​ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བརྒྱུད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་ཐད་དུ་འགྱུར་ལྡོག་གང་བྱུང་ཡོད་དམ།

བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བར་སྣང་ཆུང་བྱེད་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ། ཕྱོགས་ཡོངས་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེ་ཤོས་འདོན་པའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་བྱེད་ཚད་དང་མ་དངུལ་གཏོང་ཚད་ཆེ་རུ་གཏོང་བ་བཅས་བྱས་པས། ཏང་ཡོངས་དང་རྒྱལ་ཁབ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ལག་ལེན་བསྟར་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་ལ་སྣང་ཆུང་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དང་བསམ་བློར་བཀག་འགོག་ནུས་ལྡན་བྱུང་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད།

བློ་བརྟན་འགྱུར་མེད་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་ལས་མི་དམངས་དམག་དཔུང་ལ་འགྱུར་ལྡོག་གང་བྱུང་ཡོད་དམ།

བློ་བརྟན་འགྱུར་མེད་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་ལས་མི་དམངས་དམག་དཔུང་ཁྲོད་སྐབས་ཤིག་རིང་གནས་པའི་ཆབ་སྲིད་སྣང་ཚུལ་ངན་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་མངོན་གསལ་དོད་པོ་བརྒྱབ་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།