ཀན་ལྷོ་ཁུལ་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན9བརྡ་ཁྱབ་བཏང་བ།

1.ཐེ་བོ་རྫོང་དབང་བཟང་ཤང་ཧྲུའེ་པའོ་ཀོའུ་སྔར་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབྱང་སངས་རྒྱས་སྐྱབས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྔར་གྱི་ཀྲུའུ་རེན་ཕྱག་ལྷ་ཚེ་རིང་གིས་གཞུང་དངུལ་སྒེར་སྤྱོད་བྱེད་པའི་གནད་དོན། དབྱང་སངས་རྒྱས་སྐྱབས་ཀྱིས2014ལོའི་ཟླ11པའི་ཚེས24ཉིན་དང་ཟླ12པའི་ཚེས4ཉིན་ལ། སྔ་གཞུག་ཏུ་ཐེངས་གཉིས་ལ་རང་ཉིད་ཀྱི་དོ་དམ་བྱེད་བཞིན་པའི་ས་ཆ་གཞུང་བཞེས་སྐྱིན་ཚབ་མ་དངུལ་ཁྲོད་ནས་གཞུང་དངུལ་སྒོར་ཁྲི6ཕྱག་ལྷ་ཚེ་རིང་ལ་སྒེར་སྤྱོད་བྱས་དུ་བཅུག དབྱང་སངས་རྒྱས་སྐྱབས་དང་ཕྱག་ལྷ་ཚེ་རིང་གཉིས་ལ་གཞུང་དངུལ་སྒེར་སྤྱོད་ཀྱི་སྐྱོན་ཆ་ཡོད་པས་ཟླ་བ་དྲུག་ལ་བཙོན་འཇུག་བྱ་རྒྱུ་དང་ཕྱིར་འགྱངས་ལོ་གཅིག་བྱ་རྒྱུ་ཡིན། དབྱང་སངས་རྒྱས་སྐྱབས་དང་ཕྱག་ལྷ་ཚེ་རིང་གཉིས་ལ་སོ་སོར་ཏང་ནང་ནས་ཕྱིར་འབུད་པའི་ཆད་པ་བཅད།།
oysཀྲུང་གོ་བོད་ཀྱི་དྲ་བ།

2.ལིན་ཐན་རྫོང་ཁྲང་ཁྲོན་ཤང་ཝང་ཁུའེ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབྱང་ཧྥུན་དང་ཝང་ཁུའེ་སྡེ་བ་ཚན་ཆུང་དང་པོའི་ཏང་ཡོན་དབྱང་ཀྲུང་ཁྲིན་གྱིས་ཁྲིམས་འགལ་ངང་གླ་ཆ་བསྡུ་བའི་གནད་དོན། 2014ལོར་ཞིང་ཕན་སྐྱི་དངུལ་ཁྲོད་དུ། དབྱང་ཧྥུན་དང་དབྱང་ཀྲུང་ཁྲིན་གྱིས་ཁྲིམས་འགལ་ངང་ཁྱིམ་ཚང11ལ་ཁྱིམ་ཚང་རེར་སྒོར1000བསྡུས་པ་དང་བསྡོམས་པས་སྒོར11000ཡོད། དབྱང་ཧྥུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་བསྒྲགས་པ་དང་། དབྱང་ཀྲུང་ཁྲིན་ལ་ཏང་ནང་གི་ཐ་ཚིག་ནན་མོ་བསྒྲགས། ཁྲིམས་འགལ་ངང་ཐོབ་པའི་མ་དངུལ་ཚང་མ་མང་ཚོགས་ལ་ཕྱིར་སྤྲད།།oysཀྲུང་གོ་བོད་ཀྱི་དྲ་བ།

3.ལིན་ཐན་རྫོང་ཁྲིན་ཀོན་གྲོང་རྡལ་ཙུའོ་ལ་སྡེ་བའི་སྔར་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཀྲི་གོ་ཡིས་ཁྲིམས་འགལ་ངང་མ་མཐའི་འཚོ་རྟེན་འགན་སྲུང་སྒྲུབ་པའི་གནད་དོན། ཀྲང་ཀྲི་གོ་ཡིས2012ལོའི་ཟླ12པའི་ཚེས5ཉིན་ལ་ཁྲིམས་འགལ་ངང་རང་གི་ཨ་མར་འགན་སྲུང་ལྔའི་འགྲོ་ལུགས་བསྒྲུབས་ནས། བསྡོམས་པས་འགན་སྲུང་ལྔའི་མ་དངུལ་སྒོར་ཁྲི1.3462བླངས། ཀྲང་ཀྲི་གོ་ལ་ཏང་ནང་དུ་བཞག་ནས་ལོ་གཅིག་ལ་ལྟ་ཞིབ་བྱེད་པའི་ཆད་པ་བཅད་པ་དང་ཁྲིམས་འགལ་གྱིས་བླངས་པའི་དངུལ་ཚང་མ་གཞུང་བཞེས་བཏང་།།oysཀྲུང་གོ་བོད་ཀྱི་དྲ་བ།

4.རྨ་ཆུ་རྫོང་དངུལ་ར་ཤོལ་མ་ཤང་ནོར་སྲིད་སུའོ་ཡིས་སུའོ་ཀྲང་ཧན་ཁྲང་ཁུའེ་ཡིས་ཞིང་ཕན་ཆེད་སྤྱོད་མ་དངུལ་རང་སོར་བཞག་པའི་གནད་དོན། ཧན་ཀྲུང་ཁུའེ་ཡིས་ནོར་སྲིད་སུའོ་ཡི་ཞིང་ཕན་མ་དངུལ་དུས་ཐོག་ཏུ་འགྲེམ་གཏོང་མ་བྱས་པ་དང་། རྩིས་དོན་གྱི་དོ་དམ་གསལ་བོ་མིན་ལ་མ་དངུལ་འབོར་ཆེན་རང་སོར་བཞག་པའི་གནད་དོན། 2016ལོའི་ཟླ12པའི་ཚེས31ཉིན་ཐུག་བར་དུ། དངུལ་ར་ཤོལ་མ་ཤང་གི་ནོར་སྲིད་སུའོ་ཡིས་ཞིང་ཕན་མ་དངུལ་སྒོར2762522.03རང་སོར་བཞག་ཡོད། ཧན་ཀྲུང་ཁུའེ་ལ་ཏང་ནང་གི་ཐ་ཚིག་ནན་མོ་བསྒྲགས་པ་དང་སྲིད་འཛིན་གྱི་ཐོ་འགོད་ནན་མོའི་ཐ་ཚིག་བསྒྲགས།།oysཀྲུང་གོ་བོད་ཀྱི་དྲ་བ།

5.བསང་ཆུ་རྫོང་བླ་བྲང་གྲོང་རྡལ་རྒྱོའུ་རྒྱ་སྲིད་འཛིན་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་དབུལ་སྐྱོར་རོགས་རེས་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡི་འགན་ཤོར་ཁུར་བྱེད་པའི་མགོན་པོ་རྣམ་རྒྱལ་དང་རྩིས་གཉེར་བ་ཝང་ཅུས་ཚའེ་ཡིས་ཁྲིམས་འགལ་ངང་དབུལ་སྐྱོར་རོགས་རེས་སྐྱི་དངུལ་འགྲེམ་གཏོང་བྱས་པའི་གནད་དོན། མགོན་པོ་རྣམ་རྒྱལ་གྱིས་དབུལ་སྐྱོར་རོགས་རེས་ཁང་གི་སྐྱི་དངུལ་འགྲེམ་གཏོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཁྲིམས་འགལ་ངང་ཉེ་དགའ་ཕྱོགས་ཞེན་དང་མི་་གཞན་གྱི་མིང་ཐོག་ནས་སྐྱི་དངུལ་རང་གིས་བཀོལ་བ་དང་སྡུར་ཚད་དང་བརྒལ་ནས་དོ་དམ་མི་སྣའི་ལས་གླ་སྒོར4355.2བླངས་པས། རྒྱོའུ་རྒྱ་དབུལ་སྐྱོར་རོགས་རེས་ཁང་གིས་བསྟུད་མར་ལོ་གསུམ་གྱི་རིང་ལ་འཁོར་རྒྱུག་མ་གནས་མཐོ་དྲགས་པས་མ་དངུལ་འཁོར་རྒྱུག་དལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བཟོས། མགོན་པོ་རྣམ་རྒྱལ་ལ་ཏང་ནང་གི་ཐ་ཚིག་ནན་མོ་བསྒྲགས་པ་དང་ཝང་ཅུས་ཚའེ་ལ་ཏང་ནང་དུ་བཞག་ནས་ལོ་གཅིག་ལ་ལྟ་ཞིབ་བྱེད་བའི་ཐ་ཚིག་བསྒྲགས།།oysཀྲུང་གོ་བོད་ཀྱི་དྲ་བ།

6.འབྲུག་ཆུ་རྫོང་སྦྲ་རྫོང་ཤང་ཆན་པའེ་ཧྲན་སྡེ་བའི་ཀོ་ཙའོ་ཚོ་ཆུང་གི་སྡེ་བར་སྡོད་པའི་ལས་བྱེད་པའམ་སྡོམ་རྩིས་བྱ་བྱེད་མཁན་གྱི་འགན་ཤོར་ཁུར་བྱེད་པའི་སུའུ་ཧྥོ་པའོ་ཡིས་དབུལ་ཐར་བྱ་བའི་ཁྲོད་དུ་འགན་མི་ཁུར་བའི་གནད་དོན། 2016ལོའི་ཟླ12པའི་ཚེས14ཉིན་ལ། སུའུ་ཧྥོ་པའོ་ཡིས《དབུལ་ཕོངས་ཁྱིམ་ཚང་གི་གཏོང་ཡོང་བརྟག་དཔྱད་རེའུ་མིག》ལྟར་དུས་ལྟར་རྒྱལ་ཁབ་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་མ་ལག་སྟེགས་བུའི་ཁྲོད་དུ་དབུལ་སྐྱོར་ཁྱིམ་ཚང་གི་ཡོང་སྒོའི་གནས་ཚུལ་གྱི་ཆ་འཕྲིན་བཟོ་བཅོས་མ་བྱས་པས། ཆན་པའེ་ཧྲན་སྡེ་བའི་ཀོ་ཙའོ་ཚོ་ཆུང་གི་ལི་ཆི་ཅིན་སོགས2016ལོའི་དབུལ་ཐར་གྱི་ཁྱིམ་ཚང9དབུལ་ཐར་བྱ་མ་ཐུབ་པས་ཤང་ཡོངས་ཀྱི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བྱ་བར་གནོད་པ་ཚབས་ཆེན་བཟོས་པས། སུའུ་ཧྥོ་པའོ་ལ་སྲིད་འཛིན་གྱི་ཐ་ཚིག་བསྒྲགས།།oysཀྲུང་གོ་བོད་ཀྱི་དྲ་བ།

7.འབྲུག་ཆུ་རྫོང་རྣ་ཡུལ་ཤང་ཅིའུ་ཀྲེ་ཙི་སྡེ་བའི་སྔར་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལིའུ་ཧྲོང་ལུའུ་ཡིས་ཁྲིམས་འགལ་ངང་དམངས་སྲིད་ཀྱི་རྒུད་སྐྱོབ་མ་དངུལ་འགྲེམ་གཏོང་བྱས་པའི་གནད་དོན། ལིའུ་ཧྲོང་ལུའུ་ཡིས་ཅིའུ་ཀྲེ་ཙི་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡི་འགན་ཁུར་བའི་དུས་སུ་ལས་གནས་ཀྱི་སྟབས་བདེར་བརྟེན་ནས་རང་ཉིད་དང་ཆུང་མ་དང་མནའ་མའི་མིང་ཐོག་ནས་བྱང་གཅིག་ཀུན་རྒྱུགས་ཀྱི་ཐོ་ཨང་བཟོས་ནས། 2015ལོའི་ཟླ7པའི་ནང་དུ་ཁྲིམས་འགལ་ངང་ཐེངས2ལ་ཐོ་ཨང་དེ་དག་གི་ནང་དུ་དམངས་སྲིད་ཀྱི་རྒུད་སྐྱོབ་མ་དངུལ་བཞག བསྡོམས་པས་མ་དངུལ་སྒོར3432ལ་བསླེབས། ལིའུ་ཧྲོང་ལུའུ་ལ་ཏང་ནང་གི་ཐ་ཚིག་བསྒྲགས་པ་དང་། ཁྲིམས་འགལ་གྱིས་བླངས་བའི་མ་དངུལ་ཚང་མ་གཞུང་བཞེས་བཏང་།།oysཀྲུང་གོ་བོད་ཀྱི་དྲ་བ།

8.ཅོ་ནེ་རྫོང་མཁར་ཆེན་ཤང་གླ་ལེའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་རིན་ཆེན་གྱིས་གཞན་མིང་ཐོག་ནས་དངུལ་སྐྱིས་པའི་གནད་དོན། ལི་རིན་ཆེན་གྱིས་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡི་འགན་ཁུར་བའི་སྟབས་བདེར་བརྟེན་ནས་གླ་ལེའུ་སྡེ་བའི་སྡེ་དམངས་མའོ་ཏན་ཀྲུའུ་ཡི་མིང་ཐོག་ནས་མཁར་ཆེན་ཡིད་རྟོན་ཁང་ནས་སྒོར་ཁྲི2སྐྱིས་ཏེ་རང་གིས་ཚོང་གཉེར་བྱེད་བཞིན་པའི་ཡུལ་སྐོར་སྤྲོ་གསེང་གླིང་འཛུགས་སྐྲུན་བྱེད་པར་བཀོལ་བ་དང་། ལི་རིན་ཆེན་ལ་ཏང་ནང་གི་ཐ་ཚིག་བསྒྲགས།།oysཀྲུང་གོ་བོད་ཀྱི་དྲ་བ།

9.ཅོ་ནེ་རྫོང་ཤོ་བ་ཧོར་རིགས་ཤང་ཏ་གྲོང་སྡེ་བའི་ཏེ་ཀ་ཧུའོ་ཚོ་ཆུང་གི་དབྱང་རི་ལུང་རྒྱལ་གྱིས་ས་ཆ་གཞུང་བསྡུའི་སྐྱིན་ཚབ་མ་དངུལ་བཀག་ཉར་སྒེར་སྤྱོད་ཀྱི་གནད་དོན། 2012ལོར། དབྱང་རི་ལུང་རྒྱལ་གྱིས་ཁོའི་ཨ་ཕའི་ཞིང་ཕན་བྱང་བུ་བདག་ཉར་བྱས་པའི་སྐབས་སུ། རང་སྒེར་གྱིས་ཏེ་ཀ་ཧུའོ་ཚོ་ཆུང་གི་སྡེ་ལམ་དང་རྩྭ་ཐང་གི་སྐྱིན་ཚབ་གྱི་མ་དངུལ་སྒོར4361བཀོལ་བས། ཏེ་ཀ་ཧུའོ་ཚོ་ཆུང་གི་སྡེ་དམངས་ཀྱིས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཤང་སྲིད་གཞུང་དུ་ཡོང་ནས་གནས་ཚུལ་ཡར་ཞུ་ཞུས་མཐར། དབྱང་རི་ལུང་རྒྱལ་ལ་ཏང་ནང་གི་ཐ་ཚིག་བསྒྲགས།།                                                        oysཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།