2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ།

169.jpgFWMཀྲུང་གོ་བོད་ཀྱི་དྲ་བ།

གདན་ཞུའི་སྐུ་མགྲོན།  མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ།       FWMཀྲུང་གོ་བོད་ཀྱི་དྲ་བ།

མདོ་འཛིན་པ།     མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས།  FWMཀྲུང་གོ་བོད་ཀྱི་དྲ་བ།

ཡི་གེར་ཕབ་མཁན།   འབའ་རྫོང་ཐང་མགོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་བློ་བཟང་བཀྲ་ཤིས།                 FWMཀྲུང་གོ་བོད་ཀྱི་དྲ་བ།

 FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    མཛའ་ཞིང་བརྩེ་བའི་ཉན་མཁན་ལྷན་རྒྱས། སྐུ་ཁམས་བཟང་། ཁྱེད་ཚོས་དུས་ལྟར375ཐད་གཏོང་ཁང་ལེ་ཚན་ལ་ཉན་པར་ཐུགས་རྗེ་ཆེ་ཞུ། ང་མདོ་འཛིན་པ་ལྷ་རྒྱལ་བཀྲ་ཤིས་ཡིན། ཐེངས་འདིའི་ལེ་ཚན་ནང་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བསྡུས་འགྲེལ་ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་ཡིན། འདི་ལྟ་བུའི་གླེང་གཞི་ཞིག་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི། གཅིག་ནས་ཚང་མས་ཤེས་གསལ་ལྟར་ཁ་སང་དེ་རིང་ཞིང་ཆེན་ནས་ཁུལ།   ཁུལ་ནས་རྫོང་གི་ས་གནས་སོ་སོར་ལས་བྱེད་པ་ཁྲི་ཕྲག་མང་པོ་གཞི་རིམ་རོང་འབྲོག་སྡེའི་ས་ཁུལ་དུ་མངགས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།   གཉིས་ནས་སྐབས་འདི་དང་བསྟུན་ནས་ཉན་མཁན་མང་པོས་ཀྱང་375ཐད་གཏོང་ཁང་གིས་ཡིག་ཆ་ཨང་དང་པོ་འདི་སྒྲོག་འགྲེལ་ཞིག་བྱས་ན་ཟེར་ནས་རེ་བ་འདྲ་འདོན་གྱིན་འདུག      དེ་བས་ལེ་ཚན་འདི་བཀོད་སྒྲིག་བྱས་པ་ཡིན།  ཞོལ་ནས་དེ་རིང་གི་གདན་ཞུའི་སྐུ་མགྲོན་རྒན་བསོད་ནམས་དབང་རྒྱལ་ལགས་སྐུད་ལམ་ལ་གདན་ཞུ་གནང་ནས་ལེ་ཚན་འདིའི་མགོ་དངོས་སུ་རྩོམ་རྒྱུ་བྱེད། ཡ། རྒན་བསོད་ནམས་དབང་རྒྱལ་ཁྱེད་རང་སྐུ་ཁམས་བཟང་།   FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   བདེ་མོ། བདེ་མོ།FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    བདེ་མོ།    ཐོག་མར་ཁྱེད་ནས་375ཐད་གཏོང་ཁང་ལེ་ཚན་བརྒྱུད་ནས་ཐེངས་མང་པོར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ངོས་ཐད་ནས་སྒྲོག་འགྲེལ་བྱས་པར་ཡང་བསྐྱར་བཀའ་དྲིན་ཆེ་ཞུས་པ་ཡིན།   ད་ཐེངས་གི་ལེ་ཚན་འདིར་མཚོན་ན་ཀྲུང་དབྱང་གི་ཡིག་ཆ་ཨང་པོའི་དགོངས་དོན་བསྡུས་འགྲེལ་ཞེས་པའི་ཁ་བྱང་འདི་བཏགས་པ་རེད།  ཅི་ཞིག་ལ་ཡིག་ཆ་ཨང་དང་པོ་ཟེར། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཞིང་ཆེན་ཏང་ཨུ་ཡི་ཡིག་ཆ་ཨང་དང་པོ་ཞེས་ཚང་མས་སྒྲོག་འགྲེལ་བྱེད་བཞིན་འདུག   དོན་ངོ་མས་ཡིག་ཆ་ཨང་དང་པོ་ཟེར་བ་ཅི་ཡིན་པ་ཤེས་ཀི་མེད་མཁན་གྱི་ཉན་མཁན་ཡང་མང་པོ་ཅིག་འདུག   འདིའི་ངོས་ཐད་ནས་ཁྱོས་ཚང་མར་ཁ་བརྡ་ཞིག་བྱས་ན།  FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    སྤྱིར་དུས་ཚོད་ཀྱི་ཆ་དང་གལ་ཆེན་རང་བཞིན་གྱི་ཆ་ནས་ཡིན་ན་ཚང་མས་བསམ་ཕྱོགས་དེ་ཕལ་ཆེར་འགྲིག་འདུག  གཅིག་ཡིན་ན་ཀྲུང་དབྱང་ལ་མཚོན་ན་ཡིག་ཆ་ཧ་ཅང་མང་པོ་འདུག་མོད་དུས་ཚོད་ཀྱི་ཆ་ནས་ཡིག་ཆ་དང་པོ་རེད།   དུས་ཚོད་ཀྱི་ཆ་ནས་འགྲོ་དགོས་ན་ལོ་འདིའི་ཡིག་ཆ་དང་པོ་ཡིན་པས་ཡིག་ཆ་ཨང་དང་པོ་ཟེར་མོད་ཡང་དྲང་མོ་བཤད་ན་གལ་ཆེན་རང་བཞིན་གྱི་ཆ་ནས་བཤད་ན་ཕྱོགས་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་རེད།   ལོ་ཧྲིལ་བོའི་དོན་དག་གནད་འགག་དག་དང་ཁ་ཚ་དགོས་གཏུགས་ཀྱི་དག་གཅོད་བྱ་དགོས་པའི་གནད་དོན་ཁ་ཚང་པོ་ཡིག་ཆ་འདིའི་ནང་དུ་དཀར་ཆགས་བཞིན་བསྒྲིགས་ཡོད་པ་རེད།   དེའི་སྟབས་ཀྱིས་གཅིག་དུས་ཚོད་ཀྱི་ཆ་ནས་ཡིན་ན་ཨང་དང་པོ་རེད།   གཉིས་ནས་གལ་ཆེན་རང་བཞིན་གྱི་ཆ་ནས་དོན་དག་གནད་འགག་དང་དཀའ་ངལ་ལ་འཕྲད་པའི་གནད་དོན་དག་དཀར་ཆགས་བཞིན་ཡིག་ཆ་ཨང་དང་པོའི་ནང་བསྒྲིགས་ཡོད་པ་རེད།   ཕྱོགས་གཞན་ཞིག་ནས་བལྟས་ན་ཡིག་ཆ་ཨང་དང་པོ་ཟེར་བ་འདི་ལོ་འདིའི་གནད་དོན་གཅིག་པུ་མ་ཡིན་པར་ལོ་གང་མང་ལ་བསོགས་འཇོག་བྱས་པའི་དཀའ་ཁག་རེད།   FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    རེད་ཡ།   གོང་ནས་ཁྱོས་ཁ་བརྡ་བྱས་པ་ལྟར་ན་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འདི་རྒྱལ་ཁབ་དེའི་ལོ་དེའི་ནང་ལ། ཡང་ན་འདས་ཟིན་པའི་ལོ་ཟླའི་ནང་དུ་བསགས་པའི་དཀའ་ངལ་དང་མ་འོངས་པ་ན་ངེས་པར་དུ་རྒྱལ་ཁབ་ཀྱིས་འབད་པ་བྱེད་དགོས་པའི་སྐོར་ཕྱོགས་བསྡུས་བྱས་ཏེ་གཅིག་གིས་གཅིག་ལ་ཕྱོགས་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་རེད་ཅེས་བཤད་ཀི་ཡོད་ཁུ།    དེ་ཡིན་ན་ང་ཚོའི་རྒྱལ་ཁབ་འདིར་མཚོན་ན་ལས་ཀ་ཧ་ཅང་མང་པོ་ཞིག་འདུག     སྲིད་འབྱོར་རིག་གསུམ་ཡིན་ན་འདྲ།  རང་འབྲོག་དམངས་ཚོགས་ཀྱི་འཚོ་བའི་ཁ་གསབ་སྐོར་ཡིན་ན་འདྲ།    འདི་དང་འདི་ལྟ་བུའི་མང་པོ་ཞིག་ཡོད་མོད་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འདིའི་ནང་ནས་ཞིང་ལས་གཙོ་བོར་བཟུང་སྟེ་གླེང་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད།  FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    རེད།    དེ་ངོ་མ་རེད།    ཁྱོད་ཀྱི་འདིའི་ཕྱོགས་ནས་སློབ་སྦྱོང་དང་དབྱེ་ཞིབ་ཡང་མང་པོ་བྱས་འདུག  དྲང་མོར་བཤད་ན་མཁས་པ་ཚོའི་ནང་ན་ཡང་སྲིད་ཇུས་སྲིད་དོན་ལ་འགྲེལ་བཤད་བྱེད་བཞིན་པའི་མཁས་པ་ཁ་ཤས་ཤིག་གིས་ཀྲུང་དབྱང་གི་ཡིག་ཆ་དང་པོ་ཟེར་ན་ཧ་མི་གོ་རྒྱུ་ཅང་ཆེན་པོ་མི་འདུག   ཡིག་ཆ་དང་པོ་ཟེར་ན་དཔལ་འབྱོར་གྱི་དོན་དག་གླེང་བའི་ཡིག་ཆ་རེད་ཅེས་བཤད་བཞིན་འདུག    དེའི་རྐྱེན་གྱིས་ངས་སྔོན་མ་གླེང་དུས་ཕྱོགས་སྟོན་རང་བཞིན་དང་གལ་ཆེན་རང་བཞིན།   ཀྲུང་དབྱང་གི་ཡིག་ཆ་དག་ལས་དུས་ཚོད་ཀྱི་ཆ་ནས་ཨང་དང་པོ་དང་གོ་ས་ཡི་ཐོག་ནས་ཨང་དང་པོ་ཟེར་མོད་ཀྱང་རྒྱུ་མཚན་ཅི་ཞིག་ལ་ཞིང་ལས་རྐྱང་རྐྱང་གླེང་དགོས་སམ་ཟེར་ན།  ཁྱེད་ཀྱིས་དྲི་བ་དེ་གནད་ལའང་ཁེལ་ཡོད་འདུག  ཁ་སང་དེ་རིང་གི་ཉིས་སྟོང་བཅུ་བདུན་གྱི་ཡིག་ཆ་དང་པོའི་ནང་དོན་ཡང་ཞིང་ལས་རེད།     ཐ་ན་ཉིས་སྟོང་བཞི་ནས་ཉིིས་སྟོང་བཅུ་བདུན་བར་དུ་བསྟུད་མར་ལོ་ངོ་བཅུ་ལྷག་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཕལ་ཆེར་ཞིང་ལས་ཏག་ཏག་གི་དོན་དག་གླེང་ནས་བསྡད་ཡོད་ཁུ།   འདི་ཐོག་ནས་ཁྱེད་ཀྱིས་སྔོན་མ་བཤད་པ་ནང་བཞིན་ཀྲུང་གོར་ཕྱི་འབྲེལ་གྱི་དོན་དག་དང་དམག་དོན་གྱི་དོན་དག    དཔལ་འབྱོར་གྱི་དོན་དག་སོགས་མང་པོ་ཞིག་ཡོད་མོད།  འོ་ན་རྒྱུ་མཚན་ཅིའི་ཕྱིེར་ཡིག་ཆ་ཨང་དང་པོ་ཞིང་ལས་གླེང་དགོས་སམ་ཞེ་ན།   ང་ཚོ་རྒྱལ་ཁབ་འདིར་མཚོན་ན་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་རེད།   ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་གཙོ་བོ་གང་གི་སྟེང་ནས་ཆེན་པོ་ཆགས་པ་ཡིན་ནམ་ཟེར་ན་གཙོ་བོ་མི་གྲངས་རེད།   ཀྲུང་གོ་རྒྱལ་ཁབ་འདིར་མཚོན་ན་མི་གྲངས་དུང་ཕྱུར་བཅུ་གསུམ་ཡོད་པ་རེད།  དེའི་ནང་ནས་ཕྱེད་ཀ་ཞིང་ལས་མང་ཚོགས་ཡིན་པ་རེད།   བརྒྱ་ཆའི་༤༠ཙམ་རེད།   དེའི་སྟབས་ཀྱིས་མི་གྲངས་ཀྱི་སྟེང་ནས་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་རེད་དེ་གཅིག་རེད།   གཉིས་ནས་ཞིང་ལས་མང་ཚོགས་ཀྱི་ཆ་སྙོམས་ཀྱི་འཚོ་བའི་ཆུ་ཚད་དེ་རྒྱལ་ཡོངས་རང་བཞིན་ལས་ཆེས་མཐའ་ཤས་རེད།   ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མོད་ཞིང་ལས་རྨང་གཞིའི་ཆ་ནས་བཤད་ན་ཞིང་ལས་ཀྱི་རྒྱལ་ཁབ་ཞན་ཆ་ཅན་ཞིག་རེད།  གལ་ཏེ་ཀྲུང་གོ་རྒྱལ་ཁབ་ལ་མ་འོངས་པ་ཞིག་ཡོད་དགོས་ན་གཙོ་བོ་ཞིང་ལས་ཀྱི་ཆ་ན་ཡོད་པ་རེད།   གལ་ཏེ་དོན་དག་ཆེན་པོ་འདྲ་བྱུང་ནའང་ཞིང་ལས་ཀྱི་ཆ་ནས་བྱུང་ནི་རེད། FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    རེད་རེད་རེད།    བཀའ་དྲིན་ཆེ།   དེས་ན་ཞོལ་ནས་ངས་ཁྱེད་ལ་འདྲི་རྒྱུ་ནི2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འདིའི་ངོས་ཐད་རེད།   ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འདི་ཡིན་ན་ནང་དོན་ག་འདྲ་ཞིག་གིས་གྲུབ་ཡོད་པ་དང་དེའི་ནང་ནས་དེ་རིང་ཁྱེད་ཀྱིས་རྒྱ་ཆེའི་ཉན་མཁན་རྣམས་ལ་གཙོ་བོ་ཁ་ཕྱོགས་གང་ཞིག་བཟུང་ནས་ཁ་བརྡ་བྱེད་རྩིས་ཡོད། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།     དེ་རིང་གཙོ་བོ་འུ་གཉིས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁ་ཕྱོགས་གང་གང་གིས་གྲུབ་ཡོད་པ་སོགས་ཀྱི་ཕྱོགས་ནས་ཁ་བརྡ་བྱེད་གི་ཡོད་ནི་རེད།   དེ་ཡིན་ན་ད་རེས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དེ་ཡིན་ན་གཙོ་བོ་ཞིང་ལས་མཁོ་འདོན་ཐད་ཀྱི་སྒྲིག་གཞི་འདི་བཅོས་བསྒྱུར་བྱེད་དགོས་པ་གཙོ་བོའི་ལས་ཀ་དེ་རེད།   དེ་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ནི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ནུས་(ཕན་ནུས)་འདི་ངེས་པར་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་དགོས་པ་གཙོ་བོའི་བརྗོད་དོན་དེ་རེད།    དྲང་མོར་བཤད་ན་ནང་དོན་ཆ་གཅིག་རེད་མོད་རིགས་གཉིས་ལས་དགར་ཡོད་དེ་གཅིག་ནི་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་ལྡན་པའི་བཅོས་བསྒྱུར་ཟེར་གི་ཡོད་པ་བརརྗོད་དོན་གཅིག་འདི་རེད།  གཉིས་པ་ནི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་འདི་གསོ་སྦྱོང་གི་ཕྱོགས་ནས་བསམ་འཆར་འགའ་ཀྲུང་གུང་ཀྲུང་དབྱང་གིས་བསམ་འཆར་འགའ་བཏང་བའི་རྣམ་པ་འདུག   དེ་བས་གཙོ་བོའི་ནང་དོན་《མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར》ཞེས་པ་དེ་རེད།   FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས། རེད་རེད་རེད།   བཀའ་དྲིན་ཆེ།    ད་ཁ་སང་དེ་རིང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འདིར་དྲྭ་ལམ་ནས་འབྲེལ་ཡོད་གསར་འགྱུར་སྡེ་ཁག་གིས་འདིའི་ནང་གི་བརྗོད་བྱ།  ཡང་ན་འདིའི་ནང་གི་ཐ་སྙད་གཙོ་བོའི་རིགས་ལོ་ཙཱ་བྱས་ཡོད་པའང་གང་མང་འདུག  ལ་ལས་མཁོ་འདོན་རང་བཞིན་དང་ཡང་ལ་ལས་མཁོ་སྤྲོད་ཕྱོགས་ཀྱི་ཟེར་གི་འདུག   ལ་ལས་དེའི་ནང་གི་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་སོགས་མང་དུ་བཏགས་འདུག  རྒྱ་སྐད་དུ་【供给侧】ཅེས་པ་དེ་ཨེ་རེད།   ཐ་སྙད འདི་གོ་སླ་བའི་འགྲེལ་བ་ཞིག་བྱས་ན་དགོས་པ་དང་མཁོ་བའི་དངོས་པོའི་བར་གྱི་དོན་དག་དག་སྙོམས་སྒྲིག་བྱས་པ་ལ་གོ་དགོས་ནི་རེད་དམ།   འདིའི་ཕྱོགས་ནས་འུ་ཚོའི་མང་ཚོགས་མང་པོ་ཞིག་ལ་གོ་བའི་ཐད་ནས་དཀའ་ཁག་འབྱུང་སྲིད་རྒྱུ་རེད།   ཁྱེད་ཀྱིས་གསལ་བཤད་ཅིག་གནང་རོགས། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    འདི་ནི་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པའི་ཐ་སྙད་ཅིག་རེད།     ད་ལོའི་དཔལ་འབྱོར་གྱི་སྒྲིག་གཞི་ཡིན་ན་འདྲ།  འདས་པའི་དཔལ་འབྱོར་གྱི་སྒྲིག་གཞི་ཡིན་ན་འདྲ།   ཆ་ཚང་བོ་ཞིང་ལས་གཅིག་པ་མ་རེད།   ང་ཚོའི་ཐོན་ལས་མང་པོ་ཞིག་གི་ཁ་ཕྱོགས་མཁོ་འདོན་ཐད་ཀྱི་བཅོས་བསྒྱུར་གཙོ་བོ་འདིའི་ཕྱོགས་ལ་འཁོར་ཡོད་ནི་རེད།   དྲང་མོར་བཤད་་ན་འདི་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་མ་མྱོང་མཁན་ཞིག་དང་འདིའི་ཕྱོགས་ལ་དོ་སྣང་བྱེད་ཀི་མེད་མཁན་ཞིག་ཡིན་ན་དམངས་ཚོགས་ཚོ་ཕར་ཞོག་དཔེ་ཆ་བ་ཚོས་ཀྱང་གོ་བ་ལོན་རྒྱུ་ཁག་པོ་ཡིན་རྒྱུ་རེད།  འདི་ནི་ཆེད་ལས་རང་བཞིན་གྱི་ཐ་སྙད་ཅིག་རེད།   དེ་ཡིན་པས་ཆ་ནས།    འདི་ཁ་གསལ་བོའི་འགྲེལ་དགོས་ན་ཞིང་ལས་ཡིན་འདྲ།   ཞིང་ཕྱུག་གི་ཐོན་རྫས་འདི་འཁོར་བསྐྱོད་ཀྱི་སྤྱིའི་ཆ་གྲངས་ཀྱི་སྟེང་ནས་འདང་གི་ཡོད་པ་མ་རེད།    འདང་གི་མེད་པའི་སྟབས་ཀྱིས་ཁྱོས་བཤད་པ་དེ་ངོ་ནས་དྲང་གནས་བདེན་པ་ཡིན་ནི་རེད་སྙོམས་སྒྲིག་བྱེད་དགོས་བྱུང་ཡོད་པ་དེ་རེད།   སྔོན་ཆད་ཡིན་ན་གྲངས་ཚད་རྐྱང་རྐྱང་ལ་དམིགས་ནས་ནས་བསྡད་པ་རེད།   འཕེལ་རྒྱས་ལ་འགྲོ་དགོས་ནའང་གྲངས་ཀ་རྐྱང་བ་ཞིག་གི་ངོས་ནས་འཕེལ་རྒྱས་ལ་འགྲོ་དགོས་ཀྱི་རེད་བསམ་ཡོད་པ་རེད་མ་གཏོགས་སྤུས་ཚད་ལ་བསམ་བློ་བཏང་མྱོང་ཡོད་པ་མ་རེད།   གསལ་བོར་བཤད་ན་མ་འོངས་པར་དམིགས་ཡོད་པ་མ་རེད།   དེའི་སྟབས་ཀྱིས་ང་ཚོ་ཞིང་སྡེ་ཡི་གནས་ཚུལ་ནི་ཐོན་ཁུངས་ཏག་ཏག་ལ་རེ་ནས་ཐོན་ཁུངས་ཏག་ཏག་ལ་ཁེན་ནས་བསྡད་ཡོད་པ་རེད།   ཐོན་ཁུངས་ཟེར་ན་ནགས་གཅོད་རྒྱུ་དང་ཆུ་འགག་ལས་རྒྱུ།  ཆ་ཚང་བོ་ཁོར་ཡུག་འདིར་གནོན་ཤུགས་སྤྲད་རྒྱུའི་བསམ་བློ་དེ་མ་གཏོགས་ཀླད་པའི་ནང་ཅི་ཡང་ཡོད་པ་མ་རེད།   ད་རེས་༼མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར༽་ཟེར་ན་གང་ཡིན་ན་ཡང་ལྗང་མདོག་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱེད་དགོས་པ་རེད།   དེ་ནི་གཙོ་བོ་ཅི་རེད་ཟེར་ན་ང་ལ་གྲངས་ཚད་མི་དགོ་སྤུས་ཚད་དགོས་ཞེས་ནས་སྙོམས་སྒྲིག་བྱེད་དགོས།  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   མང་ཚོགས་ལ་མཚོན་ན་ཞིང་ལས་དང་ཕྱུགས་ལས་ཀྱི་ཏོན་ཁུངས་ཐད་ནས་དེ་རིང་ཡོད་པའི་མི་ཆོག་མ་འོངས་རྒྱུན་རིང་བའི་སྒོ་ནས་ཡོད་དགོས་ཟེར་བ་དེ་ཨེ་རེད། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།     རེད།   དེ་རེད།FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།  ད་ཐེངས་གི་ཡིག་ཆ་ཨང་དང་པོ་འདི་དོན་ཚན་ག་ཚོད་ཀྱིས་གྲུབ་ཡོད་པ་རེད། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   རེད།   ད་རེས་ཡིག་ཆ་ཨང་དང་པོ་འདི་ཟླ་གཉིས་པའི་ཚེས་ལྔ་ཡི་ཉི་མ་ཞིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་སྤྲད་ནས་དེ་ལས་སྒོར་བུད་པ་རེད།  སྔོན་ནས་བཤད་པ་ནང་བཞིན་༼ཞིང་ལས་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར༽ཞེས་བཏགས་ཡོད་པ་རེད།  ཁ་སང་དེ་རིང་ཞིང་སྡེ་དང་ཞིང་ལས་ལ་གསོན་ཤུགས་གསར་པ་ཞིག་བསྐྱེད་བསྲིང་བྱེད་པའི་གཙོ་བོ་འདིའི་ཕྱོགས་ཀྱི་བསམ་འཆར་རེད།   ཡིག་ཆ་འདིར་ཡིག་གྲངས་ཀྱི་ཆ་ནས་ཁྲི་གཅིག་དང་སྟོང་ཚོ་གསུམ་ཡོད་པ་རེད།   གྲུབ་ཚུལ་གྱི་ཐད་ནས་ཕྱོགས་གཙོ་བོ་དོན་ཚན་ཆེན་པོ་དྲུག་གིས་གྲུབ་འདུག   དོན་ཚན་སོ་སོའི་ནང་དུ་བསམ་འཆར་ཧ་ཅང་གསལ་བོ་བྱས་འདུག   དེའི་ནང་དུ་དོན་ཆང་སུམ་ཅུ་སོ་གསུམ་གིས་གྲུབ་འདུག     སྤྱིའི་ཆ་ནས་ཡི་གེ་ཡི་སྒྲིག་གཞི་དེ་འདྲ་ཞིག་ཆགས་འདུག  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    མཛའ་ཞིང་བརྩེ་བའི་ཉན་མཁན་གྲོགས་པོ་རྣམ་པ།   གོང་ནས་རྒན་བསོད་ནམས་དབང་རྒྱལ་ལགས་ཀྱིས་བཤད་པ་ལྟར་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་རེད།   ཡིག་ཆ་འདི་ཞིན་ཧྭ་གསར་འགྱུར་ཁང་གིས་འགྲེམས་སྤེལ་བྱས་པའི་ཡིག་ཆ་ཁ་ཚང་ཀྱི་ནང་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར༽་གཏིང་ཟབ་དུ་སྤེལ་ནས་ཞིང་ལས་དང་ཞིང་སྡེ་ཡི་འཕེལ་རྒྱས་འགུལ་ནུས་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་རྒྱུའི་འདིའི་སྐོར་གྱི་བསམ་འཆར་རེད།   ཞོལ་ནས་རྒན་ལ་འདྲི་རྒྱུ་ཞིག་ལ།   དེ་རིང་གི་ལེ་ཚན་འདི་དུས་ཚོད་གཅིག་རིང་གི་ལེ་ཚན་རེད།  འདི་ནས་ཡིག་ཆ་འདི་ལ་བསྡུས་འགྲེལ་ཞིག་བྱེད་རྒྱུ་མ་གཏོགས་འདིར་དོན་ཚན་ཆུང་བ་སུམ་ཅུ་སོ་གསུམ་གིས་གྲུབ་ཡོད་པ་དང་དོན་ཚན་དང་པོའི་ནང་དུ་དོན་ཚན་ཆུང་བ་བརྒྱད་ཡོད་གི   དོན་ཚན་ཆེན་པོ་གཉིས་པའི་ནང་དུ་དོན་ཚན་ཆུང་བ་བཞི་ཡོད་གི    དོན་ཚན་ཆེན་པོ་གསུམ་པའི་ནང་དུ་དོན་ཚན་ཆུང་བ་བཞི་ཡིས་གྲུབ་འདུག  དོན་ཚན་ཆེན་པོ་བཞི་བ་ཡི་ནང་དུ་དོན་ཚན་ཆུང་བ་ལྔ་ཡིས་གྲུབ་འདུག་པ།   དོན་ཚན་ཆེན་པོ་ལྔ་པའི་ནང་དུ་དོན་ཚན་ཆུང་བ་བཞི་ཡིས་གྲུབ་ཡོད་པ།   དོན་ཚན་ཆེན་པོ་དྲུག་པོའི་ནང་དུ་དོན་ཚན་ཆུང་བ་བརྒྱད་ཀྱིས་གྲུབ་ཡོད་པ་སོགས་སོ་སོ་ནས་མང་པོ་ཞིག་རྒྱས་འགྲེལ་བྱེད་ཐུབ་ཀྱིན་མི་འདུག   དེ་ཡིན་ན་ཁྱོད་རང་ཉིད་ཀྱིས་ཡིག་ཆ་འདི་ལ་སློབ་སྦྱོང་བྱས་པའི་རྨང་གཞི་འདིའི་སྟེང་ནས་བརྗོད་དོན་སོགས་རགས་བསྡུས་ཀྱིས་སྒོ་ནས་ཁ་བརྡ་ཞིག་དང་།   ལྷག་པར་དུ་འུ་ཚོའི་མཚོ་སྔོན་བོད་ཁུལ་གྱི་རྒྱ་ཆེ་བའི་རོང་འབྲོག་པ་དམངས་ཚོགས་ལ་ཁ་གཏད་ནས་བསྡུས་འགྲེལ་ཞིག་བྱས་ན།   FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   སྤྱིའི་ཆ་ནས་དོན་ཚན་ཆེན་པོ་དྲུག་ཡོད་པ་དང་དོན་ཚན་ཆེན་པོ་ཨང་དང་པོ་དེ་གཙོ་བོ་ཐོན་ལས་དང་ཐོན་རྫས་ཀྱི་གྲུབ་ཚུལ་འདི་ཇེ་ལེགས་སུ་གཏོང་རྒྱུ་དེ་གཙོ་བོ་རེད།  དེ་ཡིན་ན་གཅིག་གྲུབ་ཚུལ་དང་ཞིང་ལས་ཀྱི་སྤུས་ཚད་ཇེ་བཟང་ལ་གཏོང་རྒྱུ་དང་ཕན་འབྲས་ཞིག་ཡོད་ན་དེ་ཡང་ད་རུང་ཇེ་མཐོར་གཏོང་རྒྱུར་བསམ་བློ་གཏོང་དགོས་པ།  ཁ་སང་དེ་རིང་ས་ཕྱོགས་སོ་སོ་ནས་ལས་རིགས་གསར་སྤེལ་བྱེད་བཞིན་པའི་ན་གཞོན་ཡང་ཧ་ཅང་མང་པོ་ཞིག་འདུག  ད་དུང་མཉམ་སྦྲེལ་ཚོང་སྡེ་མང་པོ་ཞིག་གིས་ཀྱང་དེའི་ཕྱོགས་ལ་དོ་སྣང་བྱེད་བཞིན་འདུག    དེ་ཡིན་ན་རང་གི་ས་ཆའི་ཁྱད་ཆོས་དང་ང་ཚོ་བོད་ཁམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ང་ཚོའི་བར་གྱི་འབྲེལ་བ་ཡི་བསམ་བློ་གཏོང་དགོས་འདུག    དེ་བཞིན་དུ་ངས་གོང་དུ་བཤད་པ་བཞིན་དོན་ཚན་ཆེན་པོ་དང་པོའི་ནང་དུ་ཟོག་ལུག་གསོ་སྤེལ་གྱི་ཕྱོགས་ནས་ཁ་གསལ་མང་པོ་བྱས་འདུག   དེའི་མིན་ཕྱོགས་ཡོངས་ནས་འོ་མའི་ཐོན་ལས་འདི་རྣམ་པ་ཅན་དུ་ཆགས་རྒྱུ་དང་དེ་ལས་བསྒྲུབ་ཐུབ་ན་འབྲོག་ས་འདི་ཐོན་ལས་ཅན་གྱི་བསྒྱུར་རྒྱུའི་ཕྱོགས་ནས་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་དགོས་པ།   ང་ཚོའི་འོ་མ་འདི་སྤུས་ཀ་བཟང་པ་དང་གཙང་མ་ཡིན་མོད་ཀྱང་འདི་ལ་ཚོང་རྟགས་འཇོག་དུས་རྒྱལ་ཁབ་ཀྱི་ཚད་ཐིགས་ལ་སླེབས་པར་དཀའ་ངལ་འཕྲད་པ་འདྲ་ཡང་ན་མཚམས་རེར་དེར་ཞབས་ཞུ་བྱེད་པའི་མི་མེད་པ་འདྲ།  ཡང་ན་འདིར་འབྲེལ་་བ་འཛུགས་པའི་མི་མེད་པ་འདྲ་བའི་དཀའ་ངལ་ཧ་ཅང་མང་པོ་ཞིག་རེག་གི་ཡོད་པ་རེད།  དེ་བས་ད་རེས་རྒྱལ་ཁབ་ཀྱིས་ཕྱུག་ལས་ཀྱི་འོ་རིགས་འདིའི་ཕྱོགས་ནས་རྒྱབ་སྐྱོར་བྱེད་པའི་སྐད་ཆ་ཁ་གསལ་པོས་གླེང་འདུག དེ་ནས་ང་ཚོ་གནས་ཡུལ་ནི་གཙང་གསུམ་འགོ་ཁུངས་རེད།   བོད་པ་འདི་རང་གི་རིག་གནས་གྲུབ་ཚུལ་གྱིས་དབང་གིས་ཁོར་ཡུག་ལ་དོ་སྣང་ཤུགས་ཆེར་བྱེད་པའི་མི་རིགས་ཤིག་རེད།   ཡིན་ཡང་མི་རིགས་གཞན་པར་དེའི་འདུ་ཤེས་དང་གོམས་སྲོལ་མེད་པས་ཉ་འཛིན་པ་ལ་སོགས་པའི་སྣང་ཚུལ་མང་པོ་ཞིག་གིས་ང་ཚོར་དཀའ་ངལ་དང་ཕན་ཚུན་བར་རྩོད་གཞི་འབྱུང་གིན་འདུག   དེ་བས་གཙང་གསུམ་འགོ་ཁུངས་ཡིན་ན་འདྲ།   རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་ཡིན་འདྲ་ཉ་འཛིན་པའི་ལས་ཀ་དེ་བསྒྲུབ་མི་ཆོག་པ་དང་ཡང་ན་མཚམས་འཇོག་དགོས་པའི་སྒྲིག་གཞི་དེར་ཞིབ་འཇུག་བྱེད་དགོས་པའི་སྐུལ་མ་གནང་འདུག  དཔེར་ན་ལ་ལས་ཕྱེ་འཐག་བཟོ་གྲྭ་སོགས་ཀྱིས་རང་བྱུང་ཁམས་ལ་གནོད་འཚེ་ཤུགས་ཆེར་བྱས་འདུག   ཡང་ས་གནས་ལ་ལས་དམངས་ཚོགས་རྣམས་ཀྱིས་འདི་ལ་སྲིད་གཞུང་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་བསམ་མོད།  འོན་ཀྱང་གཞི་རིམ་ན་དེ་འདྲ་ཡོད་སྲིད་མོད་ད་རེས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དེ་ངེས་པར་སྒྲིག་གཞིའི་སྟེང་ནས་ཁ་ཚང་དགོས་ལུགས་གསལ་ཁ་བྱས་འདུག  དེ་ལས་གཙང་གསུམ་འགོ་ཁུངས་ནས་ཉ་འཛིན་མི་ཆོག་པའི་ཆུ་རྒྱུན་གང་དང་གང་ཡིན་པ་དང་།   ཉ་འཛིན་མི་ཆོག་པའི་སྒྲིག་གཞི་ཇི་ལྟར་བཀོད་སྒྲིག་བྱེད་དགོས་པ་དང་འབྲི་ཆུའི་ཆུ་རྒྱུན་ལས་ཆུ་དང་འབྲེལ་བ་ཡོད་པའི་དངོས་རྫས་དག་ལ་རེག་མི་ཆོག་པ་དང་ཉ་རིགས་སྲུང་སྐྱོབ་བྱེད་དགོས་པའི་སྒྲིག་གཞི་གཏན་འཁེལ་བྱེད་དགོས་ཞེས་གསལ་བོར་བསྟན་འདུག  དེ་བས་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་འདི་ཞིང་ལས་ཁོ་ན་ཙམ་དུ་མ་ཟད་ཁོར་སྲུང་ལའང་མཐོང་ཆེན་པོ་བྱས་འདུག    ཡིག་ཆ་ཨང་དང་པོའི་ནང་གི་དོན་ཚན་ཆེན་པོ་དང་པོའི་ནང་ན་འདི་ལྟར་ཁ་གསལ་བྱས་འདུག      དེ་ནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་ཞིག་འདུག  དཔེར་ན།  མར།  ཤ་སྐམ་དང་འོ་རིགས་སོགས་མང་པོ་ཞིག་ལས་སྣོན་བྱེད་བཞིན་ཡོད་མོད་ཀྱང་དེ་ལ་གཙོ་བོ་ཚོང་རྟགས་ཡོད་ནི་མ་རེད།  དེ་ནི་ཟས་རིགས་བདེ་འཇགས་ཀྱི་བདེན་དཔང་ཞིག་རེད།   ཟས་རིགས་ཀྱི་ལས་སྣོན་ཀུང་ཟི་ཞིག་གིས་དེ་ལག་ལ་ཟོན་རྒྱུ་ཧ་ཅང་ཁག་པོ་རེད།  རྒྱལ་ཁབ་ཀྱིས་ཁ་སང་དེ་རིང་དེ་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པས་དེ་ཡར་ཞུ་རྒྱག་རྒྱུ་ཤིན་ཏུ་ནས་ཀྱང་ཁག་པོ་འདུག   ད་ཐེངས་ཀྱི་ཡིག་ཆའི་ནང་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་རྒྱབ་སྐྱོར་བྱེད་དགོས་པ་དང་ལྷག་པར་དུ་ཡར་ཞུ་བྱེད་སྐབས་དཀའ་ངལ་དང་དཀའ་ཁག་མང་པོར་འཕྲད་གྱིན་ཡོད་པ་རེད།   ད་རེས་རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ས་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་བཟོ་དགོས།  ཤ་སྐམ་ཡིན་ནའང་རང་གི་ཐོན་ལས་རེད།  མར་དང་འོ་མ་སོགས་ཚང་མ་རང་གིས་ཐོན་ལས་བྱས་པ་རེད།  འོན་ཀྱང་འདི་དག་ལས་ཚོང་རྟགས་ཅན་གྱི་ཐོན་ལས་དག་བོད་པ་རང་གི་ལག་ན་ཡོད་ནི་མ་རེད།   ཆ་ཚང་གཞན་གྱིས་ལས་བཞིན་ཡོད་ནི་རེད།  འོན་ཀྱང་རྒྱལ་ཁབ་ཀྱིས་བསམ་བློ་ཅི་རེད་ཞེ་ན་ཁྱིམ་ཚང་ལ་འབྲོག་ས་ཡོད་ན་རང་གི་སྡེ་བ་དང་མཉམ་འབྲེལ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་ཅན་གྱི་ཐོན་ལས་ལ་ངེས་པར་དུ་ས་གནས་སྲིད་གཞུང་ཀྱིས་རྒྱབ་སྐྱོར་བྱེད་དགོས་འདུག  རེ་བ་ཡིན་ན་འབྲོག་ས་དང་ཁ་ཏག་ཉེ་བའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་དགོས་འདུག  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   རེད།    ཁྱོས་གོང་ནས་ཁ་བརྡ་བྱས་པ་དེ་དག་ཡིན་ན་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པ་ཞིག་ཞིག་གི་ངོས་ནས་གོ་བ་ལེན་མཁན་ཞིག་ལ་མཚོན་ན་རང་གི་ས་ཆ་ན་ཡོད་པའི་ཁྱད་པར་ཅན་གྱི་ཐོན་རྫས་འདི་དག་ཐོན་ལས་ལ་ཁ་ཕྱོགས་སྟངས་འདི་ནས་སྒྲིག་གཞི་ཁ་ཚང་བ།   ནུས་པ་འདྲ་ཡོད་ན་དམིགས་བསལ་གྱིས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་དགོས་ཞེས་ད་རེས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་གསལ་ཁ་བཏོད་འདུག་ཞེས་པ་དེ་རེད་ལ།  དེ་ཕན་ཆད་ནས་འབྲོག་པའི་རང་གི་རྩྭའི་བདག་དབང་དང་རོང་པའི་རང་གི་ཞིང་སའི་འཁོར་རྒྱུགས་དང་བདག་དབང་ཐད་ནས་གསལ་ཁ་ཅུང་ཙམ་རེ་བྱས་ཡོད་ཚོད་འདུག  ཁྱེད་ཀྱིས་འདིའི་སྐོར་ནས་ཁ་བརྡ་རེ་བྱས་ན།  FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   རེད།     ཀྲུང་དབྱང་གི་ཡིག་ཆ་འདིའི་སྟེང་ནས་ཧ་ཅང་དོ་སྣང་བྱེད་དགོས་ས་ཞིག་ཡོད་པ་ནི་ས་ཆའི་བདག་དབང་གི་ཐད་ནས་འགྱུར་ལྡོག་ཅུང་ཙམ་རེ་འབྱུང་གིན་འདུག   མི་མང་པོ་ཞིག་གི་སེམས་ནང་དུ་ས་ཆ་ནི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པས་ནམ་ཞིག་གི་ཚེ་ལག་ནས་བླངས་ཨེ་འཇོག་སྙན་པའི་དོགས་པ་དང་སེམས་ཁུར་ཡོང་གི་ཡོད་ན་ཐང་མོད།   ཡིན་ནའང་ད་ཐེངས་གི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་ཕྱོགས་གང་ཐད་ནས་དེང་རབས་ཅན་གྱི་ཞིང་ཕྱུག་གི་ལས་ཀ་འདི་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་ཞེས་བསྟན་འདུག   སྤྱིར་བསྒྲུབ་ཐུབ་ན་མ་རྐང་མཉམ་འབྲེལ་བྱེད་པ།   སྟོད་སྨད་བར་གསུམ་གྱི་ས་ཆ་སོ་སོ་ན་ཞིང་ལས་འཁོར་རྒྱུགས་ཀྱི་རྣམ་པ་འདི་ཅུང་ཙམ་ཤུགས་ཆེ།  རང་གི་སྡེ་བར་ཞིང་རྨོ་བའི་ནུས་ཤུགས་མེད་ན་གཞན་པར་འཁོར་རྒྱུགས་བྱས་ན་ཆོག་པ་རེད།  སྔོན་ཆད་ཡིན་ན་དེ་ཁྲིམས་འགལ་ཡིན་ནི་རེད།    ཡིན་ནའང་ཁ་སང་དེ་རིང་གི་ཡིག་ཆ་དང་པོའི་ནང་དུ་མ་རྐང་མཉམ་འབྲེལ་དང་ས་ཆ་ཡང་གན་རྒྱ་བྲིས་ཏེ་མི་གཞན་དང་ཡང་ན་སྡེ་བ་གཞན་པར་གླས་ཆོག་པ་རེད།   འདི་ལ་གོང་རིམ་ནས་མཆོག་མཆན་ཐོབ་འདུག   རང་ཉིད་འཐད་པ་བྱུང་བའི་རྨང་གཞིའི་སྟེང་ནས་ཞིང་ས་དང་རྩྭ་ས་སོགས་བརྗེ་རེས་དང་འཁོར་རྒྱུགས་བྱས་ཆོག    ཡང་དང་བསྐྱར་དུ་བཤད་བཞིན་པའི་རང་གི་རྩྭ་ས་དང་རང་གི་ཞིང་ས་ངེས་པར་བསམ་བློ་གཏོང་དགོས་འདུག  རྒྱ་སྐད་ཀྱིས་དེ་ལ【家庭农场家庭牧场】གལ་ཏེ་འདི་མཉམ་འབྲེལ་ཚོང་སྡེ་དང་འབྲེལ་བ་བྱས་ནས་འདི་འཛུགས་ཐུབ་པ་བྱུང་ན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཁ་གསལ་པོའི་བསྒྲགས་འདུག  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   རེད་རེད།  དཔེར་ན་རོང་འབྲོག་པ་རྣམས་ཀྱི་ནང་ནས་རྩྭ་སའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་མཁན་དང་ཞིང་སའི་རྒྱ་ཁྱོན་ཆེན་པོ་ཡོད་མཁན་དག་གིས་རྩྭ་ས་ཡིན་ན་རྩྭ་ལས་དང་འབྲེལ་བ་ཡོད་པ་དང་ཞིང་ས་ཡིན་ན་ཞིང་ལས་དང་འབྲེལ་བ་ཡོད་པའི་དེའི་སྐོར་གྱི་གསོ་སྤེལ་གཉེར་ས་ཡིན་ན་ཆོག་གི   འདི་གཞན་དང་མཉམ་འབྲེལ་གྱིས་ལས་གཞི་རེ་སྤེལ་ཐུན་ན་འདི་ལ་སྲིད་གཞུང་གིས་དམིགས་བསལ་རྒྱབ་སྐྱོར་ཡོད་ཅེས་པ་དེ་ཨེ་རེད།   FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    རེད་རེད་རེད།   མ་རྩ་ཡི་ཐོག་ནས་ཡི་ན་སྲིད་ཇུས་ཀྱི་ཕྱོགས་ནས་ཡིན་ན་ཁྲིམས་ལུགས་ཀྱི་ཕྱོགས་ནས་ཡིན་ན་ཕྱོགས་གང་ཅུའི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསལ་བོར་འདུག    ང་ཚོའི་ཞིང་ཕྱུག་ལས་འདི་བཅོས་བསྒྱུར་བྱེད་པའི་ཚད་ཐིགས་ལ་སླེབས་ཡོད་ནི་རེད།  བཅོས་བསྒྱུར་ཇི་ལྟར་བྱེད་དགོས་ཞེ་ན་ང་ཚོ་ལ་ཐོན་ལས་མ་གཏོགས་ཡོད་པ་མ་རེད།   དཔེར་ན་ཟོག་རྫི་བྱས་ཏེ་ཟོག་ལུག་བཙོང་རྒྱུའི་ཡོང་རྒྱུའི་ཡོང་སྒོ་ལས་ཅི་ཡང་མེད།    ཐོན་ལས་དང་ལས་སྣོན།   ཚན་རིག་སོགས་ཕྱོགས་གསུམ་ནས་མཉམ་འབྲེལ་བྱེད་རྒྱུ་དེ་ཁ་སང་དེ་རིང་རྒྱལ་ཁབ་ལ་དགོས་པ་ནི་དེ་ཡིན་ནི་རེད།  དེའི་མིང་ལ་ཁོང་ཚོས་༼དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ཁྲོམ་ར་༽ཟེར་གི་ཡོད་པ་རེད།  རྒྱ་སྐད་ཀྱིས"产业园" ཟེར་བ་དེ་རེད།    ཐོན་ལས་བྱེད་ཐུབ་པ་ཞིག་དང་ལས་སྣོན་བྱེད་ཐུབ་པ་ཞིག   ཚན་རིག་གི་རྨང་གཞི་ཡང་ཡོད་པ།  དེ་དག་ཟུང་འབྲེལ་བྱེད་ཐུབ་པ་བྱུང་ན་རྒྱལ་ཁབ་ཀྱིས་རོགས་བྱེད་ཐུབ་ནི་རེད།  དེ་འུ་ཚོའི་ས་ཆར་མཚོན་ན་ཉེ་བའི་དུས་ཀྱི་སློབ་ཆེན་པ་མང་པོ་ཞིག་གིས་བསམ་བློ་བཅོས་བསྒྱུར་བྱས་ནས་གཞུང་ཞབས་ཁོ་ནར་བརྟེན་ནས་བསྡད་མི་འདུག    རང་གིས་སྦྱངས་པའི་ཤེས་བྱ་ཡོན་ཏན་དེ་ཞིང་ཕྱུག་གི་སྟེང་ལ་བཀོལ་ནས་ཇི་ལྟར་བཅོས་བསྒྱུར་གཏོང་པའི་ཐད་ལ་བསམ་བློ་གཏོང་གིན་འདུག   འདི་ནི་ཁ་ཕྱོགས་ཧ་ཅང་བཟང་གི་བསམ།FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   རེད་རེད།   དཔེར་བླངས་ན་འུ་ཚོའི་རྩེ་ཁོག་ལྟ་བུར་མཚོན་ན་འབྲོག་ལས་རྐྱང་རྐྱང་གཉེར་བའི་ས་ཆ་ཞིག་རེད།  རྩེ་ཁོག་གི་སྡེ་བ་མང་པོས་གྲོས་ཁ་མཐུན་པའི་མཉམ་ལས་ཁང་ཞིག་བཙུགས་ན།  རྒྱལ་ཁབ་ཀྱིས་མཉམ་ལས་ཁང་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པའི་གོ་བ་འདི་ལྟར་བླངས་ན་ཆོག་ནི་ཨེ་རེད། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   ཆོག་ནི་རེད།   མཉམ་ལས་ཚོང་སྡེ་ཁོ་ན་མ་ཡིན་པར་མཉམ་ལས་ཚོང་སྡེ་དང་ཁ་སང་དེ་རིང་གི་སློབ་གྲྭ་ཆེན་མོ་མང་ཤས་ཤིག་ལ་ལས་རིགས་གསར་སྤེལ་བྱེད་པའི་ཀུན་སློང་ཡོད་འདུག  ཕྱོགས་སོ་སོ་ནས་མཉམ་འབྲེལ་བྱས་ཏེ་མཉམ་ལས་ཁང་ཡང་ཡོད་པ་དང་སློབ་གྲྭ་ཆེན་མོ་བ་ཡང་ཡོད་པ།   སློབ་ཆེན་པ་ཚོར་མིག་རྒྱ་མཐོང་རྒྱ་ཡོད་པ།     རྒྱལ་ཁབ་ལའང་ཁ་ཕྱོགས་དེ་ཡོད་དགོ་ནི་རེེད།  མཉམ་ལས་ཚོང་སྡེ་དང་སློབ་གྲྭ་ཆེན་མོ་བའི་མ་རྐང་འདི་མཉམ་སྦྲེལ་བྱས་ཏེ་ཀུང་ཟི་ཞིག་འཛུགས་ཐུབ་བྱུང་ན་རྒྱལ་ཁབ་ཀྱིས་སྲིད་ཇུས་ཡིན་ན་འདྲ་དཔལ་འབྱོར་ཡིན་ན་འདྲ་རྒྱལ་ཁབ་རྒྱབ་སྐྱོར་ཤུགས་ཆེར་བྱེད་རྒྱུ་ཡིན་ཞེས་ཡིག་ཆ་དང་པོའི་ཁ་གསལ་པོས་བརྗོད་འདུག FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས། མདོར་བསྡུས་ན་ཉེ་བའི་ལོ་འདི་དག་གི་རིང་ལ་རང་རེའི་ས་ཆ་སོ་སོ་ནས་རོང་འབྲོག་པ་མང་པོ་ཞིག་གིས་རང་གི་རྩྭ་ས་དང་ཞིང་ས་བསྐྱུར་ནས་ས་གཞན་ལ་ཞོར་ལས་སུ་འགྲོ་བའི་སྣང་ཚུལ་ཡང་ཧ་ཅང་མང་པོ་འདུག    འདི་དག་ཐམས་ཅད་ཀྱིས་ཀྱང་མཉམ་ལས་ཁང་ཞིག་འཛུགས་ཐུབ་པ་བྱུང་ན་གཅིག་ནས་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པ་དང་ས་གནས་ཀྱི་ཡོང་སྒོ་ཡང་ཐག་གིས་གཅོད་ཐུབ་པ།  གཉིས་ནས་འཚོ་བའི་གནད་དོན་ཡང་རང་ཤུགས་ཀྱིས་ཐག་གཅོད་ཐུབ་པ་ལ་སོགས་པའི་ཁ་ཕྱོགས་གཙོ་བོ་དེ་རེད་དམ།    FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    རེད་རེད།   FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   གོང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དོན་ཚན་དང་པོའི་ཐད་ནས་ཁ་བརྡ་བྱས་ནི་རེད།   ཞོལ་ནས་ཁྱེད་ཀྱིས་དོན་ཚན་ཆེན་པོ་གཉིས་པ་དང་དོན་ཆེན་ཚན་ཆེན་པོ་གསུམ་པའི་ངོས་ཐད་འདི་ནས་ང་ཚོས་ཁ་ཚ་དགོས་གཏུགས་ཀྱི་ཤེས་དགོས་པ་དང་སློབ་སྦྱོང་བྱེད་དགོས་པ་དང་རོང་འབྲོག་པ་རྣམས་ཀྱིས་ངེས་པར་དོ་སྣང་བྱེད་དགོས་པའི་སྐོར་ནས་ཁ་བརྡ་ཞིག་བྱས་ན།  FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།  དོན་ཚན་ཆེན་པོ་གཉིས་པ་ཡིན་ན་ལྗང་མདོག་ཅན་གྱི་ཐོན་ལས་ཀྱི་རྣམ་པ་ཆགས་དགོས།  དེ་ནི་གཙོ་བོ་ཁོར་ཡུག་གི་གནད་དོན་རེདམ།   ཁོར་ཡུག་གི་འབག་ཙོག་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད།   ལྷག་པར་དུ་རྒྱལ་ནང་ལྟ་བུར་མཚོན་ན་ཞིང་ལས་ཀྱི་མཁའ་དབུགས་དེ་ཧ་ཅང་ཚབས་ཆེན་པོ་རེད།   ཞིང་རྨོ་ས་ཡིན་ན་རེད་རྩྭ་ཐང་ཡིན་ན་རེད་འཆར་འགོད་ཧ་ཅང་ཡག་པོ་བྱ་དགོས།    རྩྭ་ཐང་ཡིན་ན་འདྲ་ཞིང་ས་ཡིན་ན་འདྲ།  ཆུ་རྒྱུན་ཡིན་ན་འདྲ་གང་ཡིན་རུང་ང་ཚོས་ངལ་གསོ་རུ་འཇུག་མ་མྱོང་།    དེ་བས་ངལ་གསོ་རུ་འཇུག་པ་དང་གསོ་སྐྱོང་བྱེད་པའི་འཆར་འགོད་ལེགས་པོ་བཀོད་སྒྲིག་བྱ་དགོས་ཞེས་བཀོད་འདུག    ཞིང་ལས་ཟེར་བ་ནི་མིའི་རིགས་ཀྱི་ཟས་རིགས་ཀྱི་ཕྱོགས་ནས་མཁོ་སྤྲོད་བྱེད་ཀྱིན་ཡོད་མོད་ཕྱོགས་གཞན་ཞིག་ནས་ཞིང་རྨོ་བའི་གོ་རིམ་ཁྲོད་དུའང་རང་བྱུང་ཁམས་ལ་གནོད་པ་ཚབས་ཆེན་འདོན་བཞིན་ཡོད་པས་འདིའི་ཕྱོགས་ནས་ཉམས་འཇོག་བྱེད་དགོས་འདུག་ཟེར།  ཞིང་རྨོ་བ་ཚན་རིག་དང་ལྡན་པའི་བྱེད་ཐབས་བཀོལ་དགོས་ཞེས་གསལ་ཁ་བྱས་འདུག    ཉེ་བའི་ལོ་འགའི་སྔོན་དུ་རོང་འབྲོག་དམངས་ཚོགས་ཀྱི་ཞིང་ས་དང་རྩྭ་སའི་ནང་སྡོང་འཛུགས་ནགས་སྐྲུན་བྱས་ཏེ་འའཚོ་རྟེན་ལག་ནས་བླངས་ཡོད་པར་མ་ཟད་ད་དུང་དེ་ལ་ཁ་གསབ་ཀྱི་མ་དངུལ་ད་དུང་དམངས་ཚོགས་ལ་འཕྲོད་མེད་པས་དེ་ལ་དོ་སྣང་ཤུགས་ཆེར་བྱེད་དགོས་ཞེས་བསྟན་འདུག  ད་དུང་རོང་འབྲོག་རྣམས་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་རྣམས་གྲངས་འདིའི་བཅད་མཚམས་ལ་ཤིན་ཏུ་ནས་ཀྱང་དོ་སྣང་བྱེད་དགོས་ཞེས་བསྟན་འདུག   སྐྱེ་ཁམས་ཁོར་ཡུག་་ལ་རྒྱལ་ཁབ་ཀྱིས་སྲིད་ཇུས་མང་པོ་ལག་བསྟར་བྱེད་རྒྱུ་རེད།   རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ཀྱི་ལྟ་བ་ནི་དེ་རིང་ལག་ན་སྒོར་མོ་བརྒྱ་ཡོད་ན་སང་ཉིན་སྒོར་མོ་བརྒྱ་ཡོད་མེད་ཀྱི་མ་ལག་ལ་འདང་མི་རྒྱག་པར་དེ་རིང་ཟོས་དང་ན་འགྲིག་ནི་མ་རེད།  གཞུག་འདང་ཞིག་ངེས་པར་རྒྱག་དགོས།  གཞུག་འདང་རྒྱག་པའི་ལས་ཀ་ཇི་ལྟར་ལས་དགོས་ཟེར་ན་གཙོ་བོ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་རེད།   དེ་ལས་གཞན་དུ་ཞིང་ས་དང་འབྲོག་ས་གང་རུང་དུ་རྣམ་གྲངས་ཆེན་པོ་ལས་པའམ་ཁང་པ་མང་པོ་གང་འདོད་དུ་འཛུགས་སྐྲུན་མང་པོ་བྱས་ན་རྒྱལ་ཁབ་ལ་མཚོན་ནའང་འཐད་པ་གཏན་ནས་བྱུང་ནི་མ་རེད།   ལྷག་པར་དུ་གཙང་གསུམ་མགོ་ཁུངས་ནས་གཏེར་ཁ་ལེན་པ་དང་ཆུ་མཛོད་བཟོ་བ་ལ་སོགས་པའི་ལས་རིགས་འདི་དག་མཚམས་འཇོག་དགོས་པ་དང་རི་ཆུ་ནགས་གསུམ་དང་རི་སྐྱེས་སྲོག་ཆགས་ཚང་མར་གཅེས་སྐྱོང་བྱེད་དགོས་ཞེས་གཏན་ལ་ཕབ་འདུག   དེ་ནས་དོན་ཆེན་གསུམ་པའི་ནང་དུ་ཐོན་ལས་ལ་ཁ་ཕྱོགས་གསར་བ་ཞིག་ཡོད་དགོས་འདུག   ཞིང་ལས་འདི་སྒྲིག་ཁྲིམས་རང་བཞིན་གྱི་རྣམ་པ་ཞིག་ཆགས་ཐུབ་རྒྱུ།    རིན་ཐང་ཅན་གྱི་སྒྲིག་ཁྲིམས་རང་བཞིན་གྱི་རྣམ་པ་ཞིག་ཆགས་ཐུབ་རྒྱུ།   ཞིང་ལས་ཟེར་ན་ཞིང་རྨོ་བའི་རྣམ་པ་མི་འཛིན་པར་ཞིང་ལས་ཟེར་ན་སྐྱེ་ཁམས་དང་ཟུང་འབྲེལ་བྱས་ཏེ་ད་དུང་སློབ་གསོ་དང་རིག་གནས།   ཁམས་གསོ་སོགས་ལ་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལ་གཏོང་དགོས་པ།   ཞིང་ལས་ཀྱི་ཐོན་ལས་འདི་ཁ་ཕྱོགས་གསར་་བ་ཞིག་ཏུ་བསྐྱོད་དགོས་པ་གཙོ་བོ་དེ་རེད།  ད་སྐབས་རོང་འབྲོག་པ་མང་པོ་ཇེ་བཟང་དུ་འགྲོ་གི་ཡོད་ནི་རེད།   ཀན་ལྷོ་དང་ཟི་ཁྲོན་ལྟ་བུར་མཚོན་ན་དབྱར་དུས་སུ་ལམ་གྱི་གཡས་གཡོན་ཀུན་ཏུ་རས་གུར་གྱི་མགྲོན་ཁང་ཆུང་ཆུང་དང་ཡང་ན་ཁམས་གསེང་གཏོང་ས་སོགས་རང་གི་རིག་གནས་ཀྱི་ཁྱད་ཆོས་མངོན་ཐུབ་པ་དང་རང་གི་ཡུལ་ལུང་གི་ཁྱད་ཆོས་མ་བོར་བ་མང་པོ་ཞིག་འདི་དག་ལ་རྒྱལ་ཁབ་ཀྱིས་ཀྱང་མཐོང་ཆེན་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།    རྒྱལ་ཁབ་ཀྱིས་ཞིང་ལས་ཡུལ་སྐོར་མཉམ་ལས་ཚོང་སྡེ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་རྒྱུ་ཡིན་ཟེར།   ད་ལྟའི་བར་དུ་ཞིང་ལས་མཉམ་སྡེ་ཚོང་སྡེ་ཞེས་གླེང་ཡོད་པ་ལས་ཞིང་ལས་ཡུལ་སྐོར་མཉམ་སྡེ་ཚོང་ལས་གླེང་མྱོང་ཡོད་པ་མ་རེེད།   ད་རེས་ཞིང་ལས་ཡུལ་སྐོར་མཉམ་སྡེ་ཚོང་ལས་ཆེད་དུ་གླེང་འདུག   གལ་ཏེ་རང་གི་སྡེ་བའི་ནང་ཁུལ་ནས་ཡུལ་སྐོར་མཉམ་སྡེ་ཚོང་ལས་འཛུགས་མི་ཐུབ་ན་རང་དང་ཡིད་ཆེས་ཡོད་པའི་ཁེ་ལས་པ་འགའ་ཤས་དང་ལྷན་དུ་ཞིང་གྲོང་རང་བཞིན་གྱི་ཡུལ་སྐོར་མཉམ་སྡེ་ཚོང་ལས་བཙུགས་ན་ཟེར་ནས་རྒྱལ་ཁབ་ཀྱིས་ཀྱང་རེ་བ་དེ་འདྲ་བཏོན་འདུག    དེའི་ཕྱོགས་ནས་གལ་ཏེ་ལས་ཐུབ་སོང་ན་མེ་འགོག་གི་ལས་ཀ་ཡིན་ན་ཟས་རིགས་བདེ་འཇགས་ཀྱི་ཕྱོགས་ནས་ཡིན་ན་འདྲ།  ཁོར་ཡུག་སྲུང་སྐྱོབ་ཡིན་ན་རེད་ཁ་ཚང་བོར་རྒྱལ་ཁབ་ཀྱིས་འགན་འཁུར་རྒྱུ་རེད།  གལ་ཏེ་བསྒྲུབ་ཐུབ་པ་ཡིན་ན་རང་གི་སྡེ་བ་རང་གིས་འགན་འཁུར་དགོས་ལུགས་སོགས་བཤད་ཡོད་པ་དང་མི་རེ་འགའ་ཞིག་གི་སེམས་སུ་རྒྱལ་ཁབ་ཀྱིས་སྡེ་བ་སྲུང་སྐྱོབ་བྱེད་ན་འདོད་ཀི་མེད་པར་བསམ་མཁན་དང་སྡེ་བ་འདི་དག་ཚང་མ་གྲོང་ཁྱེར་ཅན་དུ་བསྒྱུར་འདོད་པའི་དོགས་པ་ཞིག་ཡོང་ཀིན་འདུག་མོད།     ད་རེས་ཡིག་ཆ་འདིའི་ནང་དུ་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོབ་བྱེད་དགོས་ཞེས་བཀོད་འདུག    ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་གྲོང་སྡེ་ལ་ནང་གི་རིག་གནས་དང་ཕྱི་ཡི་བཀོད་པ་སོགས་ཕྱི་ནང་གཉིས་ཆ་ནས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཞེས་བཀོད་འདུག    ཕྱོགས་གཅིག་ནས་སྲུང་སྐྱོབ་དང་ཕྱོགས་གཞན་ཞིག་ནས་ཐོན་ལས་ཅན་ཞིག་ཏུ་གཏོང་དགོས་པས་དེའི་ཕྱོགས་ནས་བསམ་བློ་གཏོང་དགོས་འདུག་ཅེས་བཀོད་ཡོད།    དེ་མིན་ད་ཁ་སང་དེ་རིང་གི་ཁ་ཕྱོགས་གསར་པ་གློག་རྡུལ་ཁྲོམ་ར།    སློབ་གྲྭ་ཆེན་མོ་བ་མང་ཤས་ཤིག་གིས་རང་གི་ས་ཆ་མེད་པའི་དངོས་པོ་ཞིག་ཉོ་དགོས་ཚེ་གློག་རྡུལ་ཁྲོམ་རའམ་དྲ་ཐོག་ནས་ཉོ་བཞིན་ཡོད་པ་རེད།        རང་གི་བོད་ལ་ཡོད་པའི་དངོས་པོ་དག་དྲ་རྒྱ་བརྒྱུད་ནས་ས་ཕྱོགས་སོ་སོར་འགྲེལ་དགོས་སྟེ་གསལ་བོར་བཤད་ན་དྲྭ་རྒྱ་དང་དེང་རབས་ཞིང་ལས་གཉིས་ཀ་ལམ་ཕྱོགས་གཅིག་ལ་འགྲོ་དགོས་པར་སྐུལ་མ་ཞིག་བཏང་འདུག   ད་རུང་དོན་ཚན་གསུམ་པར་ཁ་གསབ་ཞིག་བྱས་ན་ཁྱད་ཆོས་ལྡན་པའི་གྲོང་སྡེ་འཛུགས་བསྐྲུན་བྱེད་པ་འདི་ལ་ཁེ་ལས་གཉེར་མཁན་གྱི་མི་ཡིན་ན་འདྲ་དེ་ལས་གཞན་པའི་མི་ཚང་མས་དོ་སྣང་ཞིག་བྱས་ན།   འདི་ནི་ན་ནིང་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་དང་སྒྲོག་མུས་སུ་ཡོད་པ་ཞིག་རེད།    ཁྱད་ཆོས་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་དགོས་ཟེར་ནས་འདིའི་ཐད་ནས་ཞིང་ཆེན་སོ་སོ་ན་ཚོགས་འདུ་ཡང་རབ་དང་རིམ་པ་འཚོགས་བཞིན་འདུག    ཁྱད་ཆོས་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་འདི་ཞིང་གྲོང་རྫུན་མ་ཞིག་འཛུགས་ས་འགྲོ་ནི་མ་རེད།   སྔོན་ཆད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཞིང་གྲོང་དེ་རྨང་གཞི་བྱས་ནས་ཆགས་དགོས་པ་ཡིན་པས་རྨང་གཞི་ཡོད་ལ་གསོན་ཤུགས་ཡང་ཡོད་པའི་ཐོན་ལས་ཞིག་ལས་དགོས་ཟེར་གི་ཡོད་པ་རེད།   དེ་བས་དེའི་ཕྱོགས་ནས་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ན་རོང་འབྲོག་དམངས་ཚོགས་རྣམ་པས་ཀྱང་དེ་ལ་བསམ་བློ་གཏོང་དགོས་པ་རེད།   གྲ་སྒྲིག་བྱེད་དགོས་པ་རེད།   རང་ཉིད་དེའི་ནང་ལ་ཟབ་ཞུགས་བྱས་ན་དེ་རྒྱལ་ཁབ་ཞིག་གི་རྣམ་གྲངས་ཡིན་ན་ཁེ་ལས་ཞིག་གི་རྣམ་གྲངས་ཡིན་ན་དེ་རང་གི་ས་ཆ་རེད།   མ་རྐང་དེའི་ནང་དུ་ཞུགས་པ་ཡིན་ན་ཁྱོད་ལའང་འབབ་རྒྱུ་ཞིག་ཡོད་དགོས་ནི་རེད།  དེའི་ཕྱོགས་ནས་བསམ་བློ་ཞིབ་མོ་ཞིག་མ་བཏང་ན་རྗེས་མ་ཕལ་ཆེར་འདི་ག་འདྲ་ཞིག་ཏུ་ཆགས་རྒྱུར་ཟེར་ན་ཞིང་ཕྱུག་ལྡན་པའི་ས་ཆ་དང་སྲོལ་རྒྱུན་ལྡན་པའི་ཞིང་གྲོང་གི་ནང་ནས་འདི་རྣམ་གྲངས་ཆེན་པོ་ཞིག་དང་ངེས་པར་བསྒྲུབ་དགོས་པའི་བྱ་བཞག་ཤིག་ཏུ་གྱུར་འདུག  འདིའི་ནང་ན་ཞིང་ཕྱུག་གི་རིག་གནས་ཡང་ཡོད་པ།   གསར་བཏོད་ཀྱི་ཞིང་ལས་ཀྱི་རྣམ་པ་ཡང་ཡོད་པ།  དེ་ནས་ཞིང་ཕྱུག་གི་འཚོ་བ་ཡང་རོལ་ཐུབ་པའི་སྣ་འཛོམས་རང་བཞིན་གྱི་ཞིང་གྲོང་གི་རྣམ་པ་ཞིག་འཛུགས་རྒྱུ་རེད།  དེ་ལ་རང་རེའི་ཞིང་ཆེན་གྱིས་ཀྱང་འདི་སྟེང་ལ་མ་དངུལ་དུང་ཕྱུར་མང་པོ་གཏོང་རྩིས་ཡོད་པ་རེད།    འདི་དོན་ཚན་གསུམ་པའི་ཁ་གསབ་ཞིག་དང་ང་ཚོས་ཁ་སང་དེ་རིང་ངེས་པར་ཤེས་དགོས་པའི་གནད་འགག་ཞིག་ཡང་རེད།    FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།  རེད་རེད།   བཀའ་དྲིན་ཆེ།  མདོར་བསྡུས་ན་དོན་ཚན་གཉིས་པ་དང་དོན་ཚན་གསུམ་པའི་ནང་དུ་གཅིག་ན་རོང་འབྲོག་པ་དམངས་ཚོགས་ཀྱི་ཡོང་སྒོ་ཡིན་ན། འཚོ་བ་འདི་རྒྱུན་མཐུད་ཐུབ་པ།  དཔེར་ན།  དེ་རིང་སྒོར་མོ་སྟོང་གཅིག་གི་ཡོང་སྒོ་ཡོད་གི་གནང་ཉིན་སྒོར་མོ་དེ་ཇེ་མང་ལ་འགྲོ་དགོས་པ་དེ་ནས་འཚོ་བ་དེ་ཇེ་ལེགས་ཇེ་རྒྱས་ལ་འགྲོ་རྒྱུ་མ་གཏོགས་ཇེ་སྡུག་ལ་མི་འགྲོ་རྒྱུའི་ཕྱོགས་ལ་དོ་སྣང་བྱེད་དགོས་པའི་སྐོར་ནས་སྐད་ཆ་མང་པོ་བཤད་ཐལ།    དེ་ནས་རྣམ་པ་གསར་བ་ཅན་ནས་ལས་དགོས་པ་དང་ལས་ན་ཡང་སྲོལ་རྒྱུན་གྱི་ཁྱད་ཆོས་མི་འབོར་བ།  ཁྱད་ཆོས་ཡོད་ན་སྲིད་གཞུང་གིས་ཀྱང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་སོགས་ཀྱི་ཐད་ནས་སྐད་ཆ་ཡག་པ་བཤད་ཐལ།  བཀའ་དྲིན་ཆེ།  དེ་ཡིན་ན་ང་རང་ཉིད་ཀྱིས་སློབ་སྦྱོང་བྱས་པ་ལྟར་ན་དོན་ཚན་བཞི་པ་དང་ལྔ་པ་དྲུག་པ་བཅས་ནི་གོང་གི་དོན་ཚན་དེ་དག་ལ་གཞོགས་འདེགས་ཀྱིས་ཚུལ་དུ་ཁ་གསབ་བྱས་ཡོད་ས་དང་རྒྱས་འགྲེལ་བྱས་ཡོད་ས་རེ་འདུག   དེས་ན་ཁྱེད་ཀྱིས་དོན་ཚན་འདི་དག་ཕྱོགས་བསྡུས་ཀྱིས་སྒོ་ནས་ཁ་བརྡ་ཞིག་བྱས་ན། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།     དོན་ཚན་བཞི་པ།    ལྔ་པ།   དྲུག་པ་བཅས་ནི་གོང་གི་དོན་ཚན་དེ་དག་ལ་ཁ་གསབ་དང་རྒྱས་འགྲེལ་གྱིས་ཚུལ་དུ་བཤད་ཡོད་པའི་གཙོ་བོ་དེ་འདྲ་ཞིག་རེད།   དེས་ན་དོན་ཚན་བཞི་པ་ནི་གཙོ་བོ་ཚན་རིག་གི་ཕྱོགས་རེད།    ཚན་རིག་དང་ཞིང་སྡེ་གཉིས་ཀ་མཉམ་འབྲེལ་བྱེད་རྒྱུ་གཙོ་བོ་དེའི་ཕྱོགས་ནས་ཁ་བརྡ་བྱེད་ཀི་ཡོད་པ་རེད།   དེའི་ནང་ནས་ཀྱང་གཙོ་བོ་སློབ་གསོ་རེད།   ༼ལག་རྩལ་སློབ་གསོ་༽རེད།  ལག་རྩལ་སློབ་གསོའི་ཕྱོགས་ནས་བོད་ཁུལ་ལ་དམིགས་ནས་ཁ་བརྡ་བྱེད་དགོས་ན་བོད་ཀྱི་ཁ་ལས་པ་རྨང་གཞི་ཅན་དང་སློབ་གསོ་བསྒྲུབ་མཁན་ཚོས་ལག་རྩལ་སློབ་གསོ་འདི་ལ་མཐོང་ཆེན་དང་མ་འོངས་པའི་ཁ་ཕྱོགས་འདི་ལ་བསྙེགས་རྒྱུ་ན་རྒྱལ་ཁབ་ལ་མཚོན་ན་ཞིང་ལས་དང་ཞིང་གྲོང་གི་ལག་རྩལ་མི་སྣ་སྐྱེད་བསྲིང་བྱེད་པའི་ཐད་ནས་རྗེས་མར་མཐོང་ཆེན་བྱེད་པའི་སྐད་ཆ་ཞིག་གྱང་འདུག      དེའི་ཕན་ཆད་ནས་སྲོལ་རྒྱུན་གྱི་ལག་རྩལ་དགོན་པའི་གདུགས་དང་རྒྱལ་མཚན་དང་ཞྭ་དང་ལྷམ་འདེབས་པ་ལྟ་བུའི་ལག་རྩལ་དག་ཞིང་གྲོང་ལ་དམིགས་ནས་སློབ་ཚན་འཁྲིད་རྒྱུ་རེད།  འདི་ལས་སྡེ་བ་རང་བཞིན་གྱི་ལག་རྩལ་པ་དང་ཐུན་མིན་ཁྱད་ཆོས་ལ་དམིགས་ནས་ཞིང་གྲོང་རང་བཞིན་གྱི་ལག་རྩལ་པ་དག་ལ་མཐོང་ཆེན་བྱེད་རྒྱུ་རེད།   འདི་ལ་སྡེ་བ་ལག་རྩལ་པ་དག་ལ་མཚོན་ན་ཧ་ཅང་གོ་སྐབས་ཡག་པོ་ཞིག་རེད།   དེ་ནས་ཞིང་གྲོང་གི་ཁོར་ཡུག་ལ་བདག་སྐྱོང་བྱེད་པ།  ཞིང་གྲོང་གི་ཁོར་ཡུག་འདི་ལ་གཙོ་བོ་གད་སྙིགས་འཕེན་ས་དགོས་པ་རེད།    ང་ཚོ་ཡར་སྔོན་གད་སྙིགས་མང་པོར་འཕྲད་མྱོང་ཡོད་པ་མ་རེད།  དེའི་སྟབས་ཀྱིས་གད་སྙིགས་དེ་དག་ཇི་ལྟར་བདག་སྐྱོང་བྱེད་པ་དེ་ཡང་གཙོ་བོ་ཞིག་རེད།   གྲོང་ཁྱེར་ལྟ་བུར་མཚོན་ན་གད་སྙིགས་ཀྱི་གནད་དོན་དེ་གནད་དོན་ཧ་ཅང་ཆེ་ཤས་ཤིག་ཏུ་གྱུར་ཡོད་པ་རེེད།  ད་རེས་ཁོར་སྲུང་གི་སྐོར་ནས་རྒྱལ་ཁབ་ཀྱིས་བྱ་འགུལ་མང་དུ་སྤེལ་འཆར་འདུག     ཆུ་གློག་ལམ་གསུམ་དང་དྲྭ་བའི་གནད་དོན་དང་ལྷག་པར་དུ་ཁ་པར་གྱི་དྲྭ་བའི་གནད་དོན་སོགས་ཕྱོགས་ཡོངས་ནས་ཐག་གིས་གཅོད་རྒྱུ་ཡིན་ཟེར།  དེ་ནས་དོན་ཚན་ལྔ་པ་ཡིན་ན་དབུལ་ཐར་གྱི་ཕྱོགས་རེད།  ད་རེད་རྒྱལ་ཁབ་ཀྱིས༢༠༡༧ལོའི་་ཡིག་ཆ་དང་པོའི་ནང་དབུལ་ཐར་གྱི་གྲངས་ཀ་ངེས་པར་དུ་ཁྲི་ཚོ་སྟོང་ལས་བརྒལ་དགོས་པ་ཁག་ཐེགས་བྱས་འདུག   ད་སྐབས་ཡིན་ན་དབུལ་ཐར་གྱི་ཕྱོགས་ནས་རྫོང་རིམ་པ་ཡིན་ན་ཞིང་གྲོང་རིམ་པ་ཡིན་ན་གནད་དོན་མང་པོ་བུད་འདུག   དབུལ་ཐར་གྱི་བྱ་བ་ལ་ད་དུང་འགོ་ཁྲིད་ལ་ལས་བྱ་བ་བསྒྲུབ་སྟངས་ལ་རུལ་སུངས་ཀྱི་སྣང་ཚུལ་མངོན་རྒྱུ་འདུག   དེའི་སྟབས་ཀྱིས་དམངས་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་ངན་སྤེལ་མཁན་དང་དབུལ་ཐར་གྱི་བྱ་བ་ལ་རྫུན་བཟོ་དང་དབུལ་ཐར་ལ་བར་ཆད་གཏོང་མཁན་དག་ལ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཞེས་བསྟན་འདུག  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།  རེད།    དཔེར་ལེན་རྒྱུ་ན་འུ་ཚོ་སྡེ་བ་ནང་ནས་དོན་ངོ་མས་སྟེང་ནས་རོང་འབྲོག་པ་རྣམས་འཚོ་བར་དཀའ་ཁག་ཧ་ཅང་ཆེ་མོད་།   དབུལ་བོ་ཐར་སོང་ཞེས་རྫུན་བཟོ་བྱེད་པ་དག་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཞེས་ཡིག་ཆ་ཡི་ནང་ན་གསལ་བོ་རེད་དམ།FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    འོ་རེད་རེད།   དེ་འདྲའི་སྣང་ཚུལ་མང་ནི་རེད་ཡ།  དེ་རིགས་ཡོད་ན་ངེས་པར་དུ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཞེས་གཏན་འབེབ་མཛད་འདུག    དྲང་མོར་བཤད་ན་རྫུན་མ་བཟོ་བཞིན་ཡོད་པ་ཡང་ཀྲུང་དབྱང་གིས་ཀྱང་ཤེས་ཡོད་ནི་རེད།    ད་རུང་མུ་མཐུད་དུ་རྫུན་མ་བཟོས་ན་ངེས་པར་དུ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཞེས་ཡིག་ཆ་ནང་དུ་ཁ་གསལ་བོའི་བཤད་འདུག     དོན་ཚན་དྲུག་པ་ཡིན་ན་ཞིང་ལས་དང་ཞིང་སྡེ་བཅོས་བསྒྱུར་བྱེད་དགོས་པའི་བཅོས་བསྒྱུར་གྱི་ཤུགས་དེ་ཇེ་ཆེར་གཏོང་དགོས་ཞེས་བསྟན་འདུག    བཅོས་བསྒྱུར་བཅོས་བསྒྱུར་ཟེར་ན་དམངས་ཚོགས་རྣམས་ལ་སྒོར་མོ་ཞིག་གི་ཡོངས་ཁུངས་ཞིག་ངེས་པར་དགོས་འདུག   ཐ་ན་དངུལ་ཁང་ནང་ནས་ཡིད་རྟོན་གྱི་བྱང་བུ་ཞིག་བཟོ་ན་འུ་ཚོས་ལས་བྱེད་པ་ཞིག་གིས་བྱང་བུ་བཟོ་དགོས་ན་དཀའ་མོ་ཞིག་ཡིན་ནི་མ་རེད།  ཡིན་ནའང་ཞིང་གྲོང་དམངས་ཚོགས་ཞིག་གིས་ཡིད་རྟོན་བྱང་བུ་ཞིག་བཟོ་དགོས་ཚེ་དཀའ་ངལ་དེ་སྤྱིར་བཏང་གི་དཀའ་ངལ་ཞིག་ཡིན་ནི་མ་རེེད།  ཁེ་ལས་གསར་སྤེལ་གྱི་རྣམ་གྲངས་བཟང་ཤས་ཤིག་རང་ཉིད་ལ་ཡོད་ན་ཡང་ལག་ལ་སྒོར་མོ་ཡོང་སྤྱད་ཀྱི་ཁུངས་མེད་ལ་དེའི་སྟབས་ཀྱིས་ད་རེས་རྒྱལ་ཁབ་ཀྱིས་དངུལ་ཁང་ལ་འབྲེལ་བྱས་ཏེ་ཁ་གསབ་ཆེན་པོ་བྱེད་རྒྱུ་ཡིན་ཟེར།   དངུལ་ཁང་ནང་ནས་སྒོར་མོ་བསྐྱི་དུས་ལྟ་བུར་མཚོན་ན་འདི་དགོས་དང་གན་དགོས་ཟེར་ནས་དམངས་ཚོགས་རྣམས་ལ་ཁག་ཐེགས་འདོད་པ་བྱེད་དུ་འཇུག་གི་ཡོད་ནི་རེད།   རྗེས་མ་དམངས་ཚོགས་རྣམས་ཀྱིས་སྒོར་མོ་ཞིག་བསྐྱི་ན་ཡང་སྟབས་ཇེ་བདེར་གཏོང་རྒྱུ།   གསལ་བོར་བཤད་ན་ནོར་གྲངས་བཅོས་བསྒྱུར་རེད།   ནོར་གྲངས་བཅོས་བསྒྱུར་གྱི་ཐོག་ནས་ནས་བཅོས་བསྒྱུར་བྱེད་རྒྱུ་ཡིན་ཟེར་ནས་ཁག་ཐེག་དང་གསལ་བོ་གསལ་བཤད་གནང་འདུག   ས་ཆ་བདག་དབང་གི་ཐད་ནས་རང་གི་ས་ཆ་དང་རང་གི་ཁང་པར་གྲོང་ཁྱེར་རང་བཞིན་གྱི་ས་ཡིག་སྟེར་པ།  འུ་ཚོར་ས་ཆ་བེད་སྤྱོད་བྱེད་པའི་ས་ཡིག་མ་གཏོགས་ཁང་ཡིག་ཡོད་ནི་མ་རེད།  གལ་ཏེ་ཁང་ཡིག་ཡོད་ན་དངུལ་ཁང་ལས་སྒོར་མོ་ཞིག་བསྐྱི་ན་ཡང་སྒོར་མོའི་གྲངས་ཀ་ཇེ་མཐོར་གཏོང་ཐུབ་ནི་རེད།  གཏའ་མ་འཇོག་རྒྱུ་ཡོད་ཀ     དེའི་ཕྱོགས་ནས་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་བྱེད་རྒྱུ་ཡིན་ཟེར་ནས་ཁག་ཐེགས་ནན་མོ་བྱས་ཡོད་ཀི   དེ་ནས་ཞིང་གྲོང་གི་ཁེ་ལས་པ་འགའ་ཤས་ཤིག་གིས་སྡེ་བའི་ནང་ནས་རང་གི་གཞི་མ་འཛུགས་སྐྲུན་བྱེད་བཞིན་ཡོད།   གལ་ཏེ་ཁྲིམས་དང་མཐན་ན་མ་གཏོགས་ཁྲིམས་མཐུན་མིན་པའི་དོན་དག་དེ་འདྲ་བྱུང་ཡོད་ན་ངེས་པར་དུ་མཚམས་འཇོག་དགོས་འདུག    རྒན་གསོའི་ཐོན་ལས་འདི་ཞིང་གྲོང་དང་མཉམ་འབྲེལ་བྱེད་རྒྱུའི་འཆར་གཞི་འདུག  དེའི་ཕན་ཆད་ནས་སློབ་ཆེན་སློབ་མ་དང་ཕྱི་འའགྲིམས་པ་མང་པོ་ཞིག་ཕྱིར་ལ་ཡོང་བཞིན་ཡོད་པ་རེད།   དེའི་རིགས་ལ་བསམ་བློ་གསར་བ་དང་ལག་རྩལ་གསར་བ་འདུག་འདི་དང་ཞིང་ཕྱུག་གི་ལས་ཀ་གཉིས་ཀ་མཉམ་འབྲེལ་བྱེད་རྒྱུ་བྱུང་ན་རྒྱལ་ཁབ་ཀྱིས་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསལ་བོར་བསྟན་འདུག    ཁ་སང་དེ་རིང་གི་སློབ་མ་ཚོས་གཞུང་ཞབས་པ་དང་ཡར་མར་ལ་རྒྱུགས་སྤྲད་ནས་སོང་ན་ཕ་ཡུལ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་རེད།    དེ་བཞིན་དུ་སྡེ་བ་རྗེས་མ་རྗེས་མར་གསོན་ཤུགས་མེད་པ་ལྟ་བུ་ཞིག་ཏུ་ཆགས་གིན་འདུག    ལས་བྱེད་པ་རྒྱུགས་ཕྲོད་རྒྱུ་མང་སོང་ན་སྡེ་བའི་བཅུད་ཤོར་བ་དང་འདྲ།  དེ་བས་སློབ་གྲྭ་ཆེན་མོ་མང་ཤས་ཤིག་གིས་རང་གི་ཕ་ཡུལ་ནས་ཐོན་ལས་ལས་སྣོན་བྱས་ཏེ་རང་ས་བཟུང་ན་དེ་གོ་སྐབས་ཡག་ནི་རེད།    ད་ལྟའི་བར་དུ་དེ་ལ་ནོར་དོན་གྱིས་ཁག་ཐེགས་བྱེད་པ་དང་སྲིད་ཇུས་ཀྱིས་རོགས་པ་རྒྱག་པ།  གཙོ་སྦྱོང་བྱེད་པ་སོགས་གང་ཡང་ཡོད་ནི་མ་རེད།   ད་ལོ་ནས་བཟུང་སྟེ་འབད་པ་བྱེད་རྒྱུ་ཟེར་ནས་རྒྱལ་ཁབ་ཀྱིས་ཁག་ཐེག་བྱས་འདུག  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    རེད་རེད།   བཀའ་དྲིན་ཆེ།   བར་འདི་ནས་ཁྱོད་ལ་ཁ་གསབ་ཀྱི་ཚུལ་དུ་ཁ་བརྡ་ཞིག་བྱེད་དུ་འཇུག་དགོས་པ་ནི་སློབ་གྲྭ་མང་པོར་འགྲིམས་མྱོང་མཁན་དང་ཆུང་དུས་ནས་གྲོང་ཁྱེར་མང་པོ་ཉུལ་ནས་གཞན་གྱི་ཁེ་ལས་ཀྱི་མངའ་ཁོངས་ནས་བྱ་བ་བསྒྲུབ་མྱོང་མཁན་གྱི་ན་གཞོན་པ།  བསམ་བློ་གསར་པ་ཅན།   ལྟ་བ་གསར་པ་ཅན་སོགས་ཕྱིར་རང་གི་ཕ་ཡུལ་ལ་ལོག་ནས་ལས་རིགས་གསར་སྤེལ་བྱེད་འདོད་ཀྱི་བསམ་བློ་དང་འདུ་ཤེས་དྲག་པོ་ཡོད་མོད།    འོན་ཀྱང་སྒོར་མོ་གཏོང་བའི་ནུས་པ་མེད་པའི་མི་རྣམས་ལ་དངུལ་ཁང་གིས་རྒྱབ་སྐྱོར་བྱེད་པའི་སྐོར་ནས་ད་རེས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་གསལ་བོར་བསྒྲགས་ཡོད་དམ།  FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།     ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བྲིས་འདུགFWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།  རེད།   རྒན་ལ་བཀའ་དྲིན་ཆེ།    དེ་རིང་གི་ལེ་ཚན་འདི་མཇུག་བསྡུ་བའི་དུས་ཚོད་ཐོན་ལ་ཉེ།  མཇུག་མཐར་ངས་ཁྱེད་ལ་གནད་འགག་ཅན་གྱི་དྲི་བ་གཅིག་ཡོད་པ་ནི་འུ་ཚོའི་མཚོ་སྔོན་གྱི་བྱ་བའི་ནང་ནས་ཧ་ཅང་མཐོང་ཆེན་བྱེད་པའི་བྱ་བ་གཅིག་ཡིན་ན་གནད་ཁེལ་དབུལ་སྐྱོར།  གཉིས་ཡིན་ན་སྐྱེ་ཁམས་སྲུང་སྐྱོབ།  གསུམ་ན་མི་རིགས་མཐུན་སྒྲིལ་འདི་དག་ཐམས་ཅད་རོང་འབྲོག་པ་དམངས་ཚོགས་ཀྱི་འཚོ་བ་དང་དམ་དུ་འབྲེལ་ཡོད་པ་དང་བདེ་འཇགས་དང་སྲུང་སྐྱོབ།  དོན་དངོས་རང་བཞིན་བཅས་ཀྱི་སྒོ་ནས་དཀའ་ཁག་ཆེ་བའི་དམངས་ཚོགས་རྣམས་ཀྱི་དཀའ་ཁག་དེ་དོན་དངོས་ནས་སེལ་པར་རྒྱལ་ཁབ་ནས་ཀྱང་རེ་བ་ཆེན་པོ་འདོན་གི་ཡོད་ཁུ།    འདིར་མཚོན་ན་ལས་ཀ་ཡང་ཧ་ཅང་གི་གཙོ་བོ་ཞིག་རེད།  ཡིག་ཆ་ཨང་དང་པོར་མཚོན་ནའང་དམངས་ཚོགས་ཀྱི་འཚོ་བ་དང་ཡོང་སྒོ།  འཚོ་བ་འཕེལ་རྒྱས་ལ་འགྲོ་དགོས་པ།   རྒྱུན་མཐུད་ཐུབ་དགོས་པ།  རྒྱུན་མཐུད་ངང་འཕེལ་རྒྱས་ལ་འགྲོ་བའི་གོ་རིམ་ཁྲོད་ནས་རང་གི་སྲོལ་རྒྱུན་ལ་གཏོར་བརླག་གཏོང་མི་ཉན་པ །   ཁྱད་ཆོས་ལྡན་པའི་ངང་འཕེལ་རྒྱས་ལ་འགྲོ་དགོས་པ་གསོན་ཤུགས་གསར་པ་ཞིག་རྒྱས་རྒྱུ།   དེ་ཡང་ཀྲུང་གོའི་ཁྱད་ཆོས་དང་ཕ་ཡུལ་གྱི་ཁྱད་ཆོས་ལ་འགལ་མི་ཉན་པ་སོགས་ཀྱི་ངོས་ཐད་་ནས་སྐད་ཆ་མང་པོ་ཞིག་བཤད་ཐལ།   འདི་ལྟ་བུའི་ལས་བསྒྲིབ་པའི་གོ་རིམ་ཁྲོད་ནས་ས་གནས་ཁ་ཤས་ཤིག་ནས་བྱ་བ་བསྒྲུབ་པ་ཚད་ལྡན་མིན་པ།  ལྷག་པར་དུ་གཞི་རིམ་རོང་འབྲོག་ས་ཁུལ་དུ་སྡེ་བ་ལ་ལ་དང་འགོ་ཁྲིད་ལ་ལས་སྲིད་ཇུས་ཀྱི་དགོངས་དོན་དང་ནང་དོན་གསལ་བོ་ཞིག་ཧ་མ་གོ་བར་བྱ་བ་ལས་དུས་དྲང་བོ་དྲང་བཞག་གིས་ལས་ཐུབ་ཀི་མེད་པ་འདྲ་བའི་སྣང་ཚུལ་ཡོད་གི་ཟེར་ནས་བཤད་གི་ཡོད་ཁུ།   ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ནས་ཀྱང་སྐྱོན་བརྗོད་ཡང་མང་པོ་བྱས་སདུག    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕེན་ཡིན་ན་ཆོག་གི་ཡིག་ཆ་ཨང་པོ་ཡིན་ན་ཆོག་གི    རྗེས་མ་ཉམས་འཇོག་དགོས་ས་གང་དག་ཡོད་གི    འདིའི་སྐོར་ནས་ཁ་བརྡ་ཞིག་བྱས་ན།     FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།      རེད།     དོན་ཚན་ཆེན་པོ་འདི་དྲུག་པོ་འདི་ཀྲུང་དབྱང་གི་ཡིག་ཆ་སྟེང་ཕུལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་ནས་ཀྱང་མདོ་འཛིན་བྱས་ཡོད་པ་རེད།      དེ་ལས་སྐད་ཆ་འདི་འདྲ་ཞིག་སྤེལ་འདུག ཁོས་གོ་ཐོས་ལྟར་ན་ད་རུང་གཞི་རིམ་ན་དམངས་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བྱེད་བཞིན་ཡོད་འདུག  རུལ་སུངས་གི་བྱ་བ་ལ་ད་དུང་མུ་མཐུད་དུ་ཁ་ཡ་མི་བྱེད་མཁན་གྱི་ལས་བྱེད་པ་ད་དུང་མང་པོ་འདུག་ཟེར།  ད་དུང་མང་ཤས་ཤིག་གིས་དམངས་ཚོགས་ཀྱི་ཁེ་ཕན་འདི་ཇེ་ལྕི་ལ་གཏོང་བའི་རྣམ་པ་འདུག  དེ་བས་ཁུལ་དང་རྫོང་རིམ་པ་གང་ལ་མཚོན་ནའང་བྱ་བའི་ནང་ནས་ཧ་ཅང་གནད་འག་ལ་འཛིན་དགོས།  རྒྱུ་འབྲས་བསྣོག་མཁན་དང་རུལ་སུངས་གི་བྱ་བ་ལས་ལཁན་གྱི་གོང་རིམ་དག་ལ་དག་ཐར་ནན་མོ་བྱེད་དགོས་ཞེས་བསྟན་འདུག   དེ་ཡིན་པས་གོང་རིམ་གྱིས་སྒྲིག་གཞི་འདི་འདྲ་ཞིང་བསྒྲིག་འདུག  འདི་ལ་རྒྱ་ཆེ་བའི་ལས་བྱེད་རྣམས་ཀྱིས་དོ་སྣང་དང་རྒྱབ་བསྐྱོར་བྱས་ཏེ་འདི་དྲང་མོར་བཤད་ན་ལོ་ཧྲིལ་པོའི་འགན་ཁུར་ཞིག་ཏུ་ཆགས་འདུག    འདི་ལ་རྩ་འཛུགས་ཡག་པོ་ཞིག་མེད་ན་ལས་དོན་འདི་འཁྱོངས་དཀའ་མོ་འདུག  ཀྲུང་དབྱང་གི་རེ་བ་གང་ལ་བཏོན་ཡོད་གི་ཟེར་ན་ཞིང་གྲོང་རང་བཞིན་གྱི་སྡེ་བ་ཡི་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་བྱས་ཏེ་སྡེ་དམངས་རང་སྐྱོང་།  ད་ལྟའི་བར་དུ་རྫོང་མི་དམངས་མང་ཚོགས་ཟེར་བ་ལས་རྫོང་མི་དམངས་རང་སྐྱོང་ཟེར་རྒྱུ་ཞིག་མི་འདུག   ཡིན་ནའང་ད་རེས་ཡིག་ཆའི་ནང་དུ་སྡེ་དམངས་རང་སྐྱོང་ལ་ཚོད་ལྟ་བྱས་ཏེ་ཤུགས་རྒྱག་པ།   ཤུགས་ཇི་ལྟར་རྒྱག་དགོས་ཟེར་ན་དམངས་ཚོགས་ཀྱིས་སྡེ་བ་ལྟ་རྟོག་བྱེད་པའི་ཨ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པ།    འུ་ཚོར་ཡིན་ན་སྡེ་དཔོན།   ཧྲུའུ་ཅི་སྡེ་དམངས་རེད།  ལྟ་རྟོག་ཨུ་ཡོན་ལྷན་ཁང་ཟེར་རྒྱུ་ཡོད་ནི་མ་རེད།   ད་རེས་ལྟ་རྟོག་ཨུ་ཡོན་ལྷན་ཁང་ཞིག་འཛུགས་དགོས་ཞེས་ཁ་གསལ་འདུག  དེ་ལས་གཞན་དུ་དོན་དངོས་ལ་འབབ་ཐུབ་པ་དང་ལག་ལེན་ལ་འབབ་ཐུབ་པའི་ལྟ་རྟོག་གི་སྒྲིག་གཞི་ཆགས་དགོས་པ།  སྡེ་དམངས་རྣམས་ཀྱིས་རང་སྐྱོང་གི་ལས་ཀ་ལ་ཚོད་ལྟ་དང་དེ་ལ་ཤུགས་རྒྱག་པ།   དེ་ནི་ཀྲུང་དབྱང་གིས་ཞིང་གྲོང་དང་སྡེ་དམངས་བཏོན་པའི་རེ་བ་རེད།   ད་རེས་ཁ་བརྡ་འདིའི་སྟེང་ནས་མཇུག་མཐརབཏོན་པའི་དམིགས་བསལ་གྱི་བརྗོད་བྱ་ཞིག་གྱང་རེད། FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    རེད་རེད།    བཀའ་དྲིན་ཆེ།   འུ་ཚོའི་གཞི་རིམ་རོང་འབྲོག་ཕྱོགས་ས་ཁུལ་རང་སྐྱོང་རང་བདག་གི་ལམ་ནས་འཕེལ་རྒྱས་ལ་འགྲོ་ཐུབ་པ།    ནུས་པ་ཐོན་པ།   རང་གི་སྡེ་བའི་ནང་ནས་རྒྱུ་འབྲས་མེད་པ་དང་དྲང་བདེན་མིན་པའི་སྣང་ཚུལ་ལ་ལྟ་རྟོག་ཨུ་ཡོན་ལྷན་ཁང་བཙུགས་ན་ཆོག་པའི་དབང་ཆ་ཡོད་པ་གས་ལ་བོར་བཤད་ཡོད་ག FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།     ཡོད་ནི་རེད།    གསལ་བོར་ཡོད་ནི་རེད།  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།    རེད་རེད།   ལེ་ཚན་འདིའི་དུས་ཚོད་ལ་ཡང་ཐོན་ཐལ།   བཀའ་དྲིན་ཆེ། FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།   ཡ་ཡ།  བཀའ་དྲིན་ཆེ། FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།      ཡ།  དེས་ན་ཐེངས་རྗེས་མའི་ལེ་ཚན་ནང་དུ་འུ་གཉིས་ཀས་མུ་མཐུད་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡི་ཡིག་ཆ་ཨང་པོ་འདི་སྒྲོག་འགྲེལ་བྱས་ན།FWMཀྲུང་གོ་བོད་ཀྱི་དྲ་བ།

བསོད་ནམས་དབང་རྒྱལ།    རེད་རེད།  FWMཀྲུང་གོ་བོད་ཀྱི་དྲ་བ།

ལྷ་རྒྱལ་བཀྲ་ཤིས།   རེད།   གྲོགས་པོ་རྣམ་པ།  ད་རེས་ཡིན་ན་མཚོ་སྔོན་ཞིང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་གདན་ཞུ་བྱས་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ་ཅེས་ཁ་བྱང་འདའི་སྟེང་ནས་ཚང་མར་ཁ་བརྡ་བྱེད་དུ་བཅུག་ནི་རེད།  ཐེངས་རྗེས་མའི་ད་དུང་མུ་མཐུད་དུ་མཚོ་སྔོན་ཞིང་ཏང་ཨུ་ཡི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པས་ཚང་མས་དུས་ལྟར་ཉན་པར་དགའ་བསུ་ཞུ། FWMཀྲུང་གོ་བོད་ཀྱི་དྲ་བ།


FWMཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།