ཀྲུང་གོ་བོད་ཀྱི་དྲ་བ།

དྲ་ཐོག་ནས་ཉོས་པའི་དངོས་པོ་ཉིན་བདུན་ནང་ཕྱིར་སློག་བྱེད་པའི་ཐད་ལ་ཚད་བཀག་གང་དག་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

བྱ་བའི་རྒྱུ་རྐྱེན་གྱི་དབང་གིས་ངས་རྒྱུན་དུ་དྲ་ཐོག་ནས་དངོས་པོ་ཉོ་དགོས་བྱུང་ཞིང་། བློ་ལ་མི་འབབ་པའི་དངོས་པོར་ཡང་ཐེངས་མང་འཕྲད་ཀྱིན་ཡོད་པས།ཕྱིར་སློག་བྱེད་འདོད་ཧ་ཅང་ཆེ།འདིར་འདྲི་རྒྱུ་ཞིག་ནི་གནས་ཚུལ་གང་དག་གི་འོག་ཏུ་ཉོས་པའི་དངོས་པོ་ནི་ཕྱིར་སློག་བྱེད་མི་ཆོག་པ་ཡིན་ནམ།

ཀློག་པ་པོ་ལྷ་མོ་འཚོ་ནས།

བློ་མཐུན་ལྷ་མོ་འཚོ་ལགས།

དྲ་ཐོག་ནས་ཉོས་པའི་དངོས་པོ་ཉིན་བདུན་ནང་ཕྱིར་སློག་བྱེད་ཆོག་པའི་སྐབས་སྤྱོད་ཐབས་ལམ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཕྱིར་སློག་བྱེད་མི་ཆོག་པའི་དངོས་པོ་ལ་གཤམ་གྱི་འདི་དག་འདུས་པ་སྟེ།འཛད་སྤྱོད་པས་ཆེད་དུ་རང་ཉིད་ལ་བཟོ་རུ་བཅུག་པའི་དངོས་པོ་དང་རུལ་སླ་བའི་དངོས་པོ། དྲ་ཐོག་ནས་ཕབ་ལེན་བྱས་པའམ་ཡང་ན་འཛད་སྤྱོད་པས་ཁ་ཕྱེ་བའི་སྒྲ་ཕབ་དངོས་པོ་དང་རྩིས་འཁོར་མཉེན་ཆས་སོགས་ཀྱི་ཨང་ཀི་རིགས་ཀྱི་ཚོང་རྫས།ལག་ཏུ་འབྱོར་ཟིན་པའི་ཚགས་པར་དང་ཡང་ན་དུས་དེབ།གཞན་ད་རུང་ཁ་ཕྱེ་རྗེས་མི་ལུས་བདེ་ཐང་དང་ཡང་ན་ཚེ་སྲོག་བདེ་འཇགས་ལ་གནོད་འཚེ་ཐེབས་སྲིད་པའི་ཚོང་རྫས་དང་།ཡང་ན་ཁ་ཕྱེ་རྗེས་དངོས་པོའི་སྤུས་ཀར་འགྱུར་ལྡོག་འབྱུང་བའི་ཚོང་རྫས།ཁ་ཕྱེ་བའམ་བཀོལ་སྤྱོད་བྱས་རྗེས་ཚོང་རྫས་ཀྱི་རིན་ཐང་ལ་གནོད་པ་ཐེབས་པའི་དངོས་པོ།ཕྱི་རུ་བཙོང་བའི་སྐབས་སུ་གོ་ཆོད་དུས་ཡུན་ལོངས་ལ་ཉེ་བའམ་ཡང་ན་སྐྱོན་ཆ་ཅུང་ཙམ་ཡོད་པ་གསལ་པོར་བཤད་ཡོད་པའི་ཚོང་རྫས་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།