ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ཤུག་གི་འབྲེལ་བ་ཡོད་དུས་རྒྱུ་ནོར་གང་དག་ཐུན་མོང་གི་རྒྱུ་ནོར་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ།

ཚེ་རིང་ལྷ་མོ་ནི་སྒེར་གཉེར་ཚོང་པ་ཞིག་ཡིན།  མོས་ཁྱོ་ག་དང་ལྷན་དུ་འདུག་ཐབས་མེད་ཟེར་ནས་ཕྱི་རུ་ཁང་བ་གླས་ཏེ་ལོ་གཅིག་ལྷག་འགོར་སོང་། ཉེ་ལམ། ཚེ་རིང་ལྷ་མོས་མི་དམངས་ཁྲིམས་ཁང་ལ་ཁྱོ་ག་སངས་བཀྲ་དང་བཟའ་འཐོར་བྱེད་རྒྱུའི་རེ་བ་བཏོན། སངས་བཀྲས་ཁྲིམས་ཁང་ལ་སྤྲད་པའི་གཏུག་བཤེར་དགག་ལེན་ཡི་གེ་ཁྲོད། ཁྲིམས་ཁང་གིས་ང་ཚོ་ཁྱོ་ཤུག་འབྲེལ་བ་ཡོད་པའི་དུས་སུ་ཐུན་མོང་གིས་ལས་གཉེར་བྱས་པའི་ཡོང་འབབ་སྒོར་སུམ་ཁྲི་ཡོད་པའི་གསོག་དངུལ་དང་། གཏུག་མཁན་ཚེ་རིང་ལྷ་མོས་ལས་གཉེར་བྱ་འགུལ་ཁྲོད་ཉོས་པའི་འཁྱག་སྒམ་དང་མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་སོགས་རྒྱུ་ནོར་མཉམ་བགོ་བྱེད་དགོས་པའི་རེ་བ་བཏོན་པ་ན། ཚེ་རིང་ལྷ་མོས་འདང་མ་དཔོག་པར་དེ་ནི་མོས་ཚོང་གཉེར་བྱེད་དུས་ཉོས་པའི་རྒྱུ་ནོར་ཡིན་པས་དེ་དག་ཚང་མ་མོའི་ཡིན་པར་འདོད་བཞིན་ཡོད། འོ་ན། ཁྱོ་ཤུག་གི་འབྲེལ་བ་ཡོད་དུས་ཐོབ་པའི་རྒྱུ་ནོར་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》དང་《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》བཅས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་གཞི་སྒྲུབ་སྐབས། ཕོ་མོ་འདྲ་མཉམ་སོགས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། སྐྱོན་ཆ་མེད་པའི་ཕྱོགས་ལ་དམིགས་བསལ་གྱིས་གུ་ཡངས་བཏང་ནས་སྒེར་ནོར་གསལ་བོར་བགོས་ཏེ། ཁྱོ་ཤུག་བར་གྱི་ཐུན་མོང་རྒྱུ་ནོར་དང་ཁྱིམ་ཚང་གི་ཐུན་མོང་རྒྱུ་ནོར་ཚུལ་མཐུན་ལུགས་མཐུན་སྒོས་ཐག་གཅོད་པ་རྒྱུ་ན་འཁྱོངས་བྱ་དགོས། ཁྱོ་ཤུག་བར་གྱི་ཐུན་མོང་རྒྱུ་ནོར་ངོས་འཛིན་ཇི་ལྟར་བྱེད་པའི་སྐོར་གྱི་གནད་དོན་སྐོར། གོ་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་བཀྲམས་པའི《མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་གཞི་ཞིབ་གཅོད་བྱེད་སྐབས་རྒྱུ་ནོར་བགོ་བའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་བྱེ་བྲག་འགའ》ཞེས་པའི་བརྡ་སྦྱོར་ལས་གཏན་ཁེལ་བྱས་པ་ལྟར་ན།  ཁྱོ་ཤུག་ཕྱོགས་གཉིས་གཉེན་སྒྲིག་འབྲེལ་བ་ཡོད་དུས་ཐོབ་པའི་རྒྱུ་ནོར་ནི་ཁྱོ་ཤུག་བར་གྱི་ཐུན་མོང་གི་རྒྱུ་ནོར་ཡིན།

དཔེར་ན། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀས་ངལ་རྩོལ་ལས་ཐོབ་པའི་ཡོང་འབབ་དང་ཉོ་སྒྲུབ་བྱས་པའི་རྒྱུ་ནོར། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཤུལ་འཛིན་བྱས་པ་དང་གཞན་གྱིས་བྱིན་པའི་རྒྱུ་ནོར། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་བུན་དབང་ལས་ཐོབ་པའི་རྒྱུ་ནོར། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་ཁྲིམས་མཐུན་སྒོས་ཐོབ་པའི་རྒྱུ་ནོར་གཞན་དག་རྣམས་ཐུན་མོང་གི་རྒྱུ་ནོར་དུ་བརྩིས་ཆོག

གཏན་ཁེལ་འདི་དག་ལྟར་ན། ཚེ་རིང་ལྷ་མོ་དང་ཁྱོ་གས་སངས་བཀྲ་གཉིས་ཀའི་གཉེན་སྒྲིག་འབྲེལ་བ་ཡོད་དུས་སྒེར་གཉེར་ཚོང་ལས་ཁྲོད་ཐོབ་པའི་ནོར་རྫས་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།