ཉེས་འགན་འཁུར་བའི་ལོ་ཚད་ག་འདྲ་ཡིན།

མི་ཞིག་ལོ་ཚད་ཅི་ཙམ་དུ་སླེབས་རྗེས་གཞི་ནས་རང་གིས་ཉེས་པ་བསགས་པར་འགན་འཁྲི་འཁུར་དགོས་པ་དེར་ཉེས་ཁྲིམས་ནང་དུ་ཉེས་འགན་འཁུར་བའི་ལོ་ཚད་ཟེར་ལ། རང་རྒྱལ་གྱི་ཉེས་ཁྲིམས་ནང་དུ་གཏན་འཁེལ་བྱས་ཡོད་ཚུལ་ནི།

དང་པོ། རང་ལོ་བཅུ་དྲུག་སོན་པའི་མིས་ཉེས་པ་བསགས་ན་ཉེས་འགན་འཁུར་དགོས།

གཉིས་པ། རང་ལོ་བཅུ་བཞི་སོན་པ་ལས་བཅུ་དྲུག་སོན་མེད་པའི་མིས་མི་བསད་པ་དང་། རྨས་སྐྱོན་ཚབས་ཆེན་བཟོས་པ། འཕྲོག་བཅོམ་བྱས་པ། མེ་བརྒྱབ་པ། རྐུན་མ་ལངས་ཤོར་གྱི་ཉེས་པ་བསགས་པའམ་ཡང་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་ཉེས་པ་གཞན་དག་བསགས་ཡོད་ཚེ་ཉེས་འགན་འཁུར་དགོས།

གསུམ་པ། རང་ལོ་བཅུ་བཞི་སོན་པ་ལས་བཅོ་བརྒྱད་སོན་མེད་པའི་མིས་ཉེས་པ་བསགས་ཚེ། དེར་ཉེས་ཆད་ཡང་ཙམ་གཅོད་པའམ་ཡང་ན་ཉེས་ཆད་ཇེ་ཡང་དུ་བཏང་ཆོག

བཞི་པ། རང་ལོ་བཅུ་དྲུག་ལས་སོན་མེད་པའི་རྐྱེན་གྱིས་ཉེས་ཆད་མ་བཅད་ཚེ། དེའི་ཕ་མར་རྩིས་སྤྲད་ནས་བདག་སྐྱོང་ནན་པོ་བྱེད་དུ་འཇུག་པའམ་ཡང་ན་དགོས་པ་ཡོད་ཕྱིན་སྲིད་གཞུང་གིས་ལྟ་རྟོག་བྱས་ཏེ་སློབ་སྦྱོང་བྱས་ནའང་ཆོག རང་རྒྱལ་གྱི་ཉེས་ཁྲིམས་ལས་ད་དུང་དབང་ནད་ཅན་གྱིས་ནད་ལངས་སྐབས་རང་གི་བྱ་སྤྱོད་ཀྱི་མཇུག་འབྲས་མི་ཤེས་པས། ཉེས་པ་བསགས་རུང་ཉེས་འགན་འཁུར་མི་དགོས་མོད། འོན་ཀྱང་། སྐབས་སྐབས་སུ་དབང་ནད་ལངས་པའི་མི་དེའི་རིགས་ཀྱིས་རིག་པ་གསལ་སྐབས་སུ་ཉེས་པ་བསགས་ཕྱིན་ཉེས་འགན་འཁུར་དགོས་ཞེས་གཏན་འཁེལ་བྱས་ཡོད། ཆང་གིས་བཟི་ནས་ཉེས་པ་བསགས་ཚེ་ཉེས་འགན་འཁུར་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།