ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་བས་རྒྱལ་སྤྱིའི་སྟོབས་ཤུགས་བསྡུར་བའི་ཁྲོད་རང་རྒྱལ་ལ་འཕྲད་པའི་སྣང་ཚུལ་ངན་པར་འགྱུར་ལྡོག་གང་བྱུང་ཡོད་དམ།

ལན། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། བློ་སེམས་འགུགས་ཤུགས། གསར་བཟོ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་མཐའ་འཁོར་ཁོར་ཡུག་བཟང་པོ་བཏོད་ནས་རང་རྒྱལ་འཕེལ་རྒྱས་གཏོང་རྒྱུར་རྒྱལ་སྤྱིའི་ཐོག་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཡོད།

བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་ལྷུག་ལྷོད་འཇམ་གསུམ་གྱི་སྣང་ཚུལ་ལ་འགྱུར་ལྡོག་གང་བྱུང་ཡོད་དམ།

ལན། ཕུགས་བསམ་དང་དད་སེམས་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ཐོག་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བཅས་སྔ་རྗེས་སུ་སྤེལ་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་བ་དང“སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྒྲིག་ནན་པོ་བྱས་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་རྒྱ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་བློ་བརྟན་འགྱུར་མེད་ངང“སྟག་སྦྲང་མཉམ་རྡུང”དང“ཝ་རྔོན”བརྒྱབ་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་ཆགས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་གསར་རྐྱང་ཆགས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་མཐོར་གཏོང་བཅས་ཀྱི་ཏང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།