འཆལ་འཕྲིན་བསྐུར་ཏེ་ལས་གྲོགས་ལ་ཆགས་ཉམས་བསྟན་ན་བཅའ་ཁྲིམས་ཀྱི་འགན་འཁུར་དགོས།

ཚེ་རིང་འཚོ་དང་དཔལ་ལྡན་གཉིས་ནི་ལས་གྲོགས་ཀྱི་འབྲེལ་བ་ཡིན་པ་དང་།ཕྱོགས་གཉིས་ཀ་རང་རང་གི་སར་གཉེན་སྒྲིག་བྱས་ཟིན་མོད།ཡིན་ན་ཡང་དཔལ་ལྡན་གྱིས་རྒྱུན་དུ་ཚེ་རིང་འཚོའི་སྐད་འཕྲིན་སྟེང་དུ་འདོད་གཏམ་རང་བཞིན་གྱི་འཕྲིན་ཐུང་དང་འདྲ་པར་བསྐུར་བར་མ་ཟད།འཆལ་འཕྲིན་དེ་དག་གི་ནང་དོན་ཆེད་དུ་ཚེ་རིང་འཚོའི་དོན་དངོས་གནས་ཚུལ་དང་སྦྱར་ཏེ་བྲིས་པ་ཡིན་པས།ཚེ་རིང་འཚོའི་འཚོ་བར་དཀྲུག་རྐྱེན་མང་པོ་བཟོས་ཤིང་ཁོ་མོའི་བསམ་བློའི་ཐད་གནོན་ཤུགས་མང་པོ་བཟོས་པར་མ་ཟད།ཚད་ངེས་ཅན་ཞིག་ནས་ཁྱིམ་ཚང་གི་འབྲེལ་བར་ཡང་གནོད་པ་ཐེབས་པ་རེད།ཚེ་རིང་འཚོས་ཀྱང་དཔལ་ལྡན་ལ་བྱ་སྤྱོད་དེའི་མཚམས་འཇོག་དགོས་པའི་རེ་བ་བཏོན་ནའང་།དཔལ་ལྡན་གྱིས་མ་ཉན་པས་ཚེ་རིང་འཚོས་ཁྲིམས་ཁང་ལ་གཏུགས་ནས།དཔལ་ལྡན་གྱིས་ཁོ་མོར་ཆགས་ཉམས་སྟོན་མཚམས་བཞག་ནས་དགོངས་དག་ཞུ་དགོས་པར་མ་ཟད།ད་རུང་བསམ་བློའི་གནོད་འཚེ་ལ་སེམས་གསོའི་དངུལ་སྒོར་སྟོང་ལྔ་སྟེར་དགོས་པའི་རེ་འདུན་བཏོན།

ཆེད་མཁས་པའི་དབྱེ་ཞིབ།

གྱོད་གཞི་འདིའི་ནང་གི་དཔལ་ལྡན་གྱི་བྱ་སྤྱོད་དེ་ནི་ཆགས་ཉམས་སྟོན་པའི་ཁོངས་སུ་གཏོགས་ལ།ཆགས་ཉམས་སྟོན་པ་ཞེས་པ་ནི་ཕ་རོལ་པའི་འདོད་བློ་དང་མི་བསྟུན་པར་བསམ་བཞིན་དུ་ཕ་རོལ་པར་ཆགས་ཉམས་སྟོན་པའི་བྱ་སྤྱོད་ལ་གོ།བཤེར་གཅོད་བྱེད་པའི་གོ་རིམ་ཁྲོད་སྤྱིར་བཏང་དུ་གཤམ་གྱི་ཕྱོགས་འགར་བལྟས་ནས་ཆགས་ཉམས་སྟོན་པའི་ཁོངས་སུ་གཏོགས་མིན་ཐག་གཅོད་དགོས།(གཅིག)ཆགས་ཉམས་སྟོན་ཡུལ་དེའི་གནས་ཚུལ་ལ་བལྟ་དགོས།ཆགས་ཉམས་སྟོན་མཁན་གྱི་བྱ་སྤྱོད་དེ་ཆགས་ཉམས་སྟོན་ཡུལ་གྱི་འདོད་བློ་དང་འགལ་ཏེ།ཆགས་ཉམས་སྟོན་ཡུལ་ལ་སུན་སྣང་བཟོས་པ།(གཉིས)ཆགས་ཉམས་སྟོན་མཁན་གྱི་གནས་ཚུལ་ལ་བལྟ་དགོས།ཆགས་ཉམས་སྟོན་མཁན་གྱིས་རང་ཉིད་ལ་ཆགས་སྤྱོད་འདུ་ཤེས་ཡོད་པ་ཤེས་བཞིན་དུ་ད་རུང་ཕ་རོལ་པའི་འདོད་བློ་དང་འགལ་བའི་སྒོ་ནས་མཇུག་འབྲས་ཤིག་འབྱུང་འདོད་སྐྱེས་པའམ་ཡང་ན་འབྱུང་བར་རེ་བ་བྱེད་པ།(གསུམ)ཆགས་ཉམས་སྟོན་མཁན་གྱི་བྱ་སྤྱོད་ལ་བལྟ་དགོས།ཆགས་ཉམས་སྟོན་མཁན་ལ་བྱ་སྤྱོད་སྟེང་དང་བྱ་སྤྱོད་མ་ཡིན་པའི་སྟེང་གཉིས་ཡོད་པ་དང་།བྱ་སྤྱོད་ཀྱི་སྟེང་ནས་སྐད་ཆ་དང་ལུས་པོ།མིག་མདངས་སོགས་ཀྱི་སྟེང་ནས་ཕ་རོལ་པར་ཆགས་ཉམས་སྟོན་པ་དང་།བྱ་སྤྱོད་མ་ཡིན་པ་ནི་དྲང་གཞག་མ་ཡིན་པའི་དབང་ཆའི་འབྲེལ་བ་སྤྱད་དེ་ཕ་རོལ་པར་རང་ཉིད་ཀྱི་འདོད་བློ་བསྐང་དགོས་པའི་རེ་བ་འདོན་པ།(བཞི)ཆགས་ཉམས་བསྟན་ནས་ཐད་ཀར་གནོད་འཚེ་བཟོ་བ་ནི་ཕ་རོལ་པོ་དེའི་ཆགས་སྤྱོད་དབང་ཆར་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས།ཆགས་སྤྱོད་དབང་ཆ་ནི་སྤྱི་དམངས་ཀྱི་མི་གཤིས་ཐོབ་ཐང་གི་དབང་ཆའི་ནང་གི་གཅིག་ཡིན།གྱོད་གཞི་འདིའི་ནང་གི་དཔལ་ལྡན་གྱིས་ཆགས་སྤྱོད་འདུ་ཤེས་ཡོད་པའི་སྒོ་ནས་བསམ་བཞིན་དུ་ཚེ་རིང་འཚོའི་འདོད་བློ་དང་འགལ་བའི་གནས་ཚུལ་འོག ཆགས་སྤྱོད་རང་བཞིན་གྱི་འཕྲིན་ཐུང་དང་འདྲ་པར་བསྐུར་ཏེ་ཚེ་རིང་འཚོར་སུན་སྣང་བཟོས་པ་དང་།ཚེ་རིང་འཚོའི་ཆགས་སྤྱོད་དང་འབྲེལ་བ་ཡོད་པའི་བསམ་པའི་དགའ་སྣང་ལ་གནོད་འཚེ་བཟོས་པས།དཔལ་ལྡན་གྱི་བྱ་སྤྱོད་དེ་ནི་ཆགས་ཉམས་བསྟན་པའི་ཁོངས་སུ་གཏོགས་པ་རེད།རང་རྒྱལ་དུ་བུད་མེད་ཀྱི་མཚན་སྙན་དབང་ཆ་དང་མི་གཤིས་ཐོབ་ཐང་དབང་ཆར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་།བྱེད་ཐབས་སྣ་ཚོགས་ཀྱིས་བུད་མེད་ཀྱི་མཚན་སྙན་དང་མི་གཞིའི་གནོད་འཚེ་གཏན་འགོག་བྱེད་ཀྱིན་ཡོད།དེའི་རྐྱེན་གྱིས་དཔལ་ལྡན་གྱིས་ངེས་པར་རང་ཉིད་ཀྱི་བྱ་སྤྱོད་དེ་ལ་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་པས།ཁྲིམས་ཁང་གིས་ཚེ་རིང་འཚོས་བཏོན་པའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། །

དབྱར་ཁའི་སྐྱེལ་འདྲེན་བྱས་པའི་ཚུན་ལ། ཟི་ལིང་མེ་འཁོར་ས་ཚུགས་ཀྱི་འགྲུལ་བའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་། ཟི་ལིང་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་མེ་འཁོར་གྱི་འཛིན་བྱང་ལྐོག་ཚོང་བྱེད་པ་དང་། ལམ་འགྲོ་བའི་ལག་གི་རྒྱུ་ནོར་གཡོ་ལེན་བྱེད་པ། དངོས་པོ་རྐུ་འཕྲོག་བྱེད་པ་བཅས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་འཆུན་འདོམས་བྱས་ཏེ། དབྱར་ཁའི་སྐྱེལ་འདྲེན་ལ་འཆམ་མཐུན་གཏན་འཇགས་ཡིན་པའི་ལྕགས་ལམ་བདེ་སྲུང་གི་ཁོར་ཡུག་ཅིག་བསྐྲུན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།