ལོ18མན་གྱི་མིས་ནག་ཉེས་བསགས་ན་ཉེས་འགན་འཁུར་དགོས་སམ།

སྤྱི་ཚོགས་ཀྱི་མི་མང་པོ་ཞིག་གི་བསམ་པར་ལོ18ལ་མ་སོན་ན་ནག་ཉེས་བསགས་ཀྱང་ཉེས་འགན་འཁུར་མི་དགོས་སྙམ་པ་རྣམས་ནི་བཅའ་ཁྲིམས་ལ་གོ་བ་ལོག་པ་ཞིག་ཡིན། རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ལོ16སོན་པའི་མིས་ནག་ཉེས་བསགས་ན་ངེས་པར་དུ་ཉེས་འགན་འཁུར་དགོས། ལོ14ལ་སོན་པ་དང་ལོ18ལ་མ་སོན་པའི་མིས་མི་བསད་པ་དང་འཕྲོག་བཅོམ་བྱས་པ། མེ་བརྒྱབ་པ། རྨས་སྐྱོན་ཚབས་ཆེན་བཟོས་པ། རྐུ་རྒྱག་པ། ཡང་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཟོས་པའི་ཉེས་པ་གཞན་དག་བསགས་མཁན་གྱིས་ཉེས་འགན་འཁུར་དགོས་ཀྱང་ཉེས་ཆད་ཡང་པོ་གཅོད་པའམ་ཇེ་ཡང་དུ་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།