རྒན་པས་རང་གི་བུ་ཕྲུག་དང་ལྷན་དུ་འཚོ་བ་རོལ་རྒྱུའི་རེ་བ་བཏོན་ན་བཅའ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱེད་དམ།

དཔེ་མཚོན་གྱོད་གཞི།
OdTཀྲུང་གོ་བོད་ཀྱི་དྲ་བ།

ཨ་མ་གཡུ་སྒྲོན་ནི་ལོ་ན75ལ་སོན་པའི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན།མོར་བུ་གསུམ་དང་བུ་མོ་གཉིས་ཡོད།བུ་ཆེ་བ་གཉིས་ཀྱིས་ས་ཆ་གཞན་དུ་བྱ་བ་སྒྲུབ་ཀྱིན་ཡོད།དེ་མིན་གཞན་གསུམ་པོས་ཞིང་གྲོང་དུ་འཚོ་བ་རོལ་བཞིན་ཡོད།མོའི་ཁྱོ་ག་ལོ་གཉིས་ཀྱི་སྔོན་ལ་ཚེ་ལས་འདས་རྗེས། ཨ་མ་གཡུ་སྒྲོན་གཅིག་པུ་གྱན་གསུམ་ཅན་གྱི་ཁང་ལེབ་ཅིག་གི་ནང་དུ་བསྡད་ཡོད།(ཁང་པ་དེ་ཁྱོ་ག་ཚེ་ལས་མ་འདས་པའི་སྔོན་ལ་རིན་གོང་དམའ་མོའི་སྒོ་ནས་བུ་ཆུང་བར་བཙོངས་ཟིན།) མོའི་འཚོ་བའི་ཡོང་ཁུངས་གཙོ་བོ་ནི་ས་ཆ་གཞན་དུ་བྱ་བ་སྒྲུབ་ཀྱིན་པའི་བུ་གཉིས་ཀྱིས་བསྐུར་བའི་འཚོ་བའི་གྲོན་དངུལ་དེ་ཡིན།མུའུ་གསུམ་ཙམ་གྱི་འགན་གཙང་ལེན་ས་ཞིང་དེའང་བུ་མོ་ཆུང་བས་རྨོ་འདེབས་བྱས་ནས་ཐོན་འབབ་སྡུད་བཞིན་ཡོད།OdTཀྲུང་གོ་བོད་ཀྱི་དྲ་བ།

2012ལོའི་སྟོན་ཁར། ཨ་མ་གཡུ་སྒྲོན་ལ་ཆམ་ནད་ལྕི་མོ་ཞིག་ཕོག་པ་ལས་དྲག་རྗེས།ཡིད་འཛིན་མངོན་གསལ་གྱིས་ཇེ་ཞན་དང་།དབང་པོའི་ནུས་པའང་ཇེ་ཞན་དུ་སོང་བས། བུ་མོ་གཉིས་ལ་མཉམ་དུ་འཚོ་བ་རོལ་འདོད་པར་བཤད། བུ་མོ་ཆུང་བས་འཕྲལ་མར། ཁྱེད་རང་བསྡད་ཡོད་པའི་ཁང་པ་དེ་སུ་ལ་དབང་ན།ངེས་པར་དེ་དང་མཉམ་དུ་འཚོ་བ་རོལ་དགོས་ཚུལ་བཤད་པ་དང་།བུ་མོ་ཆེ་བས་མོར་ཨ་མ་གཡུ་སྒྲོན་གྱི་རྒྱུ་ནོར་གང་ཡང་ཐོབ་མ་མྱོང་བ་རྐྱེན་བྱས་ཏེ་དང་ལེན་མ་བྱས་པ་རེད།དེ་ནས་ཨ་མ་གཡུ་སྒྲོན་གྱིས་བུ་ཆུང་བར་ཁོ་དང་མཉམ་དུ་འདུག་འདོད་པར་བཤད་པ་ན། བུ་ཆུང་བས་ཁྱེད་དང་མནའ་མ་གཉིས་ཀྱི་བར་ལ་ལོ་དུ་མའི་འགལ་བ་ཡོད་པས།གལ་ཏེ་མཉམ་དུ་འཚོ་བ་རོལ་ན་ཉིན་རྒྱུན་ཁ་རྩོད་འབྱུང་ངེས་པས་འཚོ་བ་ཇི་ལྟར་རོལ་ལམ། ཡང་གཅིག་བཤད་ན།ལོ་འདི་འགར་ཁྱེད་རང་ངའི་ཁང་པར་བསྡད་པས།ངས་བསྙེན་བཀུར་བྱས་པར་བརྩིས་ཆོག་ཟེར། ཞིང་གྲོང་གི་བུ་དང་བུ་མོ་ཚོ་བརྟེན་ས་ཁེན་སར་མ་གྱུར་པས།ཨ་མ་གཡུ་སྒྲོན་གྱིས་ས་ཆ་གཞན་དུ་བྱ་བ་སྒྲུབ་ཀྱིན་པའི་བུ་ལ་འབྲེལ་བ་བྱས། བུ་དེ་གཉིས་ཀྱིས་ཀྱང་སྡོད་ཁང་གི་ཆ་རྐྱེན་བཟང་རྒྱུ་མེད་པ་སོགས་ལ་ཁ་གཡར་ཏེ་མོའི་བསམ་ཐོག་ལ་མ་བཞག་པ་རེད།  བུ་བུ་མོ་ཚོ་དང་མཉམ་དུ་འཚོ་བ་རོལ་རྒྱུའི་ཆེད་དུ།མོས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་ཁྲིམས་འཛིན་ཁང་ལ་རོགས་བྱེད་རྒྱུའི་རེ་བ་ཐེངས་འགར་བཏོན་མོད།འོན་ཀྱང་མ་བསམ་ས་ནས་སྡེ་བའི་ལས་བྱེད་པ་དང་ཁྲིམས་འཛིན་ཁང་གི་ལས་བྱེད་པས་མོ་རང་བུ་བུ་མོ་ཚོ་དང་ལྷན་དུ་འདུག་ཏུ་འཇུག་མ་ནུས་པར་མ་ཟད།ད་རུང་མོ་དང་བུ་བུ་མོ་ཚོའི་བར་གྱི་འགལ་བ་ཇེ་དྲག་ཏུ་བཏང་།འཁྱག་སིབ་སིབ་ཀྱི་ཁྱིམ་གཞིས་དང་སྐྱ་ཟད་སྔོ་སྡུག་གི་འཚོ་བར་གདོང་གཏོད་དུས།མོས་མ་གཞིར་ཚེ་མཇུག་སྐྱིད་པོ་ཞིག་རོལ་འདོད་པའི་བསམ་ཚུལ་དེ་བུ་བུ་མོ་ལྔ་པོས་དང་ལེན་མ་བྱས་པས།མོའི་སེམས་ལ་སྡུག་བསྔལ་དང་ཁོང་ཁྲོས་ཁེངས་ཏེ།མཇུག་མཐར་བུ་བུ་མོ་ལྔ་པོ་ཁྲིམས་ཁང་ལ་གཏུགས་པ་རེད།དེ་ན། ཁྲིམས་ཁང་གིས་ཨ་མ་གཡུ་སྒྲོན་གྱི་རེ་བར་རྒྱབ་སྐྱོར་བྱེད་དམ།OdTཀྲུང་གོ་བོད་ཀྱི་དྲ་བ།

གྱོད་དཔེ་དབྱེ་ཞིབ།OdTཀྲུང་གོ་བོད་ཀྱི་དྲ་བ།

གྱོད་དོན་དེ་གཙོ་བོ་ཕྱོགས་གསུམ་གྱི་བཅའ་ཁྲིམས་གནད་དོན་དང་འབྲེལ་ཡོད་དེ།རྒན་པའི་གཏུག་བཤེར་རེ་ཞུ་དེ་དོན་དངོས་དང་མཐུན་པོ་ཡིན་དགོས། རྒན་པར་རྨོ་འདེབས་ཀྱི་ནུས་པ་མེད་དུས། བུ་ཕྲུག་ལ་རིན་མི་ལེན་པར་རྨོ་འདེབས་བྱེད་པའི་འོས་འགན་ཡོད།  རྒན་པར་རང་ཉིད་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་དབང་ཡོད་པས།བུ་ཕྲུག་ལ་རྒྱུ་ནོར་གྱི་སྐལ་ཐོབ་ཡོད་མེད་གང་ཡིན་རུང་། རྒན་པ་ལ་བསྙེན་བཀུར་བྱེད་རྒྱུའི་འོས་འགན་ཚང་མར་ཡོད།རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》སུ་གཏན་འཁེལ་གསལ་པོ་བྱས་ཡོད་པ་ལྟར་ན། རྒན་པའི་རྒན་གསོ་གཙོ་བོ་ཁྱིམ་ཚང་ལ་བརྟེན་དགོས་པ་དང་།ཁྱིམ་ཚང་གི་བཟའ་མིས་རྒན་པར་སེམས་ཁུར་དང་བདག་སྐྱོང་བྱེད་དགོས། བསྙེན་བཀུར་བྱེད་མཁན་ལ་རྒན་པར་དཔལ་འབྱོར་ཐད་ཀྱི་ཞབས་ཏོག་དང་། འཚོ་བའི་ཐད་ཀྱི་ལྟ་སྐྱོང་དང་བསམ་པའི་སྟེང་ནས་སེམས་གསོ་བྱེད་པའི་འོས་འགན་ཡོད་ལ།དེ་ནི་རྒན་པར་བདག་སྐྱོང་བྱེད་པའི་དམིགས་བསལ་གྱི་དགོས་མཁོ་ཡིན། བུ་ཕྲུག་གིས་ཕ་མར་བསྙེན་བཀུར་གྱི་འོས་འགན་མ་བསྒྲུབས་ཚེ། རྒན་པའི་གཏུག་བཤེར་ཁེ་དབང་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཐོབ་ངེས་ཡིན་ནའང་།རྒྱབ་སྐྱོར་བྱེད་སྐབས་སུ་བུ་ཕྲུག་གི་བསྙེན་བཀུར་ཆ་རྐྱེན་ལའང་བསམ་བློ་གཏོང་དགོས།གྱོད་དོན་དེའི་ནང་གི་ཨ་མ་གཡུ་སྒྲོན་གྱིས་གལ་ཏེ་ད་དུང་བུ་བུ་མོ་ཚོ་དང་མཉམ་དུ་འདུག་འདོད་པ་རྒྱུན་འཁྱོངས་བྱས་ཚེ། ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཐོབ་མོད། འོན་ཀྱང་མཇུག་འབྲས་ནི་ཕལ་ཆེར་ཨ་མ་གཡུ་སྒྲོན་གཞན་ཁྱིམ་དུ་འཚང་ནས་འཚོ་བ་རོལ་བའི་སྣང་ཚུལ་འབྱུང་ཡང་སྲིད་པས། ཕན་འབྲས་ཡོད་པའི་ངེས་པ་མེད། དེ་བས་གཟུ་སྒྲིག་བྱས་པ་བརྒྱུད་དེ། ཕྱོགས་གཉིས་ཀས་བཟོད་སྒོམ་བྱ་བ་ནི་ཐབས་ཀྱི་དམ་པ་ཡིན།OdTཀྲུང་གོ་བོད་ཀྱི་དྲ་བ།

གཞན་ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ནང་གི་གཏན་འཁེལ་ལྟར་ན། བུ་ཕྲུག་ལ་ཕ་མར་བསྙེན་བཀུར་དང་རོགས་སྐྱོར་བྱེད་རྒྱུའི་འོས་འགན་ཡོད། བསྙེན་བཀུར་བྱེད་མཁན་གྱིས་ཤུལ་འཛིན་བྱེད་དབང་དོར་བའམ་ཡང་ན་རྒྱུ་མཚན་གཞན་པ་རྐྱེན་བྱས་ཏེ། བསྙེན་བཀུར་འོས་འགན་ལག་བསྟར་མ་བྱས་ན་མི་ཆོག  དེར་བརྟེན། རྒན་པས་རྒྱུ་ནོར་བགོས་པ་སྙོམ་པོ་ཡིན་མིན་གང་ཡིན་རུང་། བུ་ཕྲུག་གིས་ངེས་པར་བསྙེན་བཀུར་འོས་འགན་དང་ལེན་བྱེད་དགོས། རྒན་པའི་རྒྱུ་ནོར་གང་ཡང་མ་ཐོབ་པར་ཁ་གཡར་ཏེ་བསྙེན་བཀུར་འོས་འགན་དང་ལེན་མི་བྱེད་པ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན།OdTཀྲུང་གོ་བོད་ཀྱི་དྲ་བ།

དེར་བརྟེན། རྒན་པའི་རྒན་གསོའི་སྐྱོ་སྡུག་གི་གནས་བབ་ཐག་གཅོད་དང་།བཟའ་མིའི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད། ཨ་མ་གཡུ་སྒྲོན་རྒན་གསོ་ཁང་ལ་བསྐྱལ་ནས་འཚོ་བ་རོལ་རྒྱུ་དང་།འགན་གཙང་ལེན་གྱི་ས་ཞིང་དེ་ཞིང་གྲོང་གི་བུ་བུ་མོ་གསུམ་པོས་མཉམ་དུ་མོའི་ཚབ་བྱས་ཏེ་རྨོ་འདེབས་བྱས་ཏེ།མོའི་འགན་ལེན་ས་ཞིང་གི་ཡོང་འབབ་སྟེང་དུ། བུ་ཕྲུག་ལྔ་པོས་རང་རང་གི་འཚོ་བའི་ཆ་རྐྱེན་ལྟར།རྒན་གསོ་ཁང་གི་འགྲོ་གྲོན་མི་འདང་བ་ཁ་གསབ་བྱེད་རྒྱུ་དང་། བུ་ཕྲུག་ལྔ་པོ་དུས་བཅད་ལྟར་མོ་ལ་ལྟ་རུ་འགྲོ་བ་དང་འོས་འཚམ་གྱི་བདག་སྐྱོང་བྱེད་རྒྱུ་ནི་ཆེས་ལེགས་པའི་ཐབས་ཤིག་ཡིན། གཞན་ད་དུང་གྱོད་དོན་འདིའི་ཟུར་ངོས་གཞན་ཞིག་ནས་ཤེས་ཐུབ་པ་ནི།རྒན་པས་ཀྱང་བུ་ཕྲུག་དང་རང་ཉིད་བར་གྱི་འབྲེལ་བ་ཐག་གཅོད་བྱེད་ཤེས་བྱ་དགོས་ལ། རྒྱུ་ནོར་བགོ་བཤའ་བྱེད་དུས་གང་ཐུབ་ཀྱིས་ཕྱོགས་ཡོང་ལ་བསམ་བློ་བཏང་ནས། ཁྱིམ་ཚང་ནང་གི་དགོས་མེད་འགལ་བ་མི་འབྱུང་བ་བྱ་དགོས།OdTཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་གཞི་འཛིན་ས།OdTཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན13པར། རྒན་པའི་རྒན་གསོ་ནི་གཞིས་ཁྱིམ་དུ་འདུག་པ་རྨང་གཞི་བྱས་ཏེ།བཟའ་མི་གང་པོས་ངེས་པར་བརྩི་བཀུར་དང་། སེམས་ཁུར། བདག་སྐྱོང་བཅས་བྱེད་དགོས།OdTཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན14པར།བསྙེན་བཀུར་བྱེད་མཁན་ལ་རྒན་པར་དཔལ་འབྱོར་ཐད་ཀྱི་ཞབས་ཏོག་དང་།  འཚོ་བའི་ཐད་ཀྱི་ལྟ་སྐྱོང་ངམ་བསམ་པའི་སྟེང་ནས་སེམས་གསོ་བྱེད་པའི་འོས་འགན་ཡོད།དེ་ནི་རྒན་པར་བདག་སྐྱོང་བྱེད་པའི་དམིགས་བསལ་གྱི་དགོས་མཁོ་ཡིན།བསྙེན་བཀུར་བྱེད་མཁན་ཞེས་པ་ནི་རྒན་པའི་བུ་ཕྲུག་དང་གཞན་པའི་ཁྲིམས་བཀོད་བསྙེན་བཀུར་འོས་འགན་ཡོད་པའི་མི་ལ་ཟེར།OdTཀྲུང་གོ་བོད་ཀྱི་དྲ་བ།

བསྙེན་བཀུར་བྱེད་མཁན་གྱི་བཟའ་ཟླས་ངེས་པར་བསྙེན་བཀུར་བྱེད་མཁན་གྱི་བསྙེན་བཀུར་འོས་འགན་ལག་བསྟར་བྱེད་པར་རམ་འདེགས་བྱེད་དགོས།OdTཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན16པར།བསྙེན་བཀུར་བྱེད་མཁན་གྱིས་ཤུལ་འཛིན་བྱེད་དབང་དོར་བའམ་ཡང་ན་རྒྱུ་མཚན་གཞན་པ་རྐྱེན་བྱས་ཏེ། བསྙེན་བཀུར་འོས་འགན་ལག་བསྟར་མ་བྱས་ན་མི་ཆོགOdTཀྲུང་གོ་བོད་ཀྱི་དྲ་བ།

བསྙེན་བཀུར་བྱེད་མཁན་གྱིས་བསྙེན་བཀུར་འོས་འགན་མ་བསྒྲུབས་ཚེ། རྒན་པར་བསྙེན་བཀུར་བྱེད་མཁན་ལ་བསྙེན་བཀུར་གྲོན་དངུལ་སྤྲོད་རྒྱུའི་རེ་བ་འདོན་པའི་དབང་ཆ་ཡོད།བསྙེན་བཀུར་བྱེད་མཁན་གྱིས་རྒན་པར་ལུས་ཀྱིས་མི་ལྕོགས་པའི་ངལ་རྩོལ་བྱེད་རྒྱུའི་རེ་བ་འདོན་མི་ཆོགOdTཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒན་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན20པར།རྒན་པ་འཐད་པ་བྱུང་བ་བརྒྱུད། བསྙེན་བཀུར་བྱེད་མཁན་དག་གི་བར་ལ་བསྙེན་བཀུར་འོས་འགན་ལག་བསྟར་བྱེད་པའི་ཐད་ཀྱི་གྲོས་འཆམ་བཞག་ཆོག བསྙེན་བཀུར་གྲོས་འཆམ་གྱི་ནང་དོན་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཡང་ན་རྒན་པའི་འདོད་བློ་དང་འགལ་མི་རུང་།OdTཀྲུང་གོ་བོད་ཀྱི་དྲ་བ།

གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་།རྒན་པའི་རྩ་འཛུགས། བསྙེན་བཀུར་བྱེད་མཁན་ཡོད་སའི་ལས་ཁུངས་ཀྱིས་གྲོས་འཆམ་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་དགོས། །OdTཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།