སྤྱི་བདེ་པུའུ་ཡིས《བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》བཟོ་བཅོས་བྱེད་པའི་བསམ་འཆར་བསྡུ་ལེན་བྱས་པ་སྟེ། སྲིད་འཛིན་བཀག་སྐྱིལ་བྱེད་པའི་ལོ་ཚོད་ལོ16ནས་ལོ14ལ་ཇེ་དམའ་རུ་གཏོང་རྩིས་ཡོད་པ།

ཟླ2པའི་ཚེས19ཉིན་ཀྲུང་གོའི་སྐད་སྒྲ་སྟེ《གསར་འགྱུར་དང་ཚགས་པར་སྙིང་བསྡུས》སྟེང་བསྒྲགས་པ་ལྟར་ན། སྤྱི་བདེ་པུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས〔བཟོ་བཅོས་བྱེད་པར་གསལ་བསྒྲགས་སྒོས་བསམ་འཆར་བསྡུ་ལེན་བྱེད་པའི་མ་ཟིན〕》ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་སྲིད་འཛིན་བཀག་སྐྱིལ་བྱེད་པའི་ལོ་ཚོད་ལོ16ནས་ལོ14ལ་ཇེ་དམའ་རུ་གཏོང་རྩིས་ཡོད་པས། བྱེད་ཐབས་དེ་ལ་རྩོད་གླེང་དྲག་པོ་བྱུང་།
wR2ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རོལ་ནས་བལྟས་ན། བཟོ་བཅོས་འདི་ནི་ཉེ་བའི་ལོ་འདི་འགར། ལོ་ན་ཆུང་བའི་ནར་མ་སོན་པའི་མིས་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་བ་བསྒྲུབས་པའི་བྱ་སྤྱོད་ལ་ཐུགས་ཁུར་བྱེད་པའི་ཨ་ལན་རེད། ད་ལྟ་བཀོལ་སྤྱོད་བྱེད་ཀྱིན་པའི་ཉེས་ཁྲིམས་གཏན་འཁེལ་ལྟར་ན། ལོ14ཡན་དང་ལོ16མ་ལོངས་པའི་ནར་མ་སོན་པའི་མི་དེ་དག་ལ། ཁོ་ཚོས་བསྒྲུབས་པའི་ཁྲིམས་འགལ་བྱ་སྤྱོད་དེ“བསམ་བཞིན་དུ་གནོད་འཚེ་བཏང་སྟེ་མི་གཞན་ལ་རྨས་སྐྱོན་ལྕི་མོ་བཟོས་པ”ཡི་ཚད་ལ་མ་ཐོན་པའི་སྔོན་དུ། ཉེས་ཁྲིམས་ཀྱི་བཙན་ཤེད་ཐབས་ལམ་གང་ཡང་བཀོལ་མི་ཆོག་མོད། འོན་ཀྱང་ཚད་དེ་ལ་སླེབས་ཚེ་ནོར་འཁྲུལ་ཆེན་པོ་བཟོས་ཟིན་པ་རེད།wR2ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཀྲུང་གོ་འདྲི་གཅོད་གཞུང་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཏའེ་ཆིའུ་དབྱིན་གྱིས་བལྟས་ན། ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚོད་མ་ལོངས་པའི་ལོ་ཆུང་ཁྲིམས་འགལ་ཉེས་བསགས་པ་དེ་དག་ལ། ཁྲིམས་འཛིན་ལག་ལེན་ཁྲོད་དངོས་གནས་སྤྱད་ཆོག་པའི་ཡོ་བསྲང་སློབ་གསོའི་ཐབས་ལམ་ཞིག་མེད་པས། ནར་མ་སོན་པའི་ཁྲིམས་འགལ་ཉེས་བསགས་པ་དེ་དག་གི་བྱ་སྤྱོད་ཡོ་བསྲང་བྱེད་པའི་ཕན་འབྲས་ལ་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཡིད་ཚིམ་གྱི་མེད།wR2ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་དུ་ནར་མ་སོན་པའི་མིའི་གྱོད་དོན་སྒྲུབ་བཞིན་པའི་ཉིང་པའོ་གྲོང་ཁྱེར་ཧའེ་ཧྲུའུ་ཆུས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མིའི་ཉེས་བསགས་ཞིབ་དཔྱོད་ཚན་ཁག་གི་ཚན་གཙོ་ཝང་དབྱིན་གྱིས་བཤད་རྒྱུར། ལོ14ནས་ལོ16བར་གྱི་ལོ་ཚོད་འདིའི་ནང་དུ་ནར་མ་སོན་པའི་མིའི་ཀླད་པའི་ནང་གི་ཐུན་མོང་གི་བརྩེ་བ་དང་མི་གཞན་གྱི་སེམས་ཁམས་རྟོགས་པའི་སྐོར་གྱི་འཚར་ལོངས་ཧ་ཅང་མགྱོགས་པའི་དུས་ཡིན་པས། གལ་ཏེ་སྐབས་དེར་ཁོ་ཚོ་བཀག་སྐྱིལ་བྱས་ན། འཇིགས་སྣང་ཆེན་པོས་ཁོ་ཚོའི་ཀླད་པའི་འཚར་ལོངས་དེ་རིགས་ལ་བཀག་རྐྱེན་ཐེབས་པར་མ་ཟད། འཕེལ་རིམ་དེ་སླར་གསོ་འབྱུང་དཀའ་བ་རེད། ནར་མ་སོན་པའི་མི་ལོ་ཚོད་དེའི་ནང་དུ་བཀག་སྐྱིལ་བྱས་ན། ཕྱིར་བུད་རྗེས་མི་གཞན་ལ་ཕར་རྒོལ་བྱེད་སླའོ། །wR2ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།