ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་བུ་སྐལ་དུ་སྟེར་སྐབས་ཕ་མ་གཉིས་ཀ་འཐད་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ང་དང་ངའི་ཁྱོ་ག་གཉིས་ཀའི་བར་ལ་ཕྱོགས་ཡར་མར་གྱི་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བས་མཇུག་མཐར་བཟའ་འཐོར་མི་བྱེད་ཀ་མེད་བྱུང་། བཟའ་འཐོར་བྱེད་སྐབས་ལོ་གཉིས་ལ་སོན་པའི་བུ་མོ་དང་ངེད་གཉིས་མཉམ་དུ་འཚོ་བ་རོལ་རྒྱུ་བྱས་ལ། ཁྱོ་གས་ཟླ་རེར་སྒོར་ལྔ་བརྒྱའི་སྙོར་སྐྱོང་དངུལ་བསྟུན་མར་ཟླ་གསུམ་ལ་མ་གཏོགས་སྐར་གང་ཡང་བྱིན་མ་མྱོང་། སྤྱིར་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད་པའི་ཁར། ང་ལ་དཔལ་འབྱོར་གྱི་ཡོང་སྒོ་ཅི་ཡང་མེད་པས་རང་གཅིག་པུས་བྱིར་པ་སྟེར་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་གྱུར། ཏག་ཏག་སྐབས་དེར། ཁྱིམ་མཚེས་ཚང་གི་བུད་མེད་དེར་མངལ་ཆགས་རྒྱུ་མེད་པས་བྱིས་པ་ཞིག་བུ་སྐལ་དུ་བླངས་ན་འདོད་ཡོད། དེ་བས་བུད་མེད་དེ་དང་ངེད་གཉིས་གྲོས་བྱས་རྗེས། ངའི་བུ་མོ་ཁོ་མོར་བུ་སྐལ་དུ་སྟེར་རྒྱུར་གྲོས་མཐུན་བྱུང་མོད། ཁྱོ་གས་གནས་ཚུལ་དེ་ཤེས་རྗེས་གཏན་ནས་མི་འཐད་ཟེར། ངའི་བསམ་པར། བུ་མོས་ང་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པ་མ་ཟད། ཁྱོ་གས་ལོ་གཅིག་ལ་སྙོར་སྐྱོང་དངུལ་སྐར་གང་ཡང་བྱིན་མ་མྱོང་། དེ་བས། བྱིས་པ་བུ་སྐལ་དུ་སྟེར་སྐབས་ཕ་མ་གཉིས་ཀ་འཐད་དགོས་སམ།

ཁྲིམས་བཤད།

ཁྱོད་གཅིག་པུར་བུ་མོ་བུ་སྐལ་དུ་སྟེར་བའི་དབང་ཆ་མེད། རང་རྒྱལ་གྱི་སྙོར་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བའི་ཚན་པ་དང་པོའི་གཏན་ཁེལ་ལྟར་ན། ཕ་མ་གཉིས་ཀྱིས་རང་གི་བྱིས་པ་གཞན་ལ་བུ་སྐལ་དུ་སྟེར་ན་ངེས་པར་དུ་ཕྱོགས་གཉིས་ཀ་འཐད་དགོས། གལ་ཏེ་ཕ་མ་ཕྱོགས་གཅིག་སུ་ཡིན་ཆ་མི་འཚལ་བའམ་གར་སོང་ཆ་མེད་དུ་གྱུར་ན་ཕྱོགས་གཞན་ཁོ་ནར་བྱིས་པ་བུ་སྐལ་དུ་སྟེར་དུས་ངེས་པར་དུ་ཕྱོགས་གཉིས་ཀ་ཡིད་འཐད་བྱུང་དགོས། ཡིན་ཡང་དམིགས་བསལ་གྱི་གནས་ཚུལ་ཏེ་ཕ་མ་ཕྱོགས་གཅིག་སུ་ཡིན་གསལ་བོ་མིན་པ་དང་གར་སོང་ཆ་མེད་དུ་གྱུར་ན་ད་གཟོད་ཕྱོགས་གཞན་དེར་ཁ་ཡ་བྱེད་མི་དགོས་པར་བྱིས་པ་བུ་སྐལ་དུ་སྟེར་བའི་དབང་ཆ་ཡོད། ཕ་མ་དང་བྱིས་པའི་བར་ཁྲག་རྒྱུད་གཅིག་ཡིན་ལ་དེ་ཕ་མ་གཉིས་བཟའ་འཐོར་བྱས་པ་ལས་མེད་པར་གྱུར་འགྲོ་བ་ཞིག་མིན། ཁྱོ་ཤུག་བཟའ་འཐོར་བྱས་རྗེས་བྱིས་པ་ཕྱོགས་གང་གིས་སྙོར་སྐྱོང་བྱས་ཀྱང་། སྔར་བཞིན་ཁྱོ་ཤུག་ཕྱོགས་གཉིས་ཀའི་བྱིས་པ་ཡིན། དེ་བས། བྱིས་པ་བུ་སྐལ་དུ་སྟེར་ན་ཕ་མ་ཕྱོགས་གཉིས་ཀ་འཐད་དགོས་པ་ལས་ཕྱོགས་གཅིག་གིས་ཐག་གཅོད་བྱས་མི་ཆོག་གོ  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།