ཀྲུང་གོ་བོད་ཀྱི་དྲ་བ།

བཀྲ་ཤིས་འདི་ལྟར་ལྕགས་ལམ་བརྒལ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

ཚང་མས་ཤེས་གསལ་ལྟར། ལྕགས་ལམ་དུ་བགྲོད་བཞིན་པའི་མེ་འཁོར་གང་འདོད་དུ་འདུག་མི་ཐུབ། འོན་ཀྱང་སྐྱེས་པ་ཞིག་གིས་དུས་ཚོད་དམ་འཛིན་བྱེད་ཆེད། མེ་འཁོར་དང་མྱུར་ཚད་འགྲན་ནས་ལྕགས་ལམ་བརྒལ་བ་དང་། ལྕགས་ལམ་དུ་བགྲོད་བཞིན་པའི་འགྲུལ་སྐྱེལ་མེ་འཁོར་མི་འདུག་ག་མེད་བྱུང་། དོན་རྐྱེན་དེ་ནི2008ལོའི་ཉིན་ཞིག་ལ་བྱུང་བ་སྟེ། ཐེངས་ཤིག་འགྲུལ་སྐྱེལ་མེ་འཁོར་སྤྱི་ལེ0ནས་སྤྱི་ལེ276གི་ལམ་ལ་ཐོན་དུས་མི་ཞིག་གིས་མེ་འཁོར་གྱི་བགྲོད་ལམ་བཀག་སྟེ་མེ་འཁོར་འདུག་ཏུ་བཅུག་པ་དང་མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་འཚེ་བཟོས་པ་དེ་རེད། མེ་འཁོར་འབབ་ཚིགས་ག་གེ་མོའི་མངག་གཏོང་ཁང་གིས་མེ་འཁོར་ས་ཚིགས་ག་གེ་མོའི་བརྡ་རྟགས་ཐོག་ཁང་གིས་མི་སྣས་གནས་ཚུལ་ཡར་ཞུ་བྱས་པ་ལྟར། མྱུར་དུ་ཉེན་རྟོག་པ་མངགས་ཏེ་ལམ་འགོག་མཁན་བཀྲ་ཤིས་འཛིན་བཟུང་བྱས། འདྲི་གཅོད་བྱས་པ་བརྒྱུད། བཀྲ་ཤིས་ནི་ལྕགས་ལམ་ཉེ་འགྲམ་གྱི་འཛུགས་སྐྲུན་ཁུལ་ཞིག་གི་ལས་ཀ་པ་ཡིན་ལ། ལྕགས་ལམ་བརྒྱུད་ནས་ཁ་གཏད་ཀྱི་ལས་གནས་ར་བར་འགྲོ་རྒྱུར་བྲེལ་བས། མེ་འཁོར་བགྲོད་བཞིན་པར་ཁ་ཡ་མ་བྱས་པར་ལྕགས་ལམ་བརྒལ་བས་ན་མེ་འཁོར་བཙན་གྱིས་འདུག་ཏུ་བཅུག་པ་རེད། དེས་ན། དངོས་ཡོད་འཚོ་བའི་ཁྲོད་དོན་དག་གལ་ཆེན་ཡོད་ཚེ་མེ་འཁོར་ཡོང་བར་མ་འཛེམ་པར་ལྕགས་ལམ་བརྒྱུད་ཆོག་གམ།

ཁྲིམས་བཤད།

མེ་འཁོར་ཡོང་བཞིན་པའི་སྐབས་སུ་ལྕགས་ལམ་བརྒྱུད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་འགན་མི་འཁུར་བར་མ་ཟད། མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་ཡང་གནོད་འཚེ་བཟོས་པ་རེད།

རང་དགར་ལྕགས་ལམ་འགོག་སྲུང་དྲ་བ་རུ་འཛུལ་བའམ་ཡང་ན་མེ་འཁོར་ཡོང་བཞིན་པའི་སྐབས་སུ་ལྕགས་ལམ་སྟེང་བགྲོད་པའི་བྱ་སྤྱོད་ཚང་མར《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱིས་གཏན་ཁེལ་བྱས་པ་ལྟར་ཐ་ཚིག་སྒྲོག་པ་དང་ཡང་ན་སྒོར200མན་གྱི་དངུལ་ཆད་གཅོད་དགོས། ནམ་རྒྱུན་མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་འཚེ་བཟོ་བར་རིགས་གསུམ་དུ་དགར་ཆོག་སྟེ། གཅིག་ནི་ལྕགས་ལམ་འགོག་སྲུང་དྲ་བ་དེར་མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཆེན་པོ་ཡོད་པས། ནང་དུ་འགྲོ་མི་ཆོག་པ་ཤེས་བཞིན་དུ་རང་ཉིད་ལ་སྟབས་བདེ་བཟོ་ཕྱིར་ལྕགས་ལམ་གྱི་ལས་བྱེད་མི་སྣའི་ཆོག་མཆན་མ་ཐོབ་པར་རང་དགར་ནང་དུ་འགྲོ་བ། གཉིས་ནི་མེ་འཁོར་ཡོང་བཞིན་པའི་སྐབས་སུ་ལྕགས་ལམ་སྟེང་དུ་འགྲོ་འདུགས་བྱས་ཏེ། མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་འཚེ་བཟོ་བ། ལྕགས་ལམ་སྟེང་དུ་འགྲོ་འདུག་བྱེད་པའི་བྱ་སྤྱོད་དེ་འགྲོ་མཁན་རང་ཉིད་ཀྱིས་བསམ་བཞིན་དུ་བྱས་མིན་མི་ཤེས་ནའང་མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་འཚེ་བཟོས་པ་ཡིན་པས་དེ་ལ་ཆད་པ་གཅོད་དགོས།  གསུམ་ནི་མེ་འཁོར་ཡོང་བཞིན་པའི་སྐབས་སུ་ལྕགས་ལམ་བརྒལ་བ་དེ་ཡིན། བྱ་སྤྱོད་དེ་ནི་མེ་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ནང་གི་རྒྱུན་མཐོང་གི་བྱ་སྤྱོད་ཅིག་ཡིན་ལ་དེས་ལོ་རེར་ཁྲག་དྲི་བྲོ་བའི་དོན་རྐྱེན་བགྲང་གིས་མི་ལང་བ་བཟོ་མུས་སུ་ཡོད།

དུས་རྒྱུན་གྱི་དངོས་ཡོད་འཚོ་བའི་ནང་དུ་ང་ཚོས་སྔ་གཞུག་མ་བརྩད་ན་བཟང་ལ། གནས་སྐབས་ཀྱི་སྟབས་བདེའི་ཆེད་དུ། རང་ཉིད་ཀྱི་ཚེ་སྲོག་དང་མེ་འཁོར་གྱི་བདེ་འཇགས་སྣང་མེད་དུ་བསྐྱུར་མི་རུང་། བཀྲ་ཤིས་ཀྱིས་མེ་འཁོར་དང་སྔ་གཞུག་བརྩད་ནས་ལྕགས་ལམ་བརྒལ་བའི་སྤྱོད་འདིའི་རིགས་ལ་བདེ་འཇགས་ཆད་གཅོད་ཀྱི་ཆད་པ་ནན་མོ་བཅད་ན་འགྲིག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།