ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཚང་ཐོར་རྗེས་ཁྱོ་གས་རྒྱུ་ནོར་སྦས་སྐུང་བྱས་ཡོད་ཚེ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ང་དང་ངའི་ཁྱོ་ག་རིན་ཆེན་གཉིས་ན་ནིང་གི་ཟླ་བཞི་བའི་ནང་མི་དམངས་ཁྲིམས་ཁང་གིས་ཐག་བཅད་ལྟར་བཟའ་འཐོར་བྱས་པ་ཡིན། ད་ལོའི་ཟླ་ལྔ་བའི་ནང་ངས་ངེད་གཉིས་བཟའ་འཐོར་བྱེད་སྐབས་ཁོས་ལྐོག་ཏུ་གསེར་གྱི་སྐེ་རྒྱན་གཅིག་དང་བྱུ་རུའི་སྐེ་རྒྱན་གཅིག་བཅས་བསྡོམས་པས་སྒོར་ཁྲི་གཉིས་ཀྱི་མ་རྩ་སྦས་སྐུང་བྱས་ཡོད་པ་ཤེས། འདིར་འདྲི་རྒྱུ་ཞིག་ལ། ངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་རྒྱུ་ནོར་དེ་དག་ཡང་བསྐྱར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག་གམ།

ཁྲིམས་བཤད།

ཁྱོད་ལ་དངོས་གནས་ཁྱོད་གཉིས་བཟའ་འཐོར་བྱེད་སྐབས་ཁྱོ་གས་རྩ་ཆེན་གྱི་དངོས་པོ་དེ་དག་ལྐོག་ཏུ་སྦས་ཡོད་པའི་བདེན་དཔང་ཡོད་ཚེ། ཁྱོད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཕོག་ཐུག་བཟོས་ཡོད་པ་དང་། ཁྱོད་གཉིས་བཟའ་འཐོར་བྱས་ནས་ལོ་ངོ་གཅིག་ཙམ་འགོར་ནའང་ཁྱོད་ཀྱིས་མི་དམངས་ཁྲིམས་ཁང་ལ་ཡང་བསྐྱར་གཏུག་བཤེར་བྱས་ཏེ་རྒྱུ་རྫས་དེ་དག་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བདུན་པར་བསྟན་དོན། བཟའ་ཚང་ཁ་བྲལ་སྐབས། ཕྱོགས་གཅིག་གིས་ཁྱོ་ཤུག་གཉིས་ཀྱི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར། འཚོང་བསྒྱུར། གཏོར་བརླག་བཅས་བྱས་པའམ་ཡང་ན་བུ་ལོན་རྫུན་བཟོ་བྱས་ཡོད་པའི་སྐབས་སུ་ཕྱོགས་གཅིག་ལ་ཉུང་ཙམ་བགོ་བའམ་མ་བགོས་ཀྱང་ཆོག  འོན་ཀྱང་། བཟའ་ཚང་ཁ་བྲལ་རྗེས། ཅིག་ཤོས་ཀྱིས་གོང་སྨྲས་ཀྱི་བྱ་སྤྱོད་དེ་དག་ཡོད་པ་ཤེས་ཚེ། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག་ཅེས་གསལ་བོར་གཏན་ཁེལ་བྱས་ཡོད། དེ་བས་ཁྱོད་ཀྱིས་བཤད་པ་དེ་དོན་དངོས་ཡིན་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།