ཀྲུང་གོ་བོད་ཀྱི་དྲ་བ།

ལྕགས་བྱམས་ཀྱི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

ལྕགས་བྱམས་ཚང་ནི་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁོར་ན་ཡོད་པས་ལྕགས་ལམ་དང་ཧ་ཅང་ཉེ་བ་དང་། མེ་འཁོར་ཉིན་མཚན་ཀུན་ཏུ་ཁོ་ཚང་གི་སྒོ་འགྲམ་བརྒྱུད་ནས་བགྲོད་པ་ན། མེ་འཁོར་གྱི་ལྡིར་སྒྲས་དུས་རྟག་ཏུ་ལྕགས་བྱམས་ཀྱི་ངལ་གསོ་ལ་བར་ཆད་བཟོས། ཉིན་ཞིག  མེ་འཁོར་ཁོ་ཚང་གི་སྒོ་འགྲམ་བརྒྱུད་ནས་བགྲོད་སྐབས་ཁོས་ལྦུ་རག་གི་དམ་སྟོང་ཞིག་བླངས་ཏེ་མེ་འཁོར་ལ་བརྒྱབ།  དེ་ནས་བཟུང་ཁོས་ནམ་རྒྱུན་མེ་འཁོར་ཁོ་ཚང་གི་སྒོ་འགྲམ་བརྒྱུད་ནས་བགྲོད་པ་མཐོང་དུས་དམ་སྟོང་མེ་འཁོར་ཕྱོགས་སུ་གཡུགས་ཤིང་རང་སེམས་ཀྱི་ཞེ་སྡང་སེལ་ཅི་ཐུབ་བྱེད་ཀྱིན་ཡོད། ཉིན་ཞིག་ལྕགས་བྱམས་ཀྱིས་ཡང་བསྐྱར་དམ་སྟོང་གཡུག་དུས། སྟབས་མ་ལེགས་པར་ལམ་སྲུང་པས་བཟུང་བ་རེད། ཡིན་ཡང་ལྕགས་བྱམས་ཀྱིས་བཤད་རྒྱུར། “གང་ལྟར་ངས་འཕངས་པའི་དམ་སྟོང་དེ་དག་གིས་མེ་འཁོར་ལ་གནོད་སྐྱོན་ཅི་ཡང་བཟོ་མ་ཐུབ”ཅེས་བཤད། ལམ་སྲུང་པས་ལན་ཅི་ཡང་མ་བཏབ་པར་ཁོ་རང་ཁྲིད་ནས་མངག་གཏོང་ཁང་དུ་བསྐྱལ། དེས་ན། ལྕགས་བྱམས་ཀྱིས་མེ་འཁོར་ཕྱོགས་སུ་དངོས་པོ་འཕངས་པ་དེ་ཁྲིམས་འགལ་ཡིན་ནམ།

ཁྲིམས་བཤད།

ལྕགས་བྱམས་ཀྱིས་མེ་འཁོར་ཕྱོགས་སུ་དམ་སྟོང་གཡུགས་པའི་བྱ་སྤྱོད་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ལ། ཁོས་སྤྱི་དམངས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་བྱ་སྤྱོད་འདིའི་རིགས་ལ་ཆད་པ་བཅད་ན་འགྲིག《བདེ་འཇགས་དོ་དམ་ཆད་བཅོད་བཅའ་ཁྲིམས》ཁྲོད་མེ་འཁོར་སྐྱེལ་འདྲེན་གྱི་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་དག་ལ་ཆད་གཅོད་ཀྱི་གཏན་ཁེལ་བྱས་ཡོད། ཁྲིམས་འགལ་བྱ་སྤྱོད་དག་ལ་ཆད་གཅོད་ཀྱི་གཏན་ཁེལ་བྱས་ཡོད། ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་ལ། ལྕགས་ལམ་སྒྲིག་ཆས་དང་འཕྲུལ་འཁོར་གྱི་ལྷུ་ལག་གམ་བདེ་འཇགས་མཚོན་བྱེད་ཀྱི་སྒྲིག་ཆས་རྐུ་འཕྲོག་བྱེད་པ་དང་གནས་སྤོར་སོགས་བྱེད་མི་རུང་། ལྕགས་ལམ་སྟེང་དུ་མེ་འཁོར་ལ་བཀག་རྐྱེན་བཟོ་བའི་དངོས་པོ་བཞག་མི་ཆོག་པ་དང་བསམ་བཞིན་དུ་མེ་འཁོར་ཕྱོགས་ལ་དངོས་པོ་སོགས་འཕངས་མི་ཆོག  ལྕགས་ལམ་གྱི་ཟམ་པ་དང་སྦུབས་ལམ་སོགས་སུ་ས་རྐོ་རྡོ་སློག་སོགས་བྱེད་མི་རུང་། ལྕགས་ལམ་སྟེང་མི་སྒེར་གྱིས་ལམ་བཟོ་བ་སོགས་བྱས་ནས་ལྕགས་ལམ་མེད་པར་གཏང་མི་ཆོག་སྟེ། གང་ལྟར་བྱ་སྤྱོད་དེ་དག་གིས་མེ་འཁོར་སྐྱེལ་འདྲེན་གྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ན། ཁྲིམས་ལུགས་ཀྱི་ཁྲོད་དུ་དེ་དག་ལ་གཏོར་བརླག་བྱེད་མི་ཆོག་པ་གཏན་ཁེལ་བྱས་ཡོད་ལ། ང་ཚོ་མི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ལ་གཅེས་སྤྲས་མ་བྱས་ན། ཁྱོད་ཀྱིས་རང་སྟེང་ལ་འདང་ཞིག་རྒྱོབས་དང་། གལ་ཏེ་ཁྱེད་ཉིད་མེ་འཁོར་དེར་བསྡད་ཡོད་ན་ཅི་ཞིག་བྱས་ན་འོས།

གོང་གི་གྱོད་དོན་ལས། ལྕགས་བྱམས་ཀྱི་འཚོ་བ་ལ་མེ་འཁོར་གྱི་འཛེར་སྒྲས་གནོད་འཚེ་ཐེབས་ཡོད་པས། ཁོས་འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱས་ཏེ་གནད་དོན་དེ་ཐག་གཅོད་པའི་རེ་བ་གཏོན་ཆོག དཔེར་ན། ལྕགས་ལམ་ཉེ་འགྲམ་དུ་སྒྲ་འགོག་བར་གྱང་བརྩིགས་པ་སོགས་བྱེད་པ་ལས་མེ་འཁོར་ཕྱོགས་དམ་སྟོང་གཡུགས་མི་རུང་། ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་ལ། མ་མཐའ་ཡང་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་ཆོག་ལ། ཚད་ལས་བརྒལ་བ་རྣམས་ལ་སྲིད་འཛིན་བཀག་སྐྱིལ་གྱི་ཉེས་ཆད་ཀྱང་བཅད་ཆོག


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།