སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་གསར་པ་ལག་བསྟར་གནང་རྗེས་ལོ་མཇུག་བྱ་དགར་ཁྲལ་ཇི་ལྟར་སྤྲོད་དགོས་ཞེ་ན།

ལོ་མཇུག་ཏུ་གྲོགས་པོ་མང་པོ་ཞིག་གིས། སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་གསར་པ་ལག་བསྟར་བྱས་རྗེས། ལོ་མཇུག་བྱ་དགར་ད་དུང་སྔོན་གྱི་སྒེར་གྱི་ཐོབ་ཁྲལ་ཐད་ཀྱི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཐུབ་མིན་སྐོར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། ད་ཆ།  གནད་དོན་དེའི་ཐད་ཀྱི་དོགས་གཞི་ད་ནི་གསལ་ཐག་ཆོད་ཡོད་དེ། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཚེས27ཉིན། 《སྒེར་གྱི་ཐོབ་ཁྲལ་འཁྲི་སྒྲུབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཅས་བཟོ་བཅོས་བརྒྱབ་རྗེས། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་འབྲེལ་མཐུད་གནད་དོན་སྐོར་གྱི་བརྡ་ཐོ》བཏང་བ་རེད།

W020181229338965359269.jpg

ལོ་མཇུག་བྱ་དགའི་གཟིགས་སྐྱོང་སྲིད་ཇུས་ད་དུང་ལོ3ལ་སྤྱོད་ཐུབ།

བརྡ་ཐོའི་ནང་། སྡོད་དམངས་མི་སྒེར་གྱིས་ལོ་ཧྲིལ་པོར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་དངུལ་ཐོབ་པ་ནི། 《རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ལོ་ཧྲིལ་པོར་མི་སྒེར་ལ་ཐོབ་པའི་ཐེངས་གཅིག་གིས་གོ་ཆོད་པའི་བྱ་དགའི་དངུལ་གྱི་སྒེར་ཐོབ་དཔྱ་ཁྲལ་བསྡུ་བརྩི་ལེན་བྱེད་ཐབས་ལེགས་སྒྲིག་བྱེད་རྒྱུའི་གནད་དོན་སྐོར་གྱི་བརྡ་ཐོ》(རྒྱལ་ཁྲལ་སྤེལ〔2005〕ཨང9པ)གཏན་འབེབས་ལྟར། 2021ལོའི་ཟླ12པའི་ཚེས31ཉིན་སྔོན་དུ། ལོ་དེའི་ཕྱོགས་བསྡུའི་ཐོབ་སྒོའི་ནང་མ་སྒྲིལ་པར། ལོ་ཧྲིལ་པོར་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་ཡོང་འབབ་ལ་ཟླ12ཀྱིས་བགོས་ནས་ཐོབ་པའི་གྲངས་འབོར་ནི་བརྡ་ཐོ་འདིའི་ཟུར་བཀོད་ཀྱི་ཟླ་རེ་བཞིན་བརྩིས་པའི་ཕྱོགས་བསྡུས་ཐོབ་ཁྲལ་ཁྲལ་ཚད་རེའུ་མིག་ལྟར། སྤྱད་འཐུས་ཁྲལ་ཚད་དང་མྱུར་རྩིས་ཀྱི་འཐེན་པའི་གྲངས་ཀ་གཏན་འཁེལ་བྱས་ཏེ་ལོགས་སུ་རྩིས་བརྒྱབ་ནས་དཔྱ་ཁྲལ་འཇལ་དགོས།

2022ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་།སྡོད་དམངས་མི་སྒེར་གྱིས་ལོ་ཧྲིལ་པོར་ཐེངས་གཅིག་གིས་གོ་ཆོད་པའི་བྱ་དགའི་དངུལ་ཐོབ་རྗེས། ལོ་དེའི་ཕྱོགས་བསྡུས་ཀྱི་མི་སྒེར་གྱི་ཐོབ་ཁྲལ་འཇལ་གྲངས་རྩིས་རྒྱག་པའི་ནང་སྒྲིལ་དགོས་ལ།  དེའང་གསལ་པོར་བཤད་ན། བྱ་དགའི་གཟིགས་སྐྱོང་སྲིད་ཇུས་ད་དུང་ལོ3ཏེ2021ལོའི་ཟླ12པའི་ཚེས31ཉིན་བར་སྤྱད་ཆོག་པ་རེད།

བར་བརྒལ་གྱི་དུས་སྐབས་ལོ་མཇུག་བྱ་དགར་ཁྲལ་ཇི་ལྟར་བསྡུ་དགོས་ཞེ་ན།

འོ་ན། བར་བརྒལ་བྱེད་རིང་། ལོ་མཇུག་བྱ་དགའི་དཔྱ་ཁྲལ་ག་ཚོད་སྤྲོད་དགོས་སྐོར་ཇི་ལྟར་རྩིས་རྒྱག་དགོས་ཞེ་ན། བརྡ་ཐོ་ལྟར། རྩིས་རྒྱག་སྟངས་སྤྱི་བགྲོས་ནི། འཇལ་དགོས་པའི་ཁྲལ་འབབ=ལོ་ཧྲིལ་པོར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་ཡོང་འབབ×སྤྱད་འཐུས་ཁྲལ་ཚད-མྱུར་རྩིས་ཀྱི་འཐེན་པའི་གྲངས།

W020181229338965362075.jpg

ཟླ་རེ་བཞིན་བརྩིས་རྗེས་ཀྱི་ཕྱོགས་བསྡུས་ཐོབ་ཁྲལ་ཁྲལ་ཚད་རེའུ་མིག

དཔེར་ན། ཁེ་ལས་ཀྱི་ལས་བཟོ་པ་ཞའོ་ལིས་ཀྱི་ཟླ་རེའི་གླ་ཕོགས་སྒོར6000ཡིན་པ་དང་། 2019ལོའི་ཟླ1པོར་ལས་ཁུངས་ཀྱི་ཐེངས་གཅིག་གི་བྱ་དགའི་དངུལ་སྒོར་ཁྲི2གནང་རྒྱུ་རེད། འོ་ན། སྔོན་ལ་ཞའོ་ལིས་ཀྱིས་བླངས་པའི་ལོ་མཇུག་གི་བྱ་དགའ་སྒོར་ཁྲི2ལ་ཟླ12ཀྱིས་བགོས་ན་སྒོར1666.7ཡིན་པ་དང་། ཟླ་རེ་བཞིན་བརྩིས་རྗེས་ཀྱི་ཕྱོགས་བསྡུས་ཀྱི་ཐོབ་ཁྲལ་ཁྲལ་ཚད་རེའུ་མིག་ལ་གཞིགས་ན། སྤྱད་འཐུས་པའི་ཁྲལ་ཚད3%ཡིན་པ་དང་། མགྱོགས་རྩིས་ཀྱི་འཐེན་པའི་གྲངས་ཀ་ནི་ཀླད་གོར་རེད། དེར་བརྟེན།ཞའོ་ལིས་ཀྱི་ལོ་མཇུག་བྱ་དགའི་འཇལ་དགོས་པའི་དཔྱ་ཁྲལ་ནི་སྒོར20000 ×3%=སྒོར600 རེད།

ལོ་མཇུག་གི་བྱ་དགའི་གསར་པའི་འགྱུར་མཚམས་ཚེག་ལ་དོ་སྣང་བྱ་དགོས།

ཟླ་རེ་བཞིན་བརྩིས་རྗེས་ཀྱི་ཕྱོགས་བསྡུས་ཀྱི་ཐོབ་ཁྲལ་ཁྲལ་ཚད་རེའུ་མིག་ལ་གཞིགས་ནས། ལོ་མཇུག་གི་བྱ་དགའི་འགྱུར་མཚམས་གནད་གསར་པ་ཐོན་སྲིད་དེ། “ལོ་མཇུག་གི་བྱ་དགར་སྒོར་གཅིག་མང་དུ་བྱིན་ཚེ། ཡོང་འབབ་སྒོར་སྟོང་ལྷག་ཉུང་དུ་འགྲོ་བའི” སྣང་ཚུལ་ཐོན་ངེས།

W020181229338965381202.jpg

དཔེར་ན། སྒོར་ཁྲི་3.6གི་འགྱུར་མཚམས་ཚེག་ཞིག་ཡིན་ཚེ། གལ་ཏེ་ལོ་མཇུག་གི་བྱ་དགའ་སྒོར་ཁྲི3.6སྤྲོད་པར་བྱས་ན། མི་སྒེར་གྱི་ཐོབ་ཁྲལ་ནི་སྒོར36000×3%=1080 ཡིན་ལག་ཏུ་འབྱོར་སྒོར་ཡང་34920རེད།

གལ་ཏེ་སྒོར་གཅིག་མང་དུ་བྱིན་ཚེ། དེའང་ལོ་མཇུག་གི་བྱ་དགའ་སྒོར36001སྤྲད་ན།སྒེར་གྱི་ཐོབ་ཁྲལ་ནི36001×10%-210=སྒོར3390.1ཡིན་པ་དང་། ལག་ཏུ་འབྱོར་སྒོར་ནི32610.9རེད། དེ་དང་བསྡུར་ཚེ།  ལོ་མཇུག་བྱ་དགའ་སྒོར་གཅིག་མང་དུ་བྱིན་ཚེ་ཡོང་འབབ་ནི་དེ་ལས་ལྡོག་ཏེ2309.1ཇེ་ཉུང་དུ་འགྲོ་བ་རེད། གཞན་ཡང་། ཁྲི14.4དང་ཁྲི30།  ཁྲི42། ཁྲི66།ཁྲི96བཅས་ནི་འགྱུར་མཚམས་ཚེག་ཅིག་ཡིན་ཏེ། གྲོགས་པོ་དག་དང་སྡེ་ཚན་གྱི་ནོར་དོན་མི་སྣ་རྣམས་ལ་གསལ་འདེབས་བྱ་དགོས་པ་ཞིག་ལ་། ལོ་མཇུག་གི་བྱ་དགའི་འགྱུར་མཚམས་ཚེག་གསར་པ་དེ་ཚོར་དོ་སྣང་བྱ་འོས་སོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།