ཀྲུང་གོ་བོད་ཀྱི་དྲ་བ།

རྐྱེན་གཞན་པའི་དབང་གིས་ཡུལ་སྐོར་དུ་འགྲོ་མཚམས་འཇོག་དགོས་ན་གྲོན་དངུལ་ཕྱིར་སློག་དགོས་པའི་རེ་བ་འདོན་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  བློ་མཐུན་རྩོམ་སྒྲིག་པ་ལགས།

  ཟླ་སྔོན་མར་ང་རང་ཡུལ་སྐོར་ཁང་ཞིག་གི་ཚོགས་པའི་ནང་ཞུགས་ནས“ཉིན་བདུན་རིང་ཞང་ཀང་དང་ཨའོ་མོན་ལ་ཡུལ་སྐོར་བྱེད་པའི”བྱ་འགུལ་ནང་ཞུགས་པར་མ་ཟད།སྤྲོད་དགོས་པའི་སྒོར་མོ་ཡོངས་རྫོགས་སྤྲད་ཟིན་མོད།འོན་ཀྱང་ཡུལ་སྐོར་གྱི་ཉིན་གཉིས་པར་ལས་ཁུངས་ནང་གློ་བུར་དུ་བྱ་བ་བྱུང་བའི་དབང་གིས་ང་རང་ཕྱིར་ཡོང་དགོས་བྱུང་།འདིར་འདྲི་རྒྱུ་ནི་ངས་ཡུལ་སྐོར་ཁང་ལ་ང་རང་ཞུགས་མི་ཐུབ་པའི་བྱ་འགུལ་གྱི་གྲོན་དངུལ་ཕྱིར་སློག་དགོས་པའི་རེ་བ་འདོན་ཆོག་གམ།

  ཀློག་པ་པོ་བྱམས་པ་དོན་འགྲུབ་ཀྱིས།བློ་མཐུན་བྱམས་པ་དོན་འགྲུབ་ལགས།

  《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡུལ་སྐོར་རྩོད་གཞིའི་གྱོད་དོན་བདག་སྤྲོད་བྱེད་སྐབས་སྤྱོད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་གཏན་འཁེལ》གྱི་དོན་ཚན12པའི་ནང་དུ“ཡུལ་སྐོར་དུ་མ་སོང་བའི་སྔོན་དང་ཡང་ན་འགྲོ་བཞིན་པའི་སྐབས་སུ།ཡུལ་སྐོར་པའི་ཕྱོགས་ཀྱིས་གན་རྒྱ་ལག་བསྟར་མི་བྱེད་པ་དང་།ཡུལ་སྐོར་པས་ཡུལ་སྐོར་བདག་གཉེར་མཁན་ལ་དོན་དངོས་སུ་མ་བྱུང་བའི་ཡུལ་སྐོར་གྲོན་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་བ་འདོན་པ་དང་།ཡང་ན་ཡུལ་སྐོར་བདག་གཉེར་པས་ཡུལ་སྐོར་པར་ལུགས་མཐུན་གྱི་གྲོན་དངུལ་སྤྲོད་དགོས་པའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།དེའི་རྐྱེན་གྱིས།ཁྱོད་ཀྱིས་ཡུལ་སྐོར་ཁང་ལ་དངོས་སུ་མ་བྱུང་བའི་ཡུལ་སྐོར་གྲོན་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་ཆོག་མོད།འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི།དངོས་སུ་མ་བྱུང་བའི་གྲོན་དངུལ་ཡིན་དགོས།གལ་ཏེ་ཡུལ་སྐོར་ཁང་གིས་གསོལ་ཁང་དང་གནམ་གྲུའི་འཛིན་ཡིག་སོགས་ཀྱི་བདེན་དཔང་འདོན་ཐུབ་པ་ནི་བྱུང་ཟིན་པ་ཡིན་པས་ཕྱིར་སློག་ཐབས་མིད་དོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།