ཁོར་ཡུག་ཁྲིམས་བསྟར་གྱི“ཉིང་ཁྲིའི་བྱེད་ཐབས”འཚོལ་ཞིབ་ཧུར་ཐག་བྱས་པ།

—— ཉིང་ཁྲི་གྲོང་ཁྱེར་གྱིས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་གྱི་སྔོ་ལྗང་འཕེལ་རྒྱས་གཏོང་རྒྱུ”མཐའ་འཁྱོངས་བྱས་པའི་སྐོར་གྱི་སྒྲིལ་གླེང་།   

 ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་ལྟ་སྡོམ་ཐད་ཀྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་བ་དང་། ཁོར་ཡུག་གི་ཁྲིམས་ལག་བསྟར་གྱི་ནུས་པ་ཆེ་རུ་བཏང་བ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཧུར་ཐག་བྱས་པས་ཁོར་ཡུག་གི་ཁྲིམས་བསྟར་ནུས་པ་ཆེ་རུ་ཕྱིན་པ་དང་ཁོར་ཡུག་གི་ཁྲིམས་ལག་བསྟར་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་པ།

དུས་སྐབས་གསར་པའི་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་ཉིང་ཁྲིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ཉིང་ཁྲི་གྲོང་ཁྱེར་གྱི་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི་ལས་ཀའི་ཇུས་གཞི》དང《ཉིང་ཁྲི་གྲོང་ཁྱེར་གྱི་ཁོར་ཡུག་ལྟ་སྡོམ་དྲ་མིག་ཅན་གྱི་ལས་ཀའི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》སོགས་སྒྲིག་སྲོལ་ལམ་ལུགས་ཁག་24བཟོས་ནས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”འཁུར་རྒྱུ་དེ་ལས་ཀའི་ལམ་ལུགས་ནང་མཉམ་འདྲེས་ཐུབ་པ་བྱས་པ་དང་འབྲེལ། སློབ་སྦྱོང་གཏིང་ཟབ་བརྒྱུད་རིམ་པ་བཞིན་ལག་བསྟར་དོན་འཁྱོལ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་མ་བཏང་ཡོད།

ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། བོད་རང་སྐྱོང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་སྐྲུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་མྱུར་གཏོང་རྒྱུའི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱ་རྒྱུར་སྐུལ་མ་བཏང་སྟེ་སྣོད་བཅུད་ཤེས་དཔལ་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ལམ་ལུགས་ནན་ཤོས་ལག་བསྟར་བྱས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཏོགས་ཁོངས་ས་ཆ་དོ་དམ་གྱི་འགན་འཁྲི་དང་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་སྲུང་སྐྱོང་། སྣོད་བཅུད་ཕན་འབྲས་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདེང་འཇོག་དམིགས་ཚད་ནང་བཅུག་སྟེ་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལས་རྗེས་དཔྱད་ཞིབ་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས 《ཉིང་ཁྲི་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་གཤམ་འགྲེམས་བྱས་ཏེ་ལོ་འཁོར་གྱི་གཞི་ཁྱོན་སྒོར་ཁྲི་210ཟིན་པའི་ཁོར་ཡུག་སྲུང་སྐྱོང་བྱ་དགའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་དང་འབྲེལ་དཔྱད་ཞིབ་བྱས་ཚུལ་ལ་གཞིགས་ནས་བྱ་དགའ་དང་ཆད་གཅོད་བྱས་པ་རེད།

སྦགས་བཙོག་བཅོས་སྐྱོང་གི་རལ་གྲི་འཕྱར་བ།

ཁོར་ཡུག་སྲུང་སྐྱོང་ལས་དོན་དངོས་སུ་སྒྲུབ་པ་དང་། དམ་འཛིན་ཚགས་ཚུད་བྱེད་པ། ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་ཀྱི་ཐད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། གནད་དོན་དེར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་ལྟ་སྡོམ་གྱི་དྲ་མིག་ཅན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ནུས་པ་རྒྱུད་ཆད་མེད་པར་ཆེ་རུ་བཏང་ཡོད། 2013ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱོན་ཁེ་ལས270(ཐེངས)ལ་ཞིབ་བཤེར་བྱས་པ་དང་ཁེ་ལས22ལ་ཐོ་འགོད་ཞིབ་བཤེར་བྱས་ཏེ་དངུལ་ཆད་སྒོར་ཁྲི་200ལྷག་ཙམ་བཏང་བ་དང་ཁྲིམས་བཞིན་བཙོག་འབུད་གྲོན་དངུལ་སྒོར་ཁྲི799བསྡུས་པ་རེད།

ནགས་སྲིད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནགས་ལས་ཀྱི་ཁྲིམས་འགལ་གྱོད་གཞི“ཐར་པར་གཏན་ནས་མི་གཏོང་བ”དང“རལ་གྲི་འཕྱར་བའི2016ལོའི་བྱ་སྤྱོད”སོགས་ཆེད་དམིགས་བྱ་སྤྱོད་ཏན་ཏིག་ངང་སྤེལ་བ་དང་ལྐོག་ཏུ་ཤིང་གཅོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

“ཁྲིམས་འགལ་གྱི་བཙོག་འབུད་ཁེ་ལས་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འགན་ལེན་གྱི་ཆེད་དམིགས་བྱ་སྤྱོད”ཏན་ཏིག་ངང་ཡག་པོ་སྤེལ་ནས་གཙོ་གནད་སྦགས་བཙོག་འབྱུང་ཁུངས་ལ་དུས་ཐོག་ཏུ་སྐོར་ཞིབ་དང་དེ་བཞིན“བབ་བསྟུན་གཉིས”ཀྱི་ལམ་ལུགས་བཙུགས་པ་དང་། ཐེར་འདོན་གོང་ཞུའི་ཁ་པར“12369”ཤར་གཏོང་ཐུབ་པ་བྱས་ནས་ཁོར་ཡུག་སྦགས་བཙོག་ཐད་མང་ཚོགས་ཀྱི་ཞུ་གཏུག་ཁ་པར་འབྱོར་བ་དང་ཐོལ་བྱུང་རང་བཞིན་གྱི་ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་དུས་ཐོག་ཏུ་ནུས་པ་ལྡན་པའི་སྒོ་ནས་བདག་སྤྲོད་བྱས་ཡོད།

དམངས་ཡོངས་སྐུལ་སློང་དང་ཚང་མ་དེའི་ནང་ཞུགས་པ།

ཉིང་ཁྲིའི་ལེགས་ཆ་ཆེ་ཤོས་སྣོད་བཅུད་ཡིན་ལ་འགན་འཁྲི་ཆེ་ཤོས་ཀྱང་སྣོད་བཅུད་ཡིན། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གཅིག་གྱུར་ལྟ་སྡོམ་གྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ནས་ཕྱོགས་བསྡུས་མཛུབ་ཁྲིད་བྱས་ཏེ་ལས་དོན་ཁག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྡོད་ཁང་འཛུགས་སྐྲུན་དང་། འཕེལ་སྒྱུར། ཞིང་འབྲོག ནགས་ལས། རྒྱལ་ཁབ་ས་ཆ་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡེ་ཚན་དང་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་པ་རེད།

ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གཅིག་པུའི་ལས་ཀ་ཞིག་མིན། གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པའི་ངོས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དམངས་ཡོངས་དེའི་ནང་ཞུགས་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་བརྒྱུད། ཉིང་ཁྲི་བ་དེ་བས་མང་བར་སྣོད་བཅུད་ལས་ཕན་པ་ཐོབ་སྟེ་མི་དེ་བས་མང་བ་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།