ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་བཅའ་ཁྲིམས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག  གནས་ལ་སོང་བའི་བུ་མོར་ཤུལ་འཛིན་གྱི་དབང་ཆ་ཡོད་དམ།

གནས་ལ་སོང་བའི་བུ་མོར་ཤུལ་འཛིན་གྱི་དབང་ཆ་ཡོད། རང་རྒྱལ་གྱི་ཤུལ་འཛིན་བཅའ་ཁྲིམས་དོན་ཚན་དགུ་བ་གཞིར་བཟུང་ན་ཤུལ་འཛིན་དབང་ཆ་དང་ཕོ་མོ་འདྲ་མཉམ་ཞེས་གཏན་འབེབས་བྱས་ཡོད། དུས་མཉམ་དུ་རང་རྒྱལ་གྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་ཡང་ཡིག་ཐོག་གཏན་འབེབས་གསལ་བོ་བྱས་ཡོད། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱིས་རྒྱུ་རྫས་ཤུལ་འཛིན་གྱི་དབང་ཆ་ཡོད་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ། དེ་མཚུངས་ཤུལ་འཛིན་གོ་རིམ་གྱི་ཁྲིམས་བཀོད་ཁྲོད་བུད་མེད་ལ་སྣང་ཆུང་བྱེད་མི་ཉན།

གཉིས། ཕ་ཡི་བུ་ལོན་ངེས་པར་དུ་བུ་ཡིས་འཇལ་དགོས་སམ།

སུས་རྒྱུ་རྫས་ཤུལ་འཛིན་བྱས་ཚེ། དེས་འདས་པོའི་ཚེ་ཐོག་གི་བུ་ལོན་དང་དཔྱ་ཁྲལ་འཇལ་བའི་འགན་ཁུར་དགོས། གལ་ཏེ་བུ་ལོན་ནི་ཤུལ་འཛིན་རྒྱུ་ནོར་གྱི་རིན་ཐང་ལས་མཐོ་ན། ལྷག་མའི་བུ་ལོན་གི་ཆ་ཤས་དག་འཇལ་མི་དགོས། རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན་ཤུལ་འཛིན་མི་སྣས་འདས་པོའི་ཚེ་ཐོག་གི་བུ་ལོན་དེ་ཤུལ་བཞག་རྒྱུ་ནོར་དང་དོན་དངོས་རིན་ཐང་ལ་མཉམ་དགོས། དེ་བས་ཕ་ཡི་བུ་ལོན་བུ་ཡིས་འཇལ་བ་ནི་བུ་ཡིས་ཕ་ཡི་རྒྱུ་ནོར་ཤུལ་འཛིན་བྱས་པས་གནས་ཚུལ་འོག་ལུགས་དང་མཐུན་ལ། དེའི་མི་ཚད་ཕ་ཡི་ཤུལ་བཞག་རྒྱུ་རྫས་ཀྱི་རིན་ཐང་ཚད་གཞིར་འཛིན་དགོས།

གསུམ། ཤུལ་བཞག་རྒྱུ་རྫས་གང་དག་ཤུལ་འཛིན་བྱས་ཆོག

1.སྤྱི་དམངས་ཀྱི་ཡོང་སྒོ།

2.སྤྱི་དམངས་ཀྱི་ཁང་བ། གསོག་དངུལ་དང་འཚོ་བའི་ཡོ་བྱད།

3.སྤྱི་དམངས་ཀྱི་ཤིང་སྡོང་། སྒོ་ཕྱུགས་དང་ཁྱིམ་བྱ།

4.སྤྱི་དམངས་ཀྱི་རིག་དངོས། དཔེ་དེབ། དཔྱད་གཞིའི་ཡིག་ཚགས།

5.བཅའ་ཁྲིམས་ཀྱི་ཁས་ལེན་ཐོབ་པའི་སྤྱི་དམངས་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ།

6.སྤྱི་དམངས་ཀྱི་བརྩམས་ཆོས་བདག་དབང་། ཆེད་ཁེ་བདག་དབང་ཁྲོད་ཀྱི་རྒྱུ་ནོར་ཁེ་དབང་།

7.སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་རྫས་གཞན་དག

བཞི། གཉེན་འཐོར་བྱུང་རྗེས་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ཇི་ལྟར་གཏན་འབེབས་བྱས་ཡོད།

ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ནི་ཕ་མ་གཉེན་འཐོར་བྱས་པ་ལས་མེད་པར་གཏོང་མི་རུང་། གཉེན་འཐོར་བྱུང་རྗེས་བུ་ཕྲུག་ཕ་མ་གཉིས་ཀས་ཐད་ཀར་དུ་གཉོར་སྐྱོང་བྱེད་དགོས། བུ་ཕྲུག་ཕྱོགས་གཉིས་ཀའི་ཡིན་པས།

གཉེན་འཐོར་བྱུང་རྗེས་ཕ་མ་ལ་བུ་ཕྲུག་སྙོར་སྐྱོང་དང་སློབ་གསོ་མྱོང་དུ་འཇུག་པའི་དབང་ཆ་དང་འོས་འགན་ཡོད།

ལྔ། ཁྱོ་ག་འདས་རྗེས། སུ་ཞིག་ལ་ཁོའི་ཤུལ་བཞག་རྒྱུ་རྫས་ལ་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད།

ཁྱོ་ག་འདས་རྗེས་ཁྱིམ་དུ་ཕ་མ་དང་བུ་ཕྲུག་ཡོད་པའི་གནས་ཚུལ་འོག ཁྱོ་ཀའི་ཤུལ་བཞག་རྒྱུ་ནོར་ནི་ཆུང་མ་དང་བུ་ཕྲུག དེ་མིན་ཁྱོ་ཀའི་ཕ་མ་བཅས་ལ་ཆ་སྙོམས་སྒོས་ཤུལ་འཛིན་བྱེད་པའི་ཐོབ་ཐང་ཡོད། ཁོ་ཚོ་ནི་གོ་རིམ་གཅིག་པའི་ཤུལ་འཛིན་པ་ཡིན་པས། སྤྱིར་བཏང་གི་གནས་ཚུལ་འོག་ཤུལ་བཞག་རྒྱུ་རྫས་ཆ་སྙོམས་ཀྱིས་བགོ་དགོས།

དྲུག ཤུལ་བཞག་རྒྱུ་རྫས་ཤུལ་འཛིན་གྱི་གོ་རིམ་ནི་ཇི་འདྲ་ཞིག་ཡིན།

གོ་རིམ་དང་པོ།  བཟའ་ཟླ། བུ་ཕྲུག  ཕ་མ།

གོ་རིམ་གཉིས་པ། གཅེན་གཅུང་མིང་སྲིང་། ཨ་ཕྱི་ཨ་མྱེས། སྤོ་བོ་རྨོ་མོ།

ཤུལ་འཛིན་ནི་ཐོག་མར་གོ་རིམ་དང་པོའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱེད་པ་ལས་གོ་རིམ་གཉིས་པའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱས་མི་ཆོག གོ་རིམ་དང་པོའི་ཤུལ་འཛིན་མི་མེད་ཚེ་ད་བཟོད་གོ་རིམ་གཉིས་པའི་ཤུལ་འཛིན་མི་ཡིས་ཤུལ་འཛིན་བྱེད་དགོས།

བདུན། སྒྱུག་པོ་དང་སྒྱུག་མོ་ཚེ་ལས་འདས་རྗེས། མནའ་མར་ཁོ་ཚོའི་ཤུལ་བཞག་རྒྱུ་རྫས་ལ་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད་དམ།

མནའ་མ་ལ་སྒྱུག་པོ་དང་སྒྱུག་མོའི་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་མེད། འོན་ཀྱང་ཁྱོ་ག་སྒྱུག་པོ་སྒྱུག་མོའི་སྔོན་ལ་ཚེ་ལས་འདས་པ་ན། མནའ་མར་སྒྱུག་པོ་སྒྱུག་མོ་གཉིས་ཀ་གསོ་སྐྱོང་བྱེད་པའི་འོས་འགན་གཙོ་བོ་ཡོད་པའི་གནས་ཚུལ་འོག་མནའ་མར་སྒྱུག་པོ་སྒྱུག་མོའི་བུ་ཕྲུག་དག་དང་འདྲ་བར་འོས་འཚམ་གྱི་ཤུལ་འཛིན་འདྲ་མཉམ་དབང་ཆ་ཡོད།

བརྒྱད། བཟའ་ཟླ་ཚེ་ལས་འདས་པའི་བུད་མེད་ཀྱིས་ཁྱིམ་གྱི་རྒྱུ་ནོར་ཁྱེར་ནས་གནས་གཞན་ལ་སོང་ཆོག་གམ།

བཟའ་ཟླ་འདས་པའི་བུད་མེད་གནས་གཞན་ལ་འགྲོ་དུས་མི་སྒེར་གྱི་རྒྱུ་ནོར་དང་རང་ཉིད་ལ་དབང་བའི་ཤུལ་འཛིན་རྒྱུ་ནོར་ཁྱེར་ཆོག དེར་མི་སུ་ལ་ཡང་ཐེ་གཏོགས་བྱེད་པའི་དབང་ཆ་མེད། གཉེན་བསྐྱར་སྒྲིག་བྱས་རྗེས་སྔོན་གྱི་ཁྱོ་ག་དང་མཉམ་དུ་ཉོས་པའི་ཁང་པའི་ནང་མུ་མཐུད་དུ་འདུག་པའི་དབང་ཆ་ཡོད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།