགོས།

རྩ་ལག་མཉམ་སྐྱོང་བྱས་ཏེ། གནདད་ོན་ཐག་ཅོད་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱོགས་ཡོངས་ནས་ཐབས་ཇུས་ལག་བསྟར་བྱས་ཏེ།ཏན་ཏིག་གིས“བདེ་ལྡན་མཚོ་སྔོན”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་ཤིང་།དཀྱིལ་སྙིང་གཙོར་འཛིན་པ་དང་ཕན་འབྲས་བརྩོན་ལེན་བྱས་ཏེ། ཙན་རིག་གོང་སྤེལ་དང་ཡུན་རིང་བདེ་འགོད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་འབུར་ཐོན་དག་ཧུར་ཐག་གིས་ཐག་གཅོད་བྱེད་དགོས།

གཞི་རིམ་གཙོར་འཛིན་པ་དང་། གསར་གཏོད་ཀྱི་རྒྱུན་སྐྱོང་བ། གཞི་རིམ་དཀྱིལ་སྙིང་བྱེད་པ་དང་རྨང་གཞི་བརྟན་པོར་བཏང་སྟེ། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཕན་ནུས་རིང་བཞིན་ཇེ་དྲག་ཏུ་གཏོང་དགོས། ལག་ལེན་བརྩི་བཀུར་བྱེད་པ་དང་འཚོལ་ཞིབ་བྱེད་པར་སྐུལ་སློང་བྱས་ནས། ས་གནས་ཀྱི་ཁྱེད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་པར་བྱས་ཐོག་གསར་སྐྲུན་བྱ་བའི་གསར་གཏོད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

མིག་དཔེ་ཡིས་སྣེ་ཁྲིད་དེ། ཕྱོགས་ཡོངས་སྐུལ་འདེད་བྱེད་པ། ཉམས་མྱོང་མུ་མཐུད་དུ་སྤྱི་བསྡོམས་བྱེད་པ་དང་།ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གྱི་མིག་དཔེ་དྲིལ་བསྒྲགས་བྱས་ཏེ། གསར་སྐྲུན་བྱ་བའི་འབོད་སྐུལ་ནུས་ཤུགས་དང་མཉམ་འདྲེས་ནུས་ཤུགས། དགེ་མཚན་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་སྣང་བྱེད་པ་དང་། རྣམ་པ་སྣ་མང་གི་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་སྐྲུན་པ་དང་གསར་སྐྲུན་བྱ་བའི་ཁྱོན་ཡོངས་སྐུལ་འདེད་བྱེད་པར་སྣེ་ཁྲིད་བྱེད་དགོས།

གསུམ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་དང་ལས་འགན་ནི། ཚན་རིག་གོང་སྤེལ་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱས་ནས། 2020ལོར་ཐོན་དུས་ཕྱོགས་ཡོངས་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སྐྱོད་དགོས། སྐུལ་འདེད་ཀྱི་གོ་རིམ་སྟེང་ནས། ལོ་གསུམ་ལ་རྨང་གཞིར་ཤུགས་སྣོན་དང་།ལོ་བརྒྱད་ལ་སྔོན་ཐོན་སྐྲུན་པ་བཅས་དུས་རིམ་གཉིས་སུ་བཀར་ནས་རིམ་བཞིན་ལག་བསྟར་བྱེད་དགོས།

ལོ་གསུམ་ནང་རྨང་གཞིར་ཤུགས་སྣོན་པ་སྟེ། གཙོ་བོ་ལོ་དང་པོ་འཛིན་དགོས་ཏེ། 2013ལོའི་ཟླ7པ་ནས་2014ལོའི་ཟླ7པའི་བར་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། དྲིལ་སྒྲོག་སྐུལ་སློང་དང་ནང་རྐྱེན་འཐུས་ཚང་། བྱེད་སྟངས་ཇེ་དྲག་ཏུ་གཏོང་བ་བཅས་བརྒྱུད། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་ལས་བྱད་པའི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པའི་ཕྱོགས་ཀྱི་གནད་དོན་འབུར་ཐོན་སྐོར་ཞིག་གཅིག་བསྡུས་ཀྱིས་ཐག་གཅོད་བྱེད་དགོས། “ལྔའི་བཅུ་གཉིས”མཇུག་ལ་ཐོན་དུས། གསར་སྐྲུན་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།དམངས་ཡོངས་ཀྱི་སྔོན་བསྐྲུན་པའི་བསམ་བློ་དང་།བྱ་བ། སྤྱི་ཚོགས་ཀྱི་རྨང་གཞི་བཅས་སྔར་ལས་སྲ་བརྟན་དུ་བཏང་སྟེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གོང་སྤེལ་གྱི་རྣམ་པ་བསྒྱུར་བའི་ཐད་དོན་དངོས་རང་བཞིན་གྱི་ཕན་འབྲས་ལེན་པར་སྐུལ་འདེད་བྱེད་པ་དང་།དོ་མཇམ་རང་བཞིན་དང་། རྒྱུན་མཐུད་རང་བཞིན་བཅས་གོང་དུ་སྤེལ་བ་མངོན་གསལ་གྱི་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་གི་གཞི་རྩའི་ཐངས་ཇུས་ཕན་ལྡན་གྱིསདངོས་འབེབས་བྱས་ཏེ།རིགས་སོ་སོའི་མི་དམངས་ཀྱི་དམངས་གཙོའི་དབང་ཆ་དངོས་གནས་འགན་སྲུང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་དང་“ཁས་ལེན་བཞིའི”བསམ་བློ་མིའི་སེསམ་ཁོངས་སུ་ཁྱབ་ནས། སྤྱི་དམངས་ཀྱི་དཔལ་ཡོན་སྤུས་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོུན་ཆུ་ཚད་མངོན་གསལ་གྱི་མཐོར་འདེགས་འབྱུང་དགོས། གཞི་རྩའི་སྤྱི་བའི་ཞབས་ཞུའི་འདྲ་མཉམ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་མུ་མཐུད་ནས་འཕར་སྣོན་འབྱུང་དགོས། སྐྱེ་ཁམས་ཞིང་ཆེན་འཛུགས་པའི་འཐབ་ཇུས་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་འཇོག་པའི་ཤུགས་ཚད་མངོན་གསལ་གྱི་ཇེ་མཐོར་གཏོང་དགོས། གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།མི་རིགས་ས་ཁུལ་གྱི་སྲིད་བསྟར་ནུས་ཤུགས་དང་འགོ་ཁྲིད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

ལོ་བརྒྱད་ཀྱི་ནང་སྔོན་ཐོན་བསྐྲུན་པ་སྟེ། ལོ་གསུམ་གྱི་རིང་གི་བྱ་བའི་རྨང་གཞི་དང་། དེ་ཁར་ལོ་ལྔའི་དུས་ཚོད་ནང་། འགོ་རྩོམ་ས་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྟེང་མི་རིགས་མཐུན་སྒྲིལ་ཡུར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་གཏིང་ཇེ་ཟབ་ཏུ་བཏང་ནས། 2020ལོར་ཐོན་དུས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བ་མངོན་འགྱུར་བྱེད་པ་དང་། ས་ཁོངས་དང་མཁར་གྲོང་གི་བར་ཐག་ཇེ་ཆུང་དུ་གཏོང་བ་། མི་དམངས་ཀྱིའཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་སྟེ། “ཐོན་ཁུངས་གྲོན་ཆུང་དང་འབྲེལ་འདྲིས་མཛའ་མཐུན་ཅན་གྱི”སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཆེན་པོ་བླངས་ནས། རང་གི་འཛུགས་སྐྲུན་དེ་སྔར་ལས་ཚན་རིག་ཅན་གྱི་ཆུ་ཚད་ལ་ཐོན་པ་དང་། སྤྱི་ཁོག་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་དགོས དུས་ཐོག་ཏུ། ཞིང་ཆེན་ནང་ཁུལ་གྱི་བརྒྱ་ཆའི60ཡན་གྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར། ཆུས།)དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གྲོང་ཁྱེར་དང་ཁུལ། སྔོན་ཐོན་རྫོང(གྲོང་ཁྱེར། ཆུས)བཅས་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྔོན་གྲས་སུ་སྐྱོད་པར་བརྩོན་ལེན་བྱེད་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གྱི་གྲས་སུ་སྐྱོད་པར་བརྩོན་ལེན་བྱེད་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་བསྐྲུན་དགོས་ན། རྒྱུན་འཛིན་དང་གསར་སྐྲུན། གོང་སྤེལ་དང་བརྟན་འཇགས། མིག་སྔར་དང་ཡུན་རིང་། ཕྱོགས་ཙམ་དང་སྤྱི་ཁོག་བཅས་བར་གྱ་འབྲེལ་བ་གཙོ་བོ་ངེས་པར་དུ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། གཤམ་གྱི་བྱ་བ་གཙོ་བོའི་བྱེད་ཐབས་དག་ནན་ཏན་གྱིས་དངོས་འབེབས་བྱེད་དགོས།

བཞི། ཁྲིམས་ལྟར་བཅོས་སྐྱོང་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ།

ཁྲིམས་ལྟར་བཅོས་སྐྱོང་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ།

ཁྲིམས་སྐྱོང་ནི་མཚོ་སྔོན་གྱི་ཆབ་སྲིད་བཅོས་སྐྱོང་བྱེད་པའི་རྩ་བའི་ཐབས་ལམ་ཡིན། ལོ་མང་པོའི་བརྩོན་པ་བརྒྱུད་ནས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཁྲིམས་འཛུགས། ཁྲིམས་བསྟར། ཁྲིམས་འཛིན། བཅའ་ཁྲིམས་ཀྱི་ཞངས་ཞུ་དང་ལྟ་སྐུལ་བྱ་བ་བཅས་ཀྱི་ཐད་ཕན་འབྲས་གསར་བ་བླངས་ཡོད་མོད། འོན་ཀྱང་སྤྱི་དམངས་ཀྱི་ཁྲིམས་ལུགས་འདུ་ཤེས་ཞན་པ་དང་། བཅའ་ཁྲིམས་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཁྲིམས་ལྟར་དོན་སྒྲུབ་ཀྱི་ནུས་ཤུགས་ཧ་ཅང་ཞན་པ་བཅས་ཀྱི་གནད་དོན་ད་དུང་རྩ་བའི་སྟེང་ཐག་གཅོད་བྱས་མེད་པས། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ད་དུང་དངོས་སུ་གྲུབ་མེད།ཁྲིམས་ལྟར་ཞིང་སྐྱོང་གི་ཇུས་གཞི་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བྱས་ནས། ཁྲིམས་ལྟར་བཅོས་སྐྱོང་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་དང་། ཧུར་བརྩོན་གྱིས་དོན་རེ་རེར་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། མི་རེ་རེ་ཁྲིམས་ཤེས་ཁྲིམས་བརྩི། ས་གནས་སོ་སོས་ཁྲིམས་ལྟར་དོན་སྒྲུབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ཅན་མངོན་འགྱུར་བྱེད་དགོས།

ཁྲིམས་ཁྱབ་སློབ་གསོ་ལ་ཤུགས་སྣོན་བྱེད་པ། “བཅའ་ཁྲིམས་མདུན་སྐྱོད”བྱ་འགུལ་ལ་གཏིང་ཟབ་སྐུལ་འདེད་བྱས་ནས། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་དང་ཁྲིམས་འཛིན། ཁྲིམས་བསྟར་མི་སྣ། ན་གཞིན་ལོ་ཆུང་། རོང་འབྲོག་མང་ཚོགས། ཆོ་ལུགས་མི་སྣ་སོགས་གཙོ་ཡིན་པའི་ཁྲིམས་ཁྱབ་བྱེད་ཡུལ་སྣ་ཚོགས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་བྱེད་པའི་བྱ་བ་སྔར་ལས་དམ་འཛིན་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་དར་སྤེལ་བྱས་ཏེ། ཁྲིམས་སྐྱོང་གི་བསམ་པའི་ཁོར་ཡུག་གསོ་སྤེལ་བྱས་ནས་ཁྲིམས་སྐྱོང་བསམ་གཞིགས་དེ་སྤྱི་ཚོགས་ཁོངས་མི་ཡོངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བྱེད་ལ་འགྱུར་དགོས།

ས་གནས་ཁྲིམསམ་འཛུགས་འཐུས་ཚང་དུ་གཏོང་བ། ཏང་ཨུའི་འགོ་ཁྲིད་དང་ས་གནས་ཁྲིམས་འཛུགས་ཀྱི་ལམ་ལུགས་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཚན་རིག་སྒོ་ནས་ཁྲིམས་འཛུགས་པ་དང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་འཛུགས་དཔང་ཉན་དང་ཁྲིམས་འཛུགས་དཔྱད་འཇོག ཁྲིམས་འཛུགས་དཔྱད་འཇོག་སོགས་ྐཡི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་འཛུགས་པའི་དམངས་གཙོ་རང་བཞིན་དང་།ཚན་རིག་རང་བཞིན། སྤྱོད་འཐུས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། ས་གནས་ཁྲིམས་འཛུགས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་དགོས། “འཛུགས་པ་དང་བཟོ་བཅོས། གཏོར་བ”བཅས་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྲོལ་དང་སྒྲིག་སྲོལ་གཙང་བཤེར་བྱ་བའི་རྒྱུན་ལྡན་གྱི་ནང་རྐྱེན་འཛུགས་དགོས། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། དོན་དག་གལ་ཆེན་དག་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཐབས་ཇུས་སྣ་ཚོགས་ཁྲིམས་ལུགས་ཅན་དམངས་གཙོ་ཅན། ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དབང་འགན་ངེས་གསལ་ཡིན་པ་དང་སྤྱོད་ཚུལ་ཚད་ལྡན་ཡིན་པ། ལྟ་སྐུལ་ལ་ཕན་ནུས་ལྡན་པ། འགན་སྲུང་ལ་ནུས་ཤུགས་ལྡན་པ་བཅས་ཀྱི་སྲིད་འཛིན་ཁྲིམས་བསྟར་གྱི་སྒྲིག་གཞི་ལམ་ལུགས་འཐུས་ཚང་དུ་འཛུགས་དགོས། ཚད་ལྡན་ཅན་གྱི་ཡིག་ཆར་ཞིབ་བཤེར་བྱེད་པའི་བྱ་བར་ཤུགས་སྣོན་བྱེད་དགོས། སྲིད་དོན་གསལ་བསྒྲགས་གཏིང་ཟབ་ཏུ་སྤེལ་ནས། ལས་སྒྲུབས་གསལ་བསྒྲགས་དང་། ལས་རྐང་གི་འགན་འཁྲི། ཞབས་ཞུ་ཁས་ལེན། ཐོག་མའི་འདྲི་རྩད་འགན་འཁྲི། དུས་ཚད་ལྟར་དོན་མཇུག་བསྒྲིལ་བ། ལས་འབྲས་དཔྱད་དཔོག་དང་དཔྱད་ཞིབ་བྱེད་པ། ནོར་འཁྲུལ་འགན་འཁྲི་རྩད་འདེད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། སྲིད་འཛིན་ཕན་ནུས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ས་གནས་དང་ལས་རིགས། གཞི་རིམ་བཅས་ཀྱི་ཁྲིམས་ལྟར“བཟོ་བཀོད་ཆེན་པོ་གསུམ”བཅོས་སྐྱོང་བྱེད་པ་མུ་མཐུད་དུ་ལག་བསྟར་བྱེད་དགོས།

སྒྱིད་ལུག་སླ་བཅོས་དང་བྱ་བ་མི་སྒྲུབ་པ། གང་འདོད་དུ་སྒྲུབ་པ། ནང་དུ་འགྲོ་དཀའ་བ། རྣམ་འགྱུར་མི་བཟང་བ། དོན་དག་སྒྲུབ་དཀའ་བ། དེ་མིན་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་གནད་དོན་སོགས་ཆེད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས། ཁྲིམས་འཛིན་དྲང་བཞག་ལ་ཡར་སྐུལ་བྱེད་པ། ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛིན་འགན་དབང་བཀོད་སྒྲིག་ལེགས་པོ་བྱེད་པ། ཁྲིམས་ལྟར་ཁྲིམས་འཛིན་གྱི་སྤྱོད་ཚུལ་ཚད་དང་ལྡན་པ།ཁྲིམས་འཛིན་མ་ལག་འཐུས་ཛང་དུ་བཏང་སྟེ། ཁྲིམས་འཛིན་གྱི་སྤྱོད་ཛུལ་ཛད་དང་ལྡན་པ ཁྲིམས་འཛིན་རོགས་སྐྱོར་མ་ལག་འཐུས་ཛང་དུ་བཏང་སྟེ། ཁྲིམས་འཛིན་ཡིད་རྟོན་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། སྤྱི་དམངས་གོ་རིམ་ལྡན་པའི་ངང་ནས་ཁྲིམས་འཛིན་ནང་ཞུགས་པར་རྒྱ་བསྐྱེད་དེ་ཕྱོགས་ཡོངས་ནས་ཁྲིམས་འཛིན་ཡོངས་བསྒྲགས་ལ་སྐུལ་འདེད་བྱེད་དགོས། ཁྲིམས་འཛིན་གྱིས་དམངས་དོན་སྒྲུབ་པའི་ཡུན་རིང་ཕན་ལྡན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།བཅའ་ཁྲིམས་ཞབས་ཞུ་རྒྱ་བསྐྱེད་དང་ཚད་ལྡན་དུ་བཏང་ནས། དཀའ་ང་ལ་ཅན་གྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་ཆེ་རུ་གཏོང་བ་དང་།བཅའ་ཁྲིམས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁྲིམས་ལྟར་དྲང་བདེན་དང་ཕན་མཐོའི་སྒོ་ནས་གྱོད་དོན་སྣ་ཚོགས་ཐག་གཅོད་བྱེད་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བསྟར་གཟབ་ན་མིནཔ་དང་ཁྲིམས་འདུམ་དྲང་བདེན་མིན་པ། གཏུག་བཤེར་བྱེད་དཀའ་བ། ལག་བསྟར་བྱེད་དཀའ་བ་སོགས་མང་ཚོགས་ཀྱི་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་འབད་བརྩོན་སྒོས་ཐག་གཅོད་བྱེད་དགོས། ཁྲིམས་འཛིན་ལས་བྱེད་དང་བཅའ་ཁྲིམས་ཞབས་ཞུ་ལས་སྒྲུབ་མཁན་གྱི“སྐད་གཉིས”གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་མི་རིགས་ཀྱི་སྐད་ཆ་བཀོལ་ནས་ཁྲིམས་འཛིན་བྱ་བ་སྤེལ་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།

ཁྲིམས་ལྟར་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། སྔོན་བརྡའི་རང་བཞིན་དང་འབྲེལ་བའི་ཆ་འཕྲིན་འཚོལ་ཞིབ་དང་བྲཏག་ཞིབ་ཤན་འབྱེད་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་དྲ་བའི་གླེང་ཕྱོགས་ལ་གཟབ་ནན་གྱིས་དབྱེ་ཞིབ་དང་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་།མི་སྣ་གཙོ་བོ་ཞིབ་བཤེར་དང་ཚོད་འཛིན་ནན་མོ་བྱས་ནས་མི་རིགས་ཁ་ཕྲལ་གྱི་སྟོབས་ཤུགས་དང་། ཆོས་ལུགས་ཐལ་དྲགས་སྟོབས་ཤུགས། སྡིག་སྤྱོད་འཇིགས་སྐུལ་སྟོབས་ཤུགས་བཅས་ལ་རྦད་ཆོད་ཀྱིས་རྡུང་རྡེག་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆབ་སྲིད་བདེ་འཇགས རིགས་སོ་སོའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་ཟིང་སློང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། རྒྱུན་ལྡན་གྱི་བརྟན་འཇགས་ནུས་ཤུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་དང་།བརྟན་འཇགས་བྱ་བ་དེ་མཁོ་བསྟུན་ཐག་གཅོད་ལ་བསྟུན་ཆེ་བ་ནས་ཡུན་རིང་ཕན་ལྡན་གྱི་ནང་རྐྱེན་ལ་བསྟུན་པའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བྱེད་དགོས། གཞི་རིམ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཆེད་དམིགས་ཀྱི་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་བྱས་ཏེ། སྡོད་ཁུལ་དང་སྡེ་བ་སོགས་ཀྱི་མང་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་དཔུང་སྡེ་འཛུགས་པ་དང་། དམངས་དམག་གི་གྲ་སྒྲིག་མ་སྣའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་དགོས། ཐབས་ཇུས་སྣ་མང་ལག་བསྟར་བྱས་བརྒྱུད། འབད་བརྩོན་སྒོས་ཉེས་དོན་གྱོད་དོན་ཚབས་ཆེན་དང་སྤྱི་ཚོགས་རང་བཞིན་གྱི་གྱོད་དོན་ཆེན་པོ། སྤྱི་བའི་བདེ་འཇགས་ཐད་ཀྱི་ཆག་སྒོ་ཆན་པོ་བཅས་ཕན་ནུས་ལྡན་པའི་ཚོད་འཛིན་བྱེད་དགོས།

ལྔ། བསམ་བློའི་མཛུབ་སྟོན་མུ་མཐུད་དུ་གཏིང་ཟབ་བྱེད་པ།

མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པའི་བསམ་བློའི་རྨ་གཞི་བརྟན་པོ་འཛུགས་པ་ནི། མི་རིགས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་སྔོན་འགྲོ་གལ་ཆེན་ཡིན། ལོ་མང་པོའི་རིང་། ཞིང་ཆེན་ཡོངས་ཀྱི་ཏང་སྲིད་རྩ་འཛུགས་ཀྱིས་མཐུན་སྒྲིལ་བརྟན་འཇགས་ལ་ངར་ཤུགས་གཏོང་བ་དང་།དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་སློབ་གསོའི་བྱ་བར་ཁྲིད་སྟོན་བྱེད་པར་ཕན་འབྲས་ལེགས་པོ་བླངས་མོད འོན་ཀྱང་། “གཏིང་མི་ཟབ་པ་དང་། ཞིབ་ཚགས་མིན་པ།ཤུགས་ཐོན་མེད་པ། ”བཅས་ཀྱི་གནས་ཚུལ་སྔར་བཞིན་གནས་ཤིང་། ལྷག་པར་དུ་བོད་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་རྣམ་པ་ཉུང་བ་དང་། དམིགས་གཏད་རང་བཞིན་མི་འདང་བས། གཏིང་རིམ་ཟབ་པའི་བསམ་བློའི་ངོས་ཟིན་ཐད་ཀྱི་གནད་དོན་འགའ་ཤས་ཐོག་གཅོད་ཡང་དག་བྱས་མེད། སྤྱི་ཛོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་དེ་ཁྲིད་སྟོན་དུ་འཛིན་པ་དུས་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས། “ཅི་ཞིག་བཤད་པ་དང་། ཇི་ལྟར་བཤད་པ། ཤུས་བཤད་པ། ”བཅས་དམ་པོར་བཟུང་ནས་བསམ་བློའི་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་མུ་མཐུད་དུ་ཁྲིད་སྟོན་བྱེད་དགོས།

མི་རིགས་སོ་སོའི་ཐུན་མོང་གི་ཕུགས་འདུམ་གསོ་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་བསམ་བློས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། སྤྱི་ཚོགས་ཀྱི་ཐུན་མོང་ངོས་ཟིན་གཅིག་དུ་བསྡུ་དགོས། རྒྱལ་གཅེས་རིང་ལུགས་ཀྱི་ཐུན་མོང་གི་བསམ་སློས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། སྤྱི་ཚོགས་ཀྱི་ཐུན་མོང་ངོས་ཟིན་གཅིག་དུ་བསྡུ་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་ཆེན་པོས་དར་སྤེལ་བྱས་ནས། སྤྱི་ཚོགས་ཀྱི་ཐུན་མོང་ངོས་ཟིན་གཅིག་ཏུ་བསྡུ་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་སྐྲུན་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ནས། སྤྱི་ཛོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ཧུར་བརྩོན་གྱིས་གསོ་སྐྱོང་བྱེད་དགོས། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཤུགས་ཆེན་པོས་དྲིལ་བསྒྲགས་བྱས་ནས་རིགས་སོ་སོའི་མི་དམངས་ཀྱི་རླངས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཛོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་ངོས་ཟིན་བཅས་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་སྒོས་བཅའ་ཁྲིམས་ཀྱི་གཟི་རྔམ་དང་མང་ཚོགས་ཀྱི་ཁེ་ཕན། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་དགོས། བསམ་པའི་རིག་གནས་ཐོན་རྫས་དང་ཁྱབ་སྤེལ་ཐབས་ལམ། དྲིལ་བསྒྲགས་ཀྱི་བྱེད་ཡུལ་བཅས་སུ“ཐུན་མོང་གཉིས”ཀྱི་བརྗོད་གཞི་དམ་པོར་བཟུང་ནས་ཕྱོགས་སྟོན་ཡང་དག་རྒྱུན་འཁྱོངས་བྱེད་དགོས།

བོད་དང་འབྲེལ་བའི་བརྟན་འཇགས་དྲིལ་བསྒྲགས་དང་ཁྲིད་སྟོན་འབུར་དུ་དོད་པ། ཆབ་སྲིད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།སྒྲིག་ལམ་གཟབ་ནན་སྒོས་རང་ཡོན་རྩ་འཛུགས་བྱས་ཏེ་ཏང་གཤིས་དབྱེ་ཞིབ་གཏིང་ཟབ་ཏུ་སྤེལ་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བའི་ཕྲལ་སྟོབས་ཤུགས་ལ་ཡོངས་སུ་མཚང་འབྱིན་དང་དགག་རྒྱག་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་དབང་དམ་འཛིན་བྱེད་དགོས། གནས་བབ་དང་སྲིད་ཇུས།ཁྲིམས་ལུགས་སློབ་གསོ་བཅས་མུ་མཐུད་དུ་གཏིང་ཟབ་སྤེལ་ནས། རིགས་སོ་སོའི་མང་ཚོགས་དང་ཆོས་ལུགས་ཁག་གི་མི་སྣའི་བདེན་རྫུན་ལྟ་བ་ཡང་དག་ཅིག་འཛུགས་པར་ཁྲིད་སྟོན་བྱེད་པ་དང་། ཧུར་བརྩོན་གྱིས་ཏང་གི་ཚགས་པར་དང་དུས་དེབ་གཙོ་བོ་ཆོས་ལུགས་ཚོགས་ར་ནས་སྤེལ་དགོས། ན་གཞོན་ལོ་ཆུང་དང་ལྷག་པར་དུ་སློབ་ཆེན་དང་སློབ་འབྲིང་སློབ་མའི་སློབ་སྟོན་ལ་ཤུགས་སྣོན་བྱེད་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་གོ་རིམ་ཧྲིམ་བོའི་ཁྲོད་དུ་འདྲེས་ནས་ན་གཞོན་ལོ་ཆུང་འཚར་ལོངས་བྱུང་བའི་དུས་རིམ་རེ་རེར་ཁྱབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ལས་ཁུངས་ཡོད་ཚད་དང་སྤྱི་བའི་ཚོགས་ར། མཐའ་འཁོབ་འབྲོག་ཁུལ་བཅས་སུ་ཐོན་དགོས།

རྣམ་པ་དང་བྱེད་ཐབས་གསར་གཏོད་བྱེད་པ། ཆབ་སྲིད་ཀྱི་མཐོ་ས་ནས་རིགས་བགོས་ཁྲིད་སྟོན་ལག་བསྟར་བྱེད་པར་དོ་སྣང་བྱེད་པ་དང་རྨང་གཞི་བྱ་བ་ནས་འགོ་བཟུང་ནས། དམིགས་གཏད་ཡོད་པའི་སྒོ་ནས་བྱ་ཡུལ་བགར་བ་དང་རིམ་པ་བགར་ཏེ། ཏང་ཡོན་ལས་བྱད་དང་རིགས་སོ་སོའི་མང་ཚོགས། ཆོས་ལུགས་ཆོས་སྒྲུབ་མི་སྣ། སློབ་མ་སོགས་ཚོགས་སྤྱི་མི་འདྲ་བར་བསྒྲོགས་འདྲེལ་ཡིག་ཆ་རྩོམ་སྒྲིག་བྱེད་དགོས། ཆེད་དམིགས་ཀྱི་དྲིལ་བསྒྲགས་དཔུང་སྡེ་རྩ་འཛུགས་བྱས་ཏེ་བཅའ་ཁྲིམས་ཀྱི་སྐད་བརྡ་དང་མང་ཚོགས་ཀྱི་སྐད་བརྡ། མི་རིགས་ཀྱི་སྐད་བརྡ་སོགས་སྤྱད་ནས་བསྒྲོགས་འགྲེལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། དེ་ལས་དམིགས་གཏད་ཡོད་པར་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཕྱིར་ལན་སྟེར་དགོས། དེང་རབས་ཁྱབ་བསྒྲགས་བྱེད་ཐབས་ཀྱི་འགྱུར་ལྡོག་གསར་བར་བསྟུན་ཐུབ་པ་དང་། མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པའི་ཁྱད་ཆོས་གསར་བ་མཐུན་ཐུབ་པ་བྱས་ནས། ཐབས་ལམ་རྒྱ་བསྐྱེད་དེ་དོན་དངོས་དང་གྲངས་ཀས་མཚོན་དུ་འཇུག་པ་དང་།མང་ཚོགས་ཀྱི་རེ་ཞུར་ཉན་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས། མི་རིགས་ཀྱི་སྐད་བརྡ་བཀོལ་བའི་རྒྱུ་ཆར་དོ་སྣང་བྱས་ཏེ་དྲིལ་བསྒྲགས་ཀྱི་ཡིད་འགུག་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།