ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གི་སྙན་ཞུ།

“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

——ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གི་སྙན་ཞུ།Q16ཀྲུང་གོ་བོད་ཀྱི་དྲ་བ།

(2017ལོའི་ཟླ5པའི་ཚེས22ཉིན།) Q16ཀྲུང་གོ་བོད་ཀྱི་དྲ་བ།

ཝང་གོ་ཧྲེང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་རྣམ་པ།Q16ཀྲུང་གོ་བོད་ཀྱི་དྲ་བ།

ད་ལྟ། ངས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚབ་བྱས་ནས་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་དུས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་དོན་ནི། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་ཟབ་མོ་བྱེད་པ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཤུགས་གང་ཡོད་ཀྱིས“བསྒྱུར་བ་བཞི”སྐུལ་འདེད་བྱེད་པ་བཅས་ཀྱིས། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་དགོས་པ་དེ་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཧུར་བརྩོན་རྒྱལ་སྐྱོང་དང་ཧུར་ཐག་གསར་གཏོད་བྱས་པས། རྒྱལ་སྐྱོང་སྲིད་གཉེར་གྱི་ཡུལ་ཁམས་གསར་པ་བཏོད། ལག་ལེན་ལས་བདེན་དཔང་བྱས་དོན། བློ་མཐུན་ཞི་ཅིན་ཕེན་ཏང་ཡོངས་ཀྱི་སྲོག་ཤིང་དང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པའི་ཆ་ནས། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་ཡངས་ཤིང་ཆེ་བའི་ཆབ་སྲིད་ཀྱི་བློ་ཁོག ཁྱད་འཕགས་བླ་ན་མེད་པའི་ཆབ་སྲིད་ཀྱི་བློ་གྲོས་བཅས་ལྡན་པས།ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་ཤིང་དུ་གྱུར་ཡོད། ང་ཚོས་ངེས་པར་བསམ་བློའི་སྟེང་ནས་སྲོག་ཤིང་གོང་བཀུར་དང་ཆབ་སྲིད་སྟེང་ནས་སྲོག་ཤིང་སྲུང་སྐྱོབ། འགུལ་སྐྱོད་སྟེང་ནས་སྲོག་ཤིང་གི་རྗེས་སུ་འབྲངས་པ་བཅས་ཀྱིས། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་དུ་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་མཛད་དེ། ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 2016ལོའི་ཟླ3པའི་ཚེས10ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ་བྱ་བར་མཛུབ་སྟོན་གནང་བ་དང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་དགོས་པའི་དམིགས་འབེན་བཏོན་ཏེ། ང་ཚོ་མུ་མཐུད་དུ་མདུན་དུ་སྐྱོད་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་། མཐོང་རྒྱ་གསར་པ་བསྐྱེད་ཅིང་། གོ་སྐབས་གསར་པ་ཁྱེར་ཡོང་ལ། དེ་ནི་མཚོ་སྔོན་གྱི་བྱ་བ་ལེགས་པར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ནང་སྒོས་སུ་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་གོ་བ་ཟབ་མོ། ལག་བསྟར་བཟང་པོ་བཅས་བྱེད་པ་ནི། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཡོངས་ཀྱི་འགན་འཁྲི་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ནུས་ཤུགས་གང་ཡོད་འདོན་ས་དང་།མཚོ་སྔོན་གྱི་མ་འོངས་མདུན་ལམ་གནས་ས་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

གཅིག མཚོ་སྔོན་གྱི་འཕེལ་རྒྱས་དེ་མགོ་འཛུགས་ས་གསར་པ་རུ་ལངས་པ།Q16ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་གྱི་ལོ་ལྔ་ནི། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་བའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས།འཕེལ་རྒྱས་ཇུས་འགོད་དང་བཅོས་བསྒྱུར་སྐུལ་སྤེལ། གཏན་འཇགས་འགན་སྲུང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱིས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ་རྒྱལ་ཁའི་ངང“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ཡི་འཆར་འགོད་བདེ་བླག་ངང་ལག་བསྟར་བྱས་ཏེ། ལས་དོན་སོ་སོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་གསལ་བ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཐོག་མར་རྒྱ་ཆེའི་ཏང་ཡོན་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ཏེ། དུས་ཐོག་ཏུ་སློབ་སྦྱོང་དང་རྗེས་འདེད་སློབ་སྦྱོང་། རྒྱ་བསྐྱེད་སློབ་སྦྱོང་བཅས་བྱས་ཏེ་གསུང་བཤད་དགོངས་དོན་གྱིས་མཛུབ་སྟོན་བྱས་པ་དང་། གོ་དོན་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད། གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། ལོ་རེ་རེར་བཀོད་སྒྲིག་གསར་པ་དང་བྱེད་ཐབས་གསར་པ་ཡོད་པ། བསམ་བློར་དྲག་ཆས་སྤྲ་བ་དང་ལག་བསྟར་བྱ་བར་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བྱེད་པ་བཅས་ཀྱི་ཁྲོད་ནས་ལམ་ཁྲིད་ཕྱོགས་སྟོན་གྱི་རྩ་བའི་ནུས་པ་འདོན་སྤེལ་བྱས་ཡོད། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི“འདུ་ཤེས་བཞི”ཉིན་བཞིན་སྲ་བརྟན་དུ་གྱུར་པ་དང་། སློབ་སྦྱོང་གི་ཕན་འབྲས་དེ་ཉིན་ལྟར་རྣམ་པ་གསར་པ་གསར་གཏོད་བྱེད་པའི་ལག་ལེན་ལས་ཐོབ་པའི་གྲུབ་འབྲས་སུ་སྒྱུར་བཞིན་ཡོད། ང་ཚོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དེ་རིང་ལྟ་བུའི་གསལ་ཐག་རྦད་ཆོད་ཅིག་ནམ་ཡང་ཡོད་མ་མྱོང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། ང་ཚོས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་གཙོ་བོ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་བརྟེན་པ་ནས་ལྗང་མདོག་ཐཱན་དམའ་བའི་འཁོར་རྒྱུག་ཕྱོགས་སུ་གོམ་ཁ་བསྒྱུར། གྲུབ་ཚུལ་ལེགས་སྒྲིག་དང་འཕེལ་སྟངས་བསྒྱུར་བ། རྨང་གཞི་བརྟན་པོར་གཏོང་བ་དང་རྗེས་ཤུགས་སྣོན་པ་བཅས་ལ་ཤུགས་གང་ཡོད་བཏོན་ནས། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་མཐོར་འདེགས་བྱས་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་ཇེ་རྒྱས་སུ་བཏང་ལ། འཁོར་རྒྱུག་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བ་དང་། འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འོད་ཧྥུ་གློག་འདོན་རྟེན་གཞི་ལེགས་འགྲུབ་བྱུང་།ལས་རྣམ་གསར་པ་དང་དཔེ་གཞི་གསར་པ་མུ་མཐུད་དུ་མངོན་པ་དང་།ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་སྟོང་གི་སྐས་རིམ་གཉིས་པར་སྤོས་པ་དང་། ཚན་རྩལ་ཡར་ཐོན་ཐད་ཕན་ཐོགས་ཚད50%ཇེ་མཐོར་སོང་། རྨང་གཞིའི་སྒྲིག་བཀོད་ཆེན་པོ་སྐོར་ཞིག་བསྟུད་མར་ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་གོམ་པ་སྤོས་ལ། ཟི་ལིང་ནས་ཁུལ་དྲུག་གི་བར་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་། “གཙོ་བོ་གཅིག་དང་ཕལ་བ་དྲུག”གི་དམངས་སྤྱོད་གནམ་གྲུ་ཐང་གི་རྣམ་པ་ཕལ་ཆེར་ཆགས་ཟིན། ས་ཁོངས་འཕེལ་རྒྱས་ཐད་ནས་སོ་སོར་ཁྱད་ཆོས་ལྡན་པ་དང་ཤར་རྒྱུད་གྲོང་ཁྱེར་ཚོམ་མགྱོགས་མྱུར་གྱིས་དར་ཞིང་འཕེལ་ལ།ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་སྐྲུན་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པ་མཚོན་རྟགས་ཡིན་པའི་ཞིང་སྡེ་གསར་པ་དང་འབྲོག་ཁུལ་གསར་པའི་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་པས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་ལེགས་ཆ་རིམ་བཞིན་མངོན་གསལ་དུ་གྱུར་པ། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་ལག་ཏུ་བསྟར་བའི་རྨང་གཞིའི་སྟེང་། ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་པར་སྐུལ་སྤེལ་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཇེ་དྲག་ཏུ་བཏང་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་སྐུལ་འདེད་བྱས་པ་དང་། གཙང་པོའི་འབྱུང་ཡུལ་ནས་མཚེའུ་སྟོང་གི་མཛེས་ལྗོངས་བསྐྱར་དུ་མངོན་པ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་གྲྭ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཤིང་། མུ་རིའི་སོལ་གཏེར་བཅོས་སྐྱོང་བྱེད་པ་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་། ཟི་ལིང་ལྷོ་བྱང་རིར་གོས་ལྗང་བཀླུབས་ཤིང་། ཙོང་ཆུ་བཅོས་སྐྱོང་ཐད་ནས་ཐོག་མའི་ཕན་འབྲས་མཐོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་སོང་ཞིང་། མཁའ་དབུགས་ཀྱི་སྤུས་ཀ་མུ་མཐུད་དེ་ཇེ་ལེགས་སུ་བསྒྱུར་པས་སྐྱེ་ཁམས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བཀག་དངོས་ཉིན་བཞིན་སྲ་བརྟན་དུ་འགྱུར་བཞིན་ཡོད།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དེ་ཇེ་དྲག་ཏུ་སོང་བ། ང་ཚོས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ་རྒྱུན་འཁྱོངས་དང་བཅོས་བསྒྱུར་གྱི་ཕན་འབྲས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཕན་ལྡན་སྒོས་ནང་སྐྱེས་སྒུལ་ཤུགས་ངར་སློང་བྱས། ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་ཁྲིམས་འཛིན་སྒྲིག་སྲོལ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅས“རྒྱལ་ཁབ་རིམ་པའི་མཚོན་རྟགས”ཀྱི་བཅོས་བསྒྱུར་ཚོད་ལྟའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་ཏན་ཏིག་བྱས་པ་དང་། “ལྷོད་པ་དོ་དམ་ཞབས་ཞུ་གསུམ”གྱི་བཅོས་བསྒྱུར་ཕན་འབྲས་མངོན་གསལ་ཡིན་ལ། རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་བསྒྱུར་མུ་མཐུད་དེ་ཟབ་སྤེལ་བྱས་པས། ཁྱབ་ཁོངས་ཁ་ཤས་ནས་རྒྱལ་ཡོངས་ཀྱི་མདུན་དུ་བསྐྱོད་པ་རེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་མཉམ་ལས་བརྗེ་སྤེལ་བྱེད་ཚད་ཉིན་བཞིན་རྒྱ་ཇེ་ཆེར་བཏང་བ་དང་། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱ་འགུལ་ཆེན་པོའི་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་དེ་མཐོ་རུ་བཏེགས་ཏེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁྱབ་རྒྱ་དང་ཟབ་ཚད་མུ་མཐུད་དུ་རྒྱ་བསྐྱེད།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་ལ་སྔར་ལས་ཕན་ཁེ་མང་པོ་ཐོབ་པ། ང་ཚོས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་ལ། དམངས་འཚོ་འགན་སྲུང་དེ་ཆུ་ཚད་དམའ་བ་ནས་ཁྱབ་རྒྱ་ཆེ་བའི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཁེབས་པའི་ཆ་སྙོམས་ཅན་དུ་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཇེ་དྲག་ཏུ་སོང་། ཞིང་ཆེན་ཡོངས་ཀྱི75%ཡན་གྱི་ནོར་སྲིད་འགྲོ་སྒོ་དམངས་འཚོའི་ལས་དོན་ཐད་བཀོལ་བ་དང་། ལས་ཞུགས་གསར་སྣོན་མུ་མཐུད་དེ་ཇེ་མང་དུ་བཏང་བ་དང་། བོད་ཁུལ་གྱི་སློབ་མ་ཚང་མ་དང་། ཟི་ལིང་དང་མཚོ་ཤར་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ལོ15རིང་རིན་མེད་སློབ་གསོ་མྱོང་དུ་འཇུག་པ་ལག་བསྟར་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སུམ་ཆའི་གཅིག་གི་མི་འབོར་གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་ཡོད་ལ། དབུལ་ཕོངས་མི་འབོར་ཁྲི་བརྒྱ་ལྷག་ཉུང་འཕྲི་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས11.5%འཕར། སྤྱི་ཚོགས་འགན་སྲུང་མ་ལག་ཕལ་ཆེར་བཙུགས་ཤིང་། རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བ་འགན་སྲུང་སོགས་ཕལ་ཆེར་ཁྱོན་ཡོངས་ལ་ཁེབས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་མཚོན་གྲངས་ལ་མཐོ་འདེགས་གསར་པ་བྱུང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མི་རིགས་བྱ་བའི་སྐོར་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ། བླང་བྱ་གསར་པ་བཅས་ལག་ལེན་ནན་ཏན་བྱེད་ཅིང་། “ཐུན་མོང་གཉིས”ཀྱི་བརྗོད་དོན་རྒྱུན་འཁྱོངས་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་སྤེལ་བའི་རྨང་གཞིའི་སྟེང་། ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་བསྐྲུན་པར་སྐུལ་འདེད་བྱས། བདེ་འཇགས་མཚོ་སྔོན་ཏན་ཏིག་གིས་སྐུལ་འདེད་བྱས་པ་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འདྲེས་མཚམས་ས་ཁུལ་བདེ་འཇགས་དང་དར་སྤེལ་ཡོང་བའི་ལས་གྲྭ་ལག་བསྟར་ཟབ་མོ་བྱས་པས། བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི“པད་མའི་ཉམས་མྱོང”དང་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་གྱི“དཔེ་དབྱིབས་རིགས་གསུམ”ཆགས་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་ནས་འཆམ་མཐུན་གཏན་འཇགས་རྒྱུན་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་མཐོར་འདེགས་མངོན་གསལ་དུ་བྱུང་ཡོད། མི་རིགས་ས་ཁུལ་གྱི་རང་སྟེང་གི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་བར་གྱི་འབྲེལ་བ་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱི་སྒྲིལ་ཤུགས་ཡོངས་ཁྱབ་ནས་གོང་བུར་གྲིལ་བ། ང་ཚོས་ཏང་གི་མགོ་ཁྲིད་དང་མི་དམངས་བདག་པོ་ཡིན་པ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་སྒོས་རྒྱུན་འཁྱོངས་བྱས་པ་དང་། གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་ནས། འཐབ་ཕྱོགས་གཅིག་གྱུར་དང་མི་སེམས་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་ཀྱི་ཕན་འབྲས་སྔར་ལས་མངོན་གསལ་དུ་གྱུར། དམངས་ཆེན་གྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ། མི་དམངས་སྲིད་གྲོས་ཀྱིས་བློ་འདོན་ཇུས་འབུལ་བྱེད་པ་དང་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་དང་སྤུས་ཀ་བཅས་ཐད་ནས་མཐོར་འདེགས་གསར་པ་བྱུང་བ་དང་། ཚོགས་པའི་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བཏང་བ། མཁར་གྲོང་སྡོད་དམངས་ཀྱི་རང་སྐྱོང་མ་ལག་ཉིན་བཞིན་འཐུས་ཚང་དུ་གྱུར་ཅིང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཕན་འབྲས་ཆེན་པོ་ཐོན་ལ། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་པར་འདོན་སྤེལ་ནུས་ལྡན་བྱུང་ཡོད།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། འཕེལ་རྒྱས་ཀྱིས་སྣེ་ཁྲིད་ཤུགས་སྔར་ལས་ཕན་ནུས་ལྡན་པར་གྱུར་པ། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ། དཔལ་ཡོན་ཡར་ཐོན་གྱི་སྤྱི་ཚོགས་གཤིས་སྤྱོད་གྲུབ་ལ། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བསྟུད་མར་སྲ་བརྟན་དུ་བཏང་། མང་ཚོགས་རང་བཞིན་གྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་སྤེལ་བ་དང་། “སྐར་ལྔ་རིམ་པའི་ཡ་རབས་ཁྱིམ་ཚང”གསར་འཛུགས་ཁེབས་ཚད་སྔར་ལས་རྒྱ་བསྐྱེད་པ་དང་། རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ། དམངས་ཡོངས་ལུས་སྦྱོང་རྒྱ་ཆེར་སྤེལ་བ་དང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་ལུས་རྩལ་འགྲན་སྡུར་ཆེན་པོའི་ཤུགས་རྐྱེན་བསྟུད་མར་རྒྱ་བསྐྱེད་པ། རིག་གནས་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ།འཕེལ་རྒྱས་ཀྱི་ཁག་ཐེག་སྔར་ལས་ནུས་ལྡན་དུ་གྱུར། ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་ཏང་འཛུགས་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་ཕན་ཚུན་གཅིག་གྱུར་ཡོང་བར་གཙིགས་མཐོང་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དེ་ཡངས་ལྷོད་མཉེན་གསུམ་ནས་གཟབ་དམ་མཁྲེགས་གསུམ་དུ་བསྒྱུར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་། “ནན་གསུམ་རྣལ་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་བཅས་ཐད་ནས་གྲུབ་འབྲས་དངོས་བླངས་པ་དང་། གྲོང་ཁྱེར་དང་རྫོང་དང་ཞང་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།གཞི་རིམ་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ་བཅས་མཐོར་འདེགས་མངོན་གསལ་བྱུང་བ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དམངས་སེམས་སུ་ཟུག་པ་དང་། སྔར་ལས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་ཆགས་ཡོད་པ་དང་། ཏང་གིས་མི་རིགས་ས་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་པོ་ཆགས་ཡོད།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་རིང་ལ། ང་ཚོས་འདི་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་དོན་ནི།བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་བརྟེན་པས་ཡིན་ལ།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པས་ཀྱང་ཡིན། འདིར་ངས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་བཅས་དང་། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་མི་སྣ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་དང་དྲག་ཆས་དམག་དཔུང་གི་བཀོད་འཐབ་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ། མཚོ་སྔོན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུས་ཞུས་པ་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

མ་འོངས་པའི་ལོ་ལྔའི་ནང་། ང་ཚོས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་།འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པ་ཇེ་མགྱོགས་སུ་གཏོང་བའི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ཡོད། ང་ཚོ་གནས་པའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་ལོ་རྒྱུས་ཀྱི་ཕྱོགས་གནས་ངེས་པར་ངོས་འཛིན་གསལ་པོ་བྱེད་དགོས། ད་ལྟའི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པར་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པར་དམིགས་པ་དང་།རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ཁྱད་ཆོས་ལ་དམིགས་ན། ང་ཚོའི་མདུན་དུ་ལྷགས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་ནི་སྔར་ཡོད་མ་མྱོང་བ་ཞིག་ཡིན་ལ། རང་ཞིང་གི་འཕེལ་རྒྱས་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་ལངས་ཡོད།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་དཔལ་ཡོན་དུས་རབས་སུ་སླེབས་པས། མཚོ་སྔོན་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་ཡོད། སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་སྤྱི་ཚོགས་ཡར་ཐོན་འབྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། བསྟུད་མར་འཕེལ་འཐུས་པ་ནི་སའི་གོ་ལ་ཧྲིལ་པོའི་ཐུན་མོང་གི་སྙེག་བྱ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ“གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཞག་པ་དང་། ལྗང་མདོག་འཕེལ་རྒྱས་དེ་དུས་རབས་འཕེལ་རྒྱས་ཀྱི་དབྱངས་རྟ་གཙོ་བོར་གྱུར། དེ་རིང་གི་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དེ་སུས་ཀྱང་ཚབ་བྱེད་མི་ཐུབ་པ་དང་།དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་ཐོན་པའི་གཙོ་གནད་རང་བཞིན་ལྷག་ཏུ་འབུར་དུ་ཐོན། སྐྱེ་ཁམས་ཀྱི་ཐོན་ཁུངས་ནི་ལེགས་ཆ་ཆེན་པོ་ཡིན་ལ། སྐྱེ་ཁམས་ཀྱི་ལེགས་ཆ་ནི་ལེགས་ཆ་ཆེ་ཤོས་ཡིན། ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ཆེ་ཤོས་ཡིན་པ་དང་། ང་ཚོས་མཚོ་སྔོན་གྱི་འཕེལ་རྒྱས་ཆེས་ལེགས་པའི་དུས་བཟང་སྔོན་བསུ་བྱེད་བཞིན་ཡོད་ལ། ང་ཚོའི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་ཁོ་ཐག་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་བསྒྱུར་གསར་གཏོད་ཀྱི་རེས་གསར་པ་ཞིག་གི་ཚ་རླབས་འཕྱུར་བས། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་བཏང་བ། མིག་སྔར། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་དར་སྤེལ་བྱེད་བཞིན་ཡོད་ལ། ས་ཁོངས་འཕེལ་རྒྱས་ཀྱི་གནས་བབ་ཀྱང་ཡང་བསྐྱར་ལེགས་སྒྲིག་བྱེད་བཞིན་ཡོད། བཅོས་བསྒྱུར་གསར་གཏོད་ཀྱི་ཚ་རླབས་ཆེན་པོར་བསྟུན་ཚེ། ད་གཟོད་རང་འགུལ་བདག་འཛིན་དང་གོ་སྐབས་བཟང་པོ་རེག་ཐུབ་ལ། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་ལུས་ཚེ། ལོ་རྒྱུས་ཀྱིས་འདོར་ངེས་ཡིན། ང་ཚོས་བཅོས་བསྒྱུར་གྱི་བྱ་ཐབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། གསར་གཏོད་ཀྱི་བསམ་ཕྱོགས་དང་ཐབས་ལམ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།མི་ཀུན་གྱི་སྔོན་དུ་སྐྱོད་ཐུབ་པ་དང་། འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཞུགས་ཐུབ་ཚེ། འཕེལ་རྒྱས་ཇེ་མགྱོགས་དང་ཇེ་བཟང་དུ་འགྲོ་ཡང་སྲིད།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བརྒྱའི་དམིགས་འབེན་དང་པོ་ཉེ་རུ་བཅར་བས། མཚོ་སྔོན་གྱི་འཕེལ་རྒྱས་ལ་མཐོར་འདེགས་གསར་པ་མངོན་འགྱུར་བྱེད་པར་སྣེ་ཁྲིད་པ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་མ་འོངས་པའི་ལོ་ལྔའི་ནང་གི་གཙོ་གནད་ཅིག་ཡིན། ང་ཚོས་མཐུན་སྒྲིལ་སྒོས་ཡིད་ཆེས་བརྟན་པོ་དང་དཀའ་སྒྲོལ་འགག་སེལ་བྱས་ཤིང་། ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ལ་ཁས་བླངས་པའི་དམ་བཅའ་ལག་ལེན་ཏུ་བསྟར་དགོས། རྨང་གཞིའི་དེའི་སྟེང་དུ། མིག་རྒྱང་རིང་དུ་ཕྱོགས་པ་དང་མིག་རྒྱ་ཡངས་པོ་སྤྱད་དེ་མ་འོངས་པ་འཆར་འགོད་བྱས་ཏེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་མགྱོགས་མྱུར་གྱིས་བསྐྲུན་པ་དང་། ལོ་བརྒྱའི་དམིགས་འབེན་གཉིས་པའི་བགྲོད་ལམ་གསར་པ་ཧུར་བརྩོན་གྱིས་གཏོད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མཚོ་སྔོན་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་བསྐྲུན་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོ་ཏང་གིས་མུ་མཐུད་དུ་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ཉིད་མཐོར་འདེགས་བཏང་ནས། ཏང་གི་གཅིག་སྒྲིལ་སྟོབས་ཤུགས་དང་འབོད་སྐུལ་སྟོབས་ཤུགས། འཐབ་འཛིང་གི་སྟོབས་ཤུགས་སྔར་ལས་ཇེ་དྲག་དང་། ཏང་གཤིས་སྲིད་གཤིས་སྤྱི་ཚོགས་ཀྱི་གཤིས་ཀ་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཡོད། གཟབ་ནན་གྱིས་ཁྱོན་ཡོངས་ནས་ཏང་སྐྱོང་བའི་འགན་ཁུར་གཙོ་བོ་རིམ་པ་བཞིན་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་སྔར་ལས་སྲ་བརྟན། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་ཡིད་ཆེས་སྔར་ལས་བརྟན་པོར་བཏང་ཞིང་།བསམ་བློའི་རྣམ་པ། ནུས་པའི་སྤུས་ཚད། བྱ་བའི་གཤིས་སྤྱོད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བའི་རྣམ་པ་བཟང་པོ་བསྐྲུན། རིགས་སོ་སོའི་མང་ཚོགས་ཀྱིས་ཕྱུག་བསྒྱུར་བརྩོན་ལེན་བྱེད་ཅིང་། བསམ་བློ་སྔོན་སྐྱོད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ནས་གཤིས་དྲང་སྤྱོད་བཟང་དང་བདེན་འཛིན་ལས་སྒྲུབ་ཀྱི་རྣམ་པ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད།Q16ཀྲུང་གོ་བོད་ཀྱི་དྲ་བ།

གྲུབ་འབྲས་མཐོང་བ་དང་མཉམ་དུ། ང་ཚོས་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་གདོང་གཏོད་དགོས། འཕེལ་རྒྱས་མི་འདང་བ་ནི་སྔར་བཞིན་འགལ་བ་གཙོ་བོ་ཡིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ནུས་པ་མཐོར་འདེགས་གཏོང་བའི་ལས་འགན་ལྗིད་པ། དབུལ་ཕོངས་ཚད་མཐོ་བ་དང་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ལ་ཆད་ལྷག་ཡོད་པ། དམངས་འཚོ་ལེགས་བཅོས་དང་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ལས་འགན་ལྗིད་པ། ཐོན་ཁུངས་དང་ཁོར་ཡུག་གི་བཀག་རྒྱ་ཚབས་ཆེན་དུ་འགྱུར་བཞིན་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལས་འགན་ལྗིད་པ། ཁ་བྲལ་ལ་འཐབ་རྩོད་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་དང་སྤྱི་ཚོགས་བརྟན་བརླིང་གི་བདེ་སྲུང་འགན་ཁུར་ལྗིད་པ། གཞི་རིམ་རྨང་གཞིའི་བྱ་བ་དང་ལས་བྱེད་པའི་ནུས་པའི་བྱང་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་དགོས་པ་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ལས་འགན་ལྗིད་པ་བཅས་ང་ཚོས་ངོས་འཛིན་གསལ་པོ་བྱེད་དགོས། གནས་བབ་གསར་པ་དང་ལས་འགན་གསར་པར་གདོང་གཏད་དེ། ང་ཚོས་ངེས་པར་གསར་པ་བསྙེགས་ནས་འགྱུར་ལྡོག་བརྩོན་པ་དང་། མཐོང་རྒྱ་གསར་པའི་སྒོ་ནས་བསམ་ཕྱོགས་གསར་པ་འགོད་པ་དང་བྱེད་ཐབས་གསར་པས་འཕེལ་རྒྱས་གསར་པར་སྐུལ་འདེད་བྱེད་པ། རང་འགུལ་གྱིས་བསྒྱུར་བ་དང་མགྱོགས་མྱུར་གྱིས་བསྒྱུར་ཏེ། ཧུར་ཐག་སྒོས“བསྒྱུར་བ་བཞི”ཡི་ཁྲོད་རྒྱུན་ཆད་མེད་པར་མཚོ་སྔོན་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གསར་གཏོད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་དགོས། འདི་ནི་ཞིང་ཆེན་ཚུགས་པའི་གཞི་རྩ་དང་། སྙིང་པོ་ནི་བསྟུད་མར་འཕེལ་འཐུས་པ་མངོན་འགྱུར་བྱེད་རྒྱུ་དེ་ཡིན། མཚོ་སྔོན་གྱིས་གཙང་པོ་ཆེན་པོ་དང་རྩྭ་ཐང་ཆེན་པོ།བརླན་ས་ཆེན་པོ་སོགས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ་བདག་ཏུ་བཟུང་ཡོད་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཤུགས་རྐྱེན་ཆེན་པོ་དང་བྱས་རྗེས་ཆེན་པོ། འགན་འཁྲི་ཆེན་པོ། རིན་ཐང་ཆེན་པོ་ཡོད། ཆུ་བོ་དྭངས་ཤིང་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་སྲུང་སྐྱོབ་ནི་འགྱུར་ལྡོག་ཆེན་པོ་དང་འཐབ་ཇུས་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཤུགས་ཆེན་པོས་རོགས་སྐྱོར་འོག ང་ཚོས་མུ་མཐུད་དུ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲུང་མ་ལེགས་པོ་བྱས་ཏེ། ཆུ་བོ་གཙང་མ་ཤར་དུ་བཞུར་བར་ཁག་ཐེག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་སྲུང་སྐྱོབ་ལེགས་པོ་བྱེད་དགོས། སྔར་ལས་ཀྱང་སྲོལ་རྒྱུན་བསམ་གཞིག་བྱེད་སྟངས་བསྒྱུར་ཏེ། དཔལ་འབྱོར་སྤྱི་འབོར་ཆུང་བའི་ཁུར་པོ་བསྐྱུར་ཏེ། སྐྱེས་ཁམས་དཔལ་ཡོན་འདུ་ཤེས་བརྟན་བརླིང་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། ནུས་ཁུངས་གསར་པའི་ཐོན་ལས།སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་སྐྱེ་ཁམས་ཐོན་ལས་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཉིས་ཀ་ལེགས་པོར་བསྒྲུབ་དགོས། འཁོར་རྒྱུག་དཔལ་འབྱོར་དང་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་དཔེ་དབྱིབས་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཐོན་རྫས་མང་པོ་མཁོ་སྤྲོད་བྱས་ནས་མངོན་མེད་ཀྱི་སྐྱེ་ཁམས་ལེགས་ཆ་དངོས་ཡོད་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། མིང་དོན་མཚུངས་པའི་སྐྱེ་ཁམས་ཆེན་པོའི་ཞིང་ཆེན་དུ་བསྒྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དྲག་པོ་ལྡན་པ་དང་སྐྱེ་ཁམས་བཅོས་སྐྱོང་ནུས་པ་དྲག་པོ་ལྡན་པ། སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཆ་ཚང་བ། སྐྱེ་ཁམས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ལྡན་པ་བཅས་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་གོམ་པ་སྤོ་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་གྱི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་མགྱོགས་མྱུར་གྱིས་བསྒྱུར་དགོས། འདི་ནི་ཞིང་ཆེན་གྱི་གནས་ཚུལ་གཙོ་བོ་དང་། སྙིང་པོ་ནི་སྟོབས་ཤུགས་སེམས་ཤུགས་གཅིག་ཏུ་བསྡུ་རྒྱུ་དེ་ཡིན། མི་རིགས་མང་བ་ནི་མཚོ་སྔོན་གྱི་ཁྱད་ཆོས་ཡིན་ལ་ལེགས་ཆའང་ཡིན། དུས་ཡུན་རིང་པོའི་ཚུན་དུ། མི་རིགས་སོ་སོས་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་ཕན་ཚུན་འགྲོ་འོང་བརྗེ་རེས་བྱས་པས། འཆམ་མཐུན་མཉམ་གནས་དང་གཅིག་ལ་གཅིག་བརྟེན་གྱི་ལས་དབང་གཅིག་པའི་ཚོགས་སྤྱི་གྲུབ་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་བ་ཡིན། མཚོ་སྔོན་ནས་མི་རིགས་ཀྱི་ལས་དོན་མ་བསམས་ན། ཁྱོན་ཡོངས་ལ་བཀོད་འདོམས་བྱེད་ཐབས་བྲལ། ང་ཚོས་ནམ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་འདི་མཐོན་པོར་བསྒྲེངས་ནས། སྔོན་ཐོན་ཁུལ་འཛུགས་སྐྲུན་སྔར་ལས་རྒྱ་ཇེ་ཆེ་དང་ཁྱབ་ཁོངས་ཇེ་ཡངས། གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་དང་། སྔར་ལས་ལྷག་པར་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་།ཡུན་རིང་ཞིང་འོད་སྟོང་འབར་བའི་མི་རིགས་རིག་གནས་དར་སྤེལ་གཏོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ལས་དོན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཏང་གི་ཉེ་འཁོར་དུ་འདུ་རུ་འཇུག་པ་དང་། མི་སེམས་གཅིག་ཏུ་སྒྲིལ་བ་དང་དམངས་འཚོར་ལེགས་བཅོས་ཐོབ་པ། དཔལ་འབྱོར་འཕེལ་རྒྱས་འབྱུང་བ། རིག་གནས་གོང་འཕེལ་དུ་འགྲོ་བ་དང་སྤྱི་ཚོགས་གཏན་འཇགས་ཡོང་བ་བཅས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་གང་ཐུབ་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པའི་འཐབ་ཇུས་དེ་རྒྱལ་ཁབ་འཐབ་ཇུས་ནང་དུ་བསྲེ་བར་བསྒྱུར་དགོས། འདི་ནི་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་སྲིད་ཇུས་ཡིན་ལ། སྙིང་པོ་ནི་ལངས་གནས་མཐོར་འདེགས་གཏོང་རྒྱུ་དེ་ཡིན། ལག་ལེན་ལས་བདེན་དཔང་བྱས་དོན།དུས་ནམ་ཞིག་ལ་ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཟུང་འབྲེལ་དམ་པོ་བྱས་ཚེ། དུས་ནམ་ཞིག་ལ་ང་ཚོའི་འཐབ་ཇུས་འཕེལ་རྒྱས་ཀྱི་ལེགས་ཆ་མངོན་མཚོན་གང་ལེགས་བྱས་ཡོད།མཚོ་སྔོན་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཆེན་པོའི་ཁྲོད་བཞག་ནས་འཆར་འགོད་བྱས་ཚེ། ད་གཟོད་ལེགས་ཆ་འཚོལ་ཐུབ་ལ། ཁ་ཕྱོགས་ཀྱང་རྙེད་ཐུབ་པར་མ་ཟད། དགེ་སྤེལ་སྐྱོན་སྤང་དང་བབ་བསྟུན་འཕེལ་རྒྱས་བྱེད་ཐུབ། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་ཀྱི་བྱེད་ནུས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་མཐུད་སའི་བྱེད་ནུས། ཤར་བསྟུན་ནུབ་སྤེལ་གྱི་འབྲེལ་ཐག་བྱེད་ནུས་བཅས་མཐུད་འབྲེལ་སྒོས་ཇེ་དྲག་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། འབྲི་ཆུའི་དཔལ་འབྱོར་མུ་རྒྱུད། མཚོ་སྔོན་ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རེས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཧུར་ཐག་གིས་བསྲེས་ཏེ། འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་སྟེང་ཡང་བསྐྱར་བས་མཐའ་ཅན་དུ་འགྱུར་མི་རུང་།Q16ཀྲུང་གོ་བོད་ཀྱི་དྲ་བ།

མགྱོགས་མྱུར་གྱིས་རོང་འབྲོག་པའི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་བདག་སྐྱོང་བཅས་ཆིག་རྐྱང་བ་དེ་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་བཟང་པོ་བྱེད་པར་བསྒྱུར་དགོས། འདི་ནི་དམངས་ཕྱུག་ཐབས་ཇུས་ཡིན། སྙིང་པོ་ནི་ཞིང་གསུམ་གྱི་འཕེལ་སྟངས་བསྒྱུར་བའི་འཕེལ་རྒྱས་ཡིན། ཁྱོན་ཡོངས་འབྱོར་འབྲིང་གི་དཀའ་གནད་དང་གཙོ་གནད་ནི་རོང་འབྲོག་ཁུལ་ཡིན། མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཆེ་བ་ནི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཡིན་ལ། ས་ཞིང་དང་རྩྭ་ས། སྡོང་པོ་བཅས་ནི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱང་ཡིན། ང་ཚོས་ཡང་དག་པའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་འཚོའི་འབྲེལ་བ་ཐག་གཅོད་བྱེད་དགོས་ལ། ཁོར་ཡུག་སྲུང་སྐྱོབ་དང་ཞིང་སྡེ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་བརྟན་པོ་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཕྱོགས་བསྡུས་ཇུས་འདོན། ཚན་རིག་ལུགས་མཐུན་སྒོས་ཞིང་ཕྱུགས་ལས་ཀྱི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་པའི་སྡོད་ཁང་ཧུར་ཐག་གིས་ལེགས་བཅོས་བྱས་ཏེ། སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་ཐོབ་པ་དང་།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དངོས་གནས་འཕེལ་རྒྱས་ཐོབ་པ། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་ཇེ་མང་དུ་འགྲོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གཏོད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

“བསྒྱུར་བ་བཞི”ནི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དངོས་འབེབས་བྱེད་པའི་མཚོན་ཚུལ་གལ་ཆེན་ཡིན་ལ། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་རིགས་ལམ་གསར་སྐྲུན་བྱས་པ་ཡིན་ཞིང་།“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་བྱེད་ཐབས་དང་ཐབས་ལམ་ཡིན་པས། ཡང་དག་པའི་སྒོ་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུའི་བྱ་བའི་བསམ་ཕྱོགས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་ལྷན་སྐྱོད་ཀྱང་བྱས་ཡོད།“བསྒྱུར་བ་བཞི”ཡིས་དོན་དངོས་དང་འབྲེལ་གཏུག་དམ་ཟབ་དང་ཕན་ཚུན་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དེས། མདུན་སྐྱོད་འཕེལ་རྒྱས་ཀྱི་རིན་ཐང་སྙེག་ཚུལ་མཚོན་པ་དང་། འཕེལ་སྟངས་བསྒྱུར་བ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པ་དེས། སྤྱི་ཚོགས་ཡར་ཐོན་གྱི་ཁ་ཕྱོགས་ཡང་དག་པར་མཚོན་པ་དང་། འཕེལ་སྟངས་བསྒྱུར་བ་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་བསྲེས་པ་དེས། བསམ་བློ་བཅིངས་འགྲོལ་དང་རང་འགུལ་གྱིས་བྱེད་པའི་བསམ་བློའི་སྙིང་སྟོབས་མཚོན་ཞིང་།འཕེལ་སྟངས་བསྒྱུར་བ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་བཅས་འཁོར་སྐྱོད་བཟང་པོ་མངོན་འགྱུར་བྱེད་པ་དེས། མི་གཙོ་བོར་འཛིན་པ་དང་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། རང་བྱུང་དང་མཐུན་པ། ཁོར་ཡུག་ལ་བདག་སྐྱོང་བྱེད་པ་དང་བསྟུད་མར་འཕེལ་འཐུས་པ་བཅས་ནང་གནས་ཀྱི་བླང་བྱ་མཚོན་ཞིང་། འཕེལ་སྟངས་བསྒྱུར་བ་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཡིན། ང་ཚོས་ངེས་པར་བསམ་བློའི་འདུ་ཤེས་དང་བསམ་གཞིག་བྱེད་སྟངས།འཕེལ་རྒྱས་ཀྱི་དཔེ་དབྱིབས། མགོ་ཁྲིད་ནུས་པ། གཞི་རྩའི་སྤུས་ཚད་སོགས་ཀྱི་ཕྱོགས་ནས་བསྒྱུར་བ་ཆེན་པོ་དང་མཐོར་འདེགས་ཆེན་པོ་མངོན་འགྱུར་བྱེད་དགོས་ལ། བསྒྱུར་བའི་ཁྲོད་མདུན་སྐྱོད་དང་མ་འོངས་གསར་གཏོད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

མགོ་རྩོམ་ས་གསར་པ་ཞིག་ཏུ་ལངས་ནས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་སྔར་ལས་ཀྱང་ཡིད་རྟོན་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྔར་ལས་ཀྱང་ཡིད་ཆེས་བྱས་ཡོད། ང་ཚོས་དམངས་བརྒྱ་སེམས་གཅིག་དང་ཡར་ཐོན་ལྷུར་ལེན་གྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུས་བཏིང་བའི་རྨང་གཞིའི་སྟེང་། བསྟུད་མར་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

གཉིས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཅི་ཐུབ་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

མ་འོངས་པའི་ལོ་ལྔའི་ནང་།ང་ཚོས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མའི་ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་བྱས་ཏེ། མུ་མཐུད་དུ་ལོ་བརྒྱའི་དམིགས་འབེན་གཉིས་པའི་ཕྱོགས་སུ་གོམ་པ་ཆེན་པོས་མདུན་དུ་སྐྱོད་ཅིང་། འདི་ནི་སྔ་རབས་གྲངས་མེད་དང་རིགས་སོ་སོའི་མང་ཚོགས་ཀྱི་རྣམ་ཤེས་འཕྲེང་ས་དང་ཧུར་ཐག་འབད་འཐབ་ཀྱིས་དོན་གཉེར་བྱེད་སའི་ཕུགས་བསམ་ཡིན། ང་ཚོ་རླབས་ཆེ་བའི་དུས་རབས་འདིར་སྐྱེས་པ་ནི་ང་ཚོའི་ལས་བསོད་ཡིན་ལ།ཏང་དང་མི་དམངས་ཀྱིས་བསྩལ་པའི་རླབས་ཆེ་བའི་བྱ་གཞག་ལ་འཇུག་པའང་ང་ཚོའི་ལས་བསོད་ཡིན་པས། ལས་འགན་ལ་བླ་ན་མེད་པའི་གཟི་བརྗིད་ལྡན་པ་དང་འགན་འཁྲི་རི་བོ་ལས་ཀྱང་ལྕི།Q16ཀྲུང་གོ་བོད་ཀྱི་དྲ་བ།

མ་འོངས་པའི་ལོ་ལྔའི་ནང་། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་ཟབ་མོ་བྱས་ཐོག དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རྒྱུན་རྣམ་གསར་པ་ཚོད་འཛིན་བྱེད་པར་འཕྲོད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་གཏོང་བ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་བརླིང་ཁྲོད་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་གདངས་དབྱངས་རྒྱུན་འཁྱོངས་བྱེད་པ་དང་། “གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད། “ཏན་ཏན་ཏིག་ཏིག་བཞིའི” བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས།“བསྒྱུར་བ་བཞི”ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། མགོ་རྩོམ་ས་གསར་པ་ཞིག་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་སྔར་ལས་ལྷག་པར་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

མ་འོངས་པའི་ལོ་ལྔའི་ནང་། ང་ཚོའི་དམིགས་འབེན་གཙོ་བོ་ནི། “དུས་མཉམ་དུ་གཅིག་དང་སྔར་ལས་བཞི”མངོན་འགྱུར་བྱེད་དགོས་པ་སྟེ། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་། སྔར་ལས་འབྱོར་ཕྱུག་དང་སྔར་ལས་དཔལ་ཡོན།སྔར་ལས་འཆམ་མཐུན།སྔར་ལས་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་རེད།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྔར་ལས་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་སྟོབས་དང་ལྡན་པར་བྱས་ནས། བེ་སང་ལ་འགན་སྲུང་ཡོད་པ་དང་སྤུས་ཚད་ལྡན་པ། ལ་རྒྱ་ཡོད་པ་བཅས་ཀྱི་འཚོ་བ་ལེགས་པོ་རོལ་ཏུ་འཇུག་དགོས། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་དང་། རྒྱལ་ཡོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱས་ཏེ། འཁོར་རྒྱུག་དཔལ་འབྱོར་དེ་འཕེལ་རྒྱས་ཀྱི་གཙོ་ཁྲིད་རྣམ་པར་འགྱུར་དུ་འཇུག་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལེགས་ཆ་སྔར་ལས་མངོན་པར་གསལ་བ།ལྗང་མདོག་འཕེལ་རྒྱས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་བསླེབ་པ། དཔལ་འབྱོར་སྤྱི་འབོར་ཡང་བསྐྱར་སྒོར་དུང་ཕྱུར་སྟོང་ཅན་གཅིག་གི་སྐས་རིམ་དུ་འཛེགས་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་དར་རྒྱས་ཆེ་བའི་འབྲིང་རིམ་རྒྱལ་ཁབ་ཀྱི་ཆུ་ཚད་དུ་བསླེབ་པར་བྱེད་དགོས། དབུལ་ཕོངས་མི་འབོར་དུས་ལྟར་དབུལ་ཕོངས་ལས་ཐར་བ་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་གནད་དོན་ནུས་ཡོད་སྒོས་ཐག་བཅད་དེ། མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་མུ་མཐུད་དུ་ལེགས་བཅོས་འབྱུང་བ། ལས་ཞུགས་ཚད་སྔར་ལས་བཟང་བ་དང་སྡོད་གནས་སྔར་ལས་སྐྱིད་པ། འགྲོ་འདུག་སྔར་ལས་སྟབས་བདེ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་མངོན་གསལ་གྱིས་ཇེ་ཆུང་དུ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་བ། ངལ་རྩོལ་མི་འབོར་གྱི་ཆ་སྙོམས་ཀྱི་སློབ་གསོ་དང་ལེན་ལོ་ཚད་ལོ10ལ་བསླེབ་པ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་ཇེ་མཐོར་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབ་པར་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྔར་ལས་དཔལ་ཡོན་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ། བསམ་པ་ཡར་སེམས་དང་མཐུན་སྒྲིལ་མཛའ་བརྩེ། ཡིད་རྟོན་རོགས་རེས་བཅས་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་སྤྱོད་ལམ་དུ་བསྒྱུར་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་རྩ་བ་ནི་དམངས་ཡོངས་ཡིན་ལ། མི་རེ་རེ་ཚན་རིག་ལ་དད་ཅིང་གཞུང་དྲང་ཡིད་རྟོན་སྲུང་བ། ལས་ལ་བརྩོན་ཞིང་བཅའ་ཁྲིམས་སྲུང་བ་དང་། མཐུན་སྒྲིལ་མཛའ་བརྩེ་ལྡན་པ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཚད་རིམ་ཕྱོད་ཆེན་པོས་མཐོར་འདེགས་སུ་གཏོང་དགོས།རིག་གནས་མཉེན་སྟོབས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་ཞབས་ཞུ་སྒྲིག་བཀོད་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ། དྲ་བ་དང་འཕྲིན་སྐྱེལ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་བཅས་བྱས་ཏེ།མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་དགོས། མི་དམངས་དམངས་གཙོ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཏེ། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ནུས་ཤུགས་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྔར་ལས་འཆམ་མཐུན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་སྤྲོ་སྐྱིད་དང་མི་རིགས་འགྲིག་མཐུན། ཆོས་ལུགས་མཐུན་སྦྱོར། མི་དང་རང་བྱུང་འཆམ་མཐུན་བཅས་ཡོང་བར་བྱེད་དགོས། ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ཁེ་ཕན་ཞུ་གཏུག་དུས་ཐོག་ཏུ་ཚུར་སྣང་དང་མཐུན་སྦྱོར་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཕྱིར་མངོན་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས། རིགས་སོ་སོའི་མང་ཚོགས་མཉམ་སྡོད་མཉམ་སློབ་དང་།བྱ་བ་མཉམ་སྒྲུབ། འཚོ་བ་མཉམ་སྐྱིད་ཡོང་བ་དང་། མི་རིགས་སོ་སོ་བར་འགྲོ་འོང་དང་བརྗེ་རེས་ཟབ་མོ་ཡོང་བར་བྱས་ཏེ།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སྔར་ལས་མཐུན་པོ་ཡོང་བར་བྱེད་དགོས། ཚད་དང་གོ་རིམ་ཡོད་པའི་སྒོ་ནས་རང་བྱུང་བེད་སྤྱོད་པ་དང་།ལྗང་མདོག་འཛད་སྤྱོད་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་སྤྱོད་ལམ་དུ་བསྒྱུར་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྔར་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ། རི་ཆུ་མཛེས་ཤིང་མི་དེ་ལས་མཛེས་པ་དེ།མཛེས་སྡུག་ལྡན་པའི་ཀྲུང་གོའི་མིང་བྱང་ཡག་པོར་འགྱུར་དུ་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ལྟ་ན་སྡུག་པ་ཞིག་ཏུ་བསྒྱུར་དགོས། བྱེད་ནུས་ཁུལ་གཙོ་བོའི་གྲུབ་ཚུལ་ཕལ་ཆེར་ཆགས་པ་དང་། ཁོར་ཡུག་སྲུང་སྐྱོབ་དེ་དམངས་ཡོངས་ཀྱི་རང་རྟོགས་སྤྱོད་ལམ་དུ་བསྒྱུར་དགོས།སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་དེ།རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་དགོས། “བཀག་དངོས་གཅིག་དང་རྒྱུད་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་སྔར་ལས་བརྟན་པོར་གཏོང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་ཐད་ནས་འཕེལ་རྒྱས་ཆེན་པོ་ལེན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་རྒྱལ་ཡོངས་ཀྱི་སྔོན་དུ་བསྐྱོད་པའི་ཆུ་ཚད་རྒྱུན་སྲུང་བྱེད་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་དགོས། ཁྱད་ཆོས་ལྡན་པའི་གྲོང་རྡལ་དུ་སྡོད་སླ་བ་དང་ལས་ཀར་ཞུགས་སླ་བར་བྱེད་པ་དང་། མཛེས་པའི་ཞིང་གྲོང་སྐར་ཚོགས་བཀྲ་བ་ལྟར་བྱེད་ཅིང་། མཁར་གྲོང་གི་རྣམ་པ་གསར་པར་བསྒྱུར་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

“དུས་མཉམ་དུ་གཅིག་དང་སྔར་ལས་ལྷག་པ་བཞི” ཡི་འབད་འཐབ་དམིགས་འབེན་ཧུར་ཐག་སྒོས་མངོན་འགྱུར་བྱེད་ན། གཤམ་གྱི་རྩ་དོན་རེ་བ་དག་ངེས་དགོས་ཏེ།Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི། དེང་རབས་ཀྲུང་གོ་རྒྱལ་ཁའི་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་། དངོས་སློབ་དངོས་སྤྱོད་བྱས་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ནས་བདེན་ལུགས་ཆེན་པོའི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་དངོས་གནས་ཚོར་མྱོང་བྱུང་། ང་ཚོས་ངེས་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལེགས་པར་སྦྱངས་ཤིང་ལེགས་པར་སྤྱད་དེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་ལག་ལེན་ཁྲོད་ཁ་ཕྱོགས་ཡང་དག་པར་འཚོལ་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དཀའ་གནད་གསེད་འགྲོལ། ཧུར་ཐག་མདུན་སྐྱོད་བཅས་བྱས་ཏེ། རྒྱུན་ཆད་མེེད་པར་རྒྱལ་ཁ་གསར་པ་ལེན་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། འདི་ནི་མཚོ་སྔོན་གྱི་མ་འོངས་པ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་པའི་དར་ཆ་ལྟ་བུ་ཡིན། དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དེ་ལྟེ་གནས་སུ་འཛིན་རྒྱུ་ནི་ང་ཚོ་འཕེལ་རྒྱས་སུ་འགྲོ་བའི་ལས་འགན་དང་པོ་ཡིན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ལས་འགན་ཆེས་ཆེན་པོ་ཡིན་ལ། ང་ཚོ་འཕེལ་རྒྱས་སུ་འགྲོ་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་ཡིན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ། ང་ཚོ་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་དམིགས་ཡུལ་ཡིན། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་བླང་བྱ་ཡིན་ལ། ང་ཚོ་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་ཁག་ཐེག་ཀྱང་ཡིན། ང་ཚོས་ངེས་པར་བླང་བྱ་ཆེན་པོ་འདི་སྤྱད་དེ་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་དང་། བྱ་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔར་ལས་ཡར་ཐོན་ཆེན་པོ་འབྱུང་དུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་ནི་མཚོ་སྔོན་ལ་མཚོན་ན་ཧ་ཅང་ཁ་ཚ་དགོས་གཏུག་དང་ཧ་ཅང་གལ་ཆེན་ཞིག་ཡིན། ང་ཚོས་བཅོས་བསྒྱུར་གྱི་འདུ་ཤེས་སྔར་ལས་དྲག་པོ་དང་བཅོས་བསྒྱུར་གྱི་ཆོད་སེམས་སྔར་ལས་བརྟན་པོ། བཅོས་བསྒྱུར་གྱི་བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ལ་བརྟེན་ནས། གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་གཙོ་བོའི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་རྐྱེན་སྲོལ་གྱི་བཀག་རྒྱ་ཤུགས་ཆེན་པོས་གཏོར་བ། ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་སྐུལ་སློང་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས། ཁྲིམས་སྐྱོང་ནི་མཚོ་སྔོན་གྱི་སྲིད་དོན་སྐྱོང་བའི་གཞི་རྩའི་བྱེད་སྟངས་ཡིན། ང་ཚོས་ཁྲིམས་སྐྱོང་གི་མཚོ་སྔོན་དང་ཁྲིམས་སྐྱོང་གི་སྲིད་གཞུང་། ཁྲིམས་སྐྱོང་གི་སྤྱི་ཚོགས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམིགས་ནས་ས་གནས་ཀྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་པར་གཏིང་ཟབ་སྒོས་སྐུལ་འདེད་བཏང་ནས་ཁྲིམས་འཛིན་གྱི་ཡིད་རྟོན་ཇེ་ཆེ་དང་དམངས་ཡོངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ཐོག སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་ཕན་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བསྐྲུན་དགོས། Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར་བསམ་པ་རྩེ་གཅིག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་བརྩོན་གྱི་དམིགས་འབེན་ཡིན། ང་ཚོས་ངེས་པར་རང་རྟོགས་སྒོས་མི་དམངས་ལྟེ་གནས་སུ་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བྱེད་པ་དང་། གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པའི་སྐབས་གང་ཡིན་རུང་མི་དམངས་ཀྱི་ཁེ་ཕན་གོ་གནས་དང་པོར་བཞག་ནས། ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ཕྱུག་པོར་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སེམས་ཤུགས་དང་ནུས་ཤུགས་ཡོད་ཚད་བཀོལ་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་རང་ཉིད་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་དང་། རིགས་སོ་སོའི་མང་ཚོགས་ལ་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་སྔར་ལས་མཛེས་ཤིང་སྐྱིད་པའི་འཚོ་བ་བསྐྲུན་པར་ཁྲིད་སྟོན་བྱས་ཏེ། མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་མང་པོ་མྱོང་དུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ངེས་པར་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་དགོས་ན། གནད་འགག་ནི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་རྒྱུ་དེ་ཡིན། ང་ཚོས་ངེས་པར་ཏང་གཟབ་ནན་གྱིས་སྐྱོང་བ་དང་དོ་དམ་བྱེད་པའི་འོས་འགན་ཕྲག་ཏུ་བླངས་ནས། ཏང་གི་མགོ་ཁྲིད་འབུར་དུ་དོད་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་རྒྱུ་དེ་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་བར་སྐུལ་བའི་སྟོབས་ལྡན་མགོ་ཁྲིད་ཀྱི་སྲོག་ཤིང་དུ་བརྩིས་ཏེ། མཚོ་སྔོན་གྱི་ལས་དོན་སོ་སོ་ནམ་ཡང་ཁ་ཕྱོགས་ཡང་དག་སྒོས་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ནི་ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་ལེན་བྱས་པའི་དམ་བཅའ་ཡིན། ང་ཚོས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ཏེ་ཀུན་སློང་སེམས་ལ་བཅངས་ནས་མུ་མཐུད་དུ་མདུན་དུ་བསྐྱོད་དེ་སྐབས་རེ་རེའི་རྗེས་མཐུད་ནས་བྱ་བ་བསྒྲུབ་པ་དང་འཆར་གཞི་ཆེན་པོ་མཐའ་འཁྱོལ་བར་བཀོད་དེ། དམིགས་འབེན་རླབས་པོ་ཆེ་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་དུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

གསུམ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་སྤུས་ཀ་དང་ནུས་ཕྱོད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ང་ཚོའི་དོན་ཆེན་ནང་གི་འགངས་ཆེན་ཡིན། ངེས་པར་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་པའི་རྒྱུན་རྣམ་གསར་པར་བསྟུན་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བ་སྤྱིའི་གདངས་དབྱངས་རྒྱུན་འཁྱོངས་བྱེད་པ་དང་། མཁོ་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དེ་གཙོ་ཐིག་ཏུ་འཛིན་པ་དང་། རིམ་སྤར་རིགས་བསྒྱུར་རམ་སྤུས་ཀ་ཇེ་མཐོ་དང་ཁེ་ཕན་ཇེ་མང་དུ་གཏོང་བ་དེ་ཁ་ཕྱོགས་སུ་བརྩི་བ། ལྗང་མདོག་ཐོན་ལས་ཀྱི་མ་ལག་འཛུགས་པ་དེ་འཛིན་ལུང་བྱེད་པ་བཅས་ཀྱིས། འཕེལ་སྟངས་བསྒྱུར་བ་དང་། ཁྱད་ལྡན་ལེགས་ཆ་ཐོན་ལས་ཇེ་ཆེ་དང་ཇེ་དྲག་ཏུ་བཏང་ནས། འགུལ་ནུས་གསར་པ་ཆགས་པ་དང་འདེགས་སྐྱོར་གསར་པ་བཙུགས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་སྔར་ལས་མཐོ་ཞིང་གྲུབ་ཚུལ་སྔར་ལས་ལེགས་པ། རྟིང་ཤུགས་སྔར་ལས་ཆེ་བ། ནུས་ཕྱོད་སྔར་ལས་བཟང་བ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”མཇུག་ལེགས་པོར་སྒྲིལ་བ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ལེགས་པོ་རྩོམ་པར་ཁག་ཐེག་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཅིག) དཔལ་འབྱོར་མྱུར་ཚད་མཐོ་འབྲིང་གིས་འཕར་བ་རྒྱུན་སྲུང་བྱེད་དགོས། དངུལ་གཏོང་བརྟན་འཇགས་དང་བཟོ་ལས་བརྟན་འཇགས་ཡོང་རྒྱུ་ནི་དཔལ་འབྱོར་མྱུར་ཚད་མཐོ་འབྲིང་གིས་འཕར་བ་རྒྱུན་སྲུང་བྱེད་པའི་འཛིན་ལོང་གལ་ཆེན་གཉིས་ཡིན། དགོས་མཁོའི་སྤྱི་འབོར་ཧུར་བརྩོན་གྱིས་རྒྱ་བསྐྱེད་པ་དང་། མཁོ་སྤྲོད་གྲུབ་ཚུལ་ཤུགས་ཆེན་པོས་ལེགས་སྒྱུར་བྱས་ཏེ། དཔལ་འབྱོར་བརྟན་ཞིང་བཟང་ལ། འཕེལ་ཞིང་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས། མ་དངུལ་གཏོང་བའི་གནད་འགག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་མང་པོ་ནས་རྒྱལ་ཁབ་ཀྱི་དངུལ་གཏོང་བརྩོན་ལེན་དང་སྣེ་མང་དངུལ་གཏོང་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པ། དམངས་ཁྲོད་ཀྱི་དངུལ་གཏོང་ཧུར་པོར་གཏོང་བ། ཚོང་རའི་བདག་པོ་མྱུར་དུ་སྐྱེད་སྲིང་བྱེད་པ། ལས་གཞི་ཆེན་པོ་དང་ལས་གཞི་བཟང་པོ་སྐོར་ཞིག་ལག་བསྟར་བྱེད་པ་བཅས་ཀྱིས། དཔལ་འབྱོར་འཕེལ་བར་ཤུགས་ཆེན་པོས་རོགས་སྐྱོར་དང་དཔལ་འབྱོར་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་མཁོ་སྤྲོད་བཅོས་བསྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་ཇེ་ཆེར་གཏོང་བ་དང་། སྤུས་མཐོ་འཛད་སྤྱོད་དངོས་པོའི་མཁོ་སྤྲོད་ཇེ་དྲག་ཏུ་བཏང་ནས། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་ནུས་པ་སྲ་བརྟན་དུ་གཏོང་དགོས། ཨ་སྒོར་ཁྲི་ཚོ་སྟོང་གི་མངོན་མེད་ཁེ་ལས་དང་ཕྱིར་གཏོང་རང་བདག་གི་ཚོང་རྟགས་གྲགས་ཅན“གཉིས་ཀ་སྐྱེད་སྲིང་བྱེད་པ”ཡི་འཆར་གཞི་ལག་བསྟར་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་ནས། ཕྱིར་གཏོང་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། “གསུམ་འདོར་གཅིག་ཆག་གཅིག་གསབ”ཀྱི་ལས་འགན་ཆེན་པོ་ལྔ་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆའི་སྒྲིག་བཀོད་དང་མཉམ་སྒྲིག་སྔར་ལས་ལེགས་སྒྲིག་དང་ད་ཡོད་ཀྱི་མཁོ་སྤྲོད་གྲུབ་ཚུལ་སྔར་ལས་ལེགས་སྒྲིག ད་ཡོད་ཀྱི་ཐོན་ལས་དང་ཞབས་ཞུའི་བྱེད་ནུས་སྔར་ལས་ལེགས་སྒྲིག་བཅས་དང་། ཆུ་ཚད་དམའ་བའི་མཁོ་སྤྲོད་དོ་མཉམ་དེ་ཆུ་ཚད་མཐོ་བའི་མཁོ་སྤྲོད་དོ་མཉམ་དུ་འཕར་བར་བྱེད་དགོས། ནོར་སྲིད་དངུལ་རྩའི་བྱ་བར་མཐོང་ཆེན་བྱས་ཏེ། ནོར་སྲིད་དངུལ་རྩ་སོགས་གྲུབ་ཆའི་འདེགས་སྐྱོར་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། རྒྱལ་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མྱུར་དུ་འཕེལ་བར་རྒྱབ་སྐྱོར་དང་། དབང་ལུགས་འདྲེས་མའི་དཔལ་འབྱོར་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་པ་སྔར་ལས་སྐུལ་སློང་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཉིས) དེང་རབས་ཐོན་ལས་ཀྱི་མ་ལག་མྱུར་དུ་འཛུགས་དགོས། ཐོན་ལས་ནི་དཔལ་འབྱོར་གྱི་མ་རྩ་ཡིན། ལེགས་ཆ་འདོན་སྤེལ་དང་མི་འདང་ས་ཁ་གསབ་བྱེད་པ་གཉིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་དང་། གསོག་གྲངས་ལེགས་སྒྲིག་དང་འཕར་གྲངས་ལེགས་སྒྱུར་བྱེད་པ་གཉིས་མཉམ་དུ་བཟུང་སྟེ། ལྗང་མདོག་ཁོར་ཡུག་དང་ཁྱད་ཆོས་མངོན་གསལ་ལྡན་པ། ལེགས་ཆ་འབུར་ཐོན། བསྟུད་མར་འཕེལ་འཐུས་པ་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སྲོལ་རྒྱུན་ཐོན་ལས་ཤུགས་ཆེན་པོས་བསྒྱུར་བཀོད་དང་སྤུས་ཀ་ཇེ་མཐོར་གཏོང་དགོས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་ཞུ། ནུས་ཁུངས་རྫས་འགྱུར་བཟོ་ལས། ཁྱད་ལྡན་ཡང་བའི་བཟོ་ལས། ཨར་ལས་རྒྱུ་ཆ། ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་རྫས་ལག་རྩལ་དང་བཟོ་རྩལ་སྒྲིག་ཆས། ནུས་ལྡན་ཁོར་སྲུང་སོགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་རྒྱས་པ་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཚྭ་མཚོའི་རྒྱལ་ཡོངས་ཐབས་ཇུས་རང་བཞིན་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས། སྒོར་དུང་ཕྱུར་སྟོང་ཅན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཐོན་ལས་བསྐྲུན་ཏེ། ཁྱད་ལྡན་ཐོན་ལས་གསར་པ་སྐྱེད་སྲིང་བྱེད་པ་དང་རྒྱ་བསྐྱེད་དགོས། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། དྲ་རྒྱའི་ཆ་འཕྲིན། གཞི་གྲངས་ཆེན་པོ་བེད་སྤྱོད། སྐྱེ་དངོས་སྨན་རྫས་སོགས་ཀྱི་ཁྱད་ལྡན་ཐོན་ལས་གསར་པ་མྱུར་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། འོད་ཧྥུ་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། ཆཱན་ཝ་བྱེ་བ་ཅན་གྱི་འོད་ཧྥུ་གློག་འདོན་ལྟེ་གནས་འཛུགས་དགོས། རྡོ་སྣུམ་དང་རང་བྱུང་སོལ་རླངས། རྡོ་གཡམ་སོལ་རླངས་ཐོན་ཁུངས་རྩད་གཅོད་གསར་སྤེལ་བྱེད་པ་གཙོ་རུ་བཟུང་སྟེ། ཏུན་ཁྲི་སྟོང་ཅན་གྱི་སྣུམ་རླངས་ཐོན་ཁུལ་འཛུགས་སྐྲུན་དང་། ཏུན་ཁྲི་སྟོང་ཅན་གྱི་མ་བཅོས་རྡོ་སྣུམ་དང་སྣུམ་ཞིང་དང་སྣུམ་རླངས་རྫས་འགྱུར་བཟོ་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་དགོས། སྒོར་དུང་ཕྱུར་སྟོང་ཅན་གྱི་ལིས་གློག་ཐོན་ལས་རྟེན་གཞི་བསྐྲུན་དགོས། གླིང་ཁུལ་དང་གསར་སྤེལ་ཁུལ་གྱི་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ནས་སྒོར་དུང་ཕྱུར་བརྒྱ་ཅན་གྱི་ཁེ་ལས་དང་སྒོར་དུང་ཕྱུར་སྟོང་ཅན་གྱི་གླིང་ཁུལ་འཛུགས་དགོས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ། ཞིང་ལས་ཚན་རྩལ་གླིང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། འབྲུ་སྣུམ་དང་སིལ་ཏོག་སྔོ་ཚོད། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ། སྟར་བུ་དང་འདྲེ་ཚེར་མ་བཅས“སྒོར་དུང་ཕྱུར་བརྒྱ་ཅན་གྱི་ཁེ་ལས་བཞི”བཟོ་སྐྲུན་བྱེད་དགོས། ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དང་ཞིབ་གཉེར་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། དེང་རབས་ཞབས་ཞུ་ལས་རྣམ་གསར་པ་ཧུར་བརྩོན་གྱིས་སྐྱེད་སྲིང་བྱས་ཏེ། ཞབས་ཞུ་ལས་རིགས་ཀྱི་སྤུས་ཚད་དང་ནུས་ཕྱོད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུ་ལས་རིགས་ཀྱི་དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བའི་ཐབས་ཇུས་རྟེན་ས་རུ་འགྱུར་དུ་འཇུག་དགོས། Q16ཀྲུང་གོ་བོད་ཀྱི་དྲ་བ།

(གསུམ) ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་དགོས། འདི་ནི་རྒྱུན་མཐུད་འཕེལ་རྒྱས་གྱི་དངོས་ཡོད་དགོས་མཁོ་ལ་སྐུལ་འདེད་གཏོང་བ་ཡིན། བློ་བརྟན་འགྱུར་མེད་སྒོས་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད་དངོས་འབེབས་བྱེད་པ་དང་། གཙོ་གནད་ས་ཁུལ་གྱི་སྣེ་ཁྲིད་འཕེལ་རྒྱས་དང་སྐྱེ་ཁམས་བྱེད་ནུས་ཁུལ་བསྟུད་མར་འཕེལ་འཐུས་པར་སྐུལ་འདེད་བཏང་ནས། མི་རྣམས་ཆ་རྐྱེན་ལྡན་པའི་ས་ཁུལ་དུ་འདུ་བ་དང་ཐོན་ལས་གཙོ་གནད་གསར་སྤེལ་ཁུལ་དུ་འདུ་བར་སྐུལ་འདེད་གཏོང་དགོས། ཟི་ལིང་གིས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་དང་། སྡོད་པ་དང་ལས་གཉེར་དང་ཡུལ་སྐོར་བཅས་དང་འཚམ་པར་བྱེད་པ་དམིགས་ཡུལ་དུ་བཟུང་ནས། མདོ་བ་གྲོང་ཁྱེར་གྱི་ལྟེ་གནས་ཕལ་བར་མྱུར་དུ་འཛུགས་སྐྲུན་དང་སྲོག་ཤིང་གི་འཕར་གནས་བཟོ་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཐོན་དགོས། མཚོ་ཤར་གྱིས་གྲོང་ཁྱེར་བྱེད་ནུས་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐོན་ལས་ཀྱི་མ་ལག་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། མཚོ་ནུབ་ཀྱིས་རིགས་བསྒྱུར་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་དང་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་རྟེན་གཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་ཅན་གྱི་དཔེ་སྟོན་ཁུལ་བཅས་འཛུགས་དགོས། མཚོ་ལྷོ་དང་མཚོ་བྱང་སོགས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཁྱད་ལྡན་འཕེལ་རྒྱས་འབུར་དུ་དོད་དེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་དགོས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ་ས་ཁུལ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྔར་ལས་དོ་སྣང་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་དང་ལྗང་མདོག་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་ས། ཁྱད་ལྡན་རིག་གནས་ཉམས་ལེན་ཡུལ་སྐོར་བྱེད་ས་སོགས་བསྐྲུན་དགོས། མི་གཙོ་བོ་ཡིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས། མཁར་གྲོང་འཆར་འགོད་ལྟར་འཛུགས་སྐྲུན་དོ་དམ་བྱེད་པའི་ཆུ་ཚད་དང་ཕྱོགས་བསྡུས་ཞབས་ཞུའི་བྱེད་ནུས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་འཛུགས་སྐྲུན་བྱེད་པའི་ཐད་ཧུར་ཐག་གིས་བསྲེས་པ་དང་། ན་གོར་མོ་དང་གཏེར་ལེན་ཁ། ཡུས་ཧྲུའུ་སོགས་ཁྱབ་ཁོངས་རང་བཞིན་གྱི་གྲོང་ཁྱེར་ཇེ་ཆེར་གཏོང་བ་དང་། རྫོང་གཏོར་ནས་གྲོང་ཁྱེར་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། “ལྗང་མདོག་གྲོང་ཁྱེར”དང“རིག་སྟོབས་གྲོང་ཁྱེར།” “མི་ཚུལ་གྲོང་ཁྱེར”འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་བ་ཧུར་ཐག་གིས་གསོ་སྐྱོང་བྱེད་པ་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པར་བསྟུད་མར་སྐུལ་འདེད་བཏང་ཐོག སྔར་ལས་སྒོ་འབྱེད་པ་དང་སྔར་ལས་གསོན་ཤུགས་ལྡན་པའི་མཁར་གྲོང་ཅན་གསར་པའི་རྣམ་པ་བསྐྲུན་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བཞི) ཕྱི་རུ་སྒོ་འབྱེད་ཚད་རྒྱ་བསྐྱེད་དགོས། ཉོ་ཚོང་ནི་འཕེལ་རྒྱས་ཀྱི་སྒུལ་བྱེད་གལ་ཆེན་ཡིན། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་ནས་ཕ་ཁི་སི་ཐན་བར་དང་། བྷང་ག་ལ་ནས་ཀྲུང་གོ་དང་ཧིན་རྡུ་དང་འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་ར་གཉིས་མྱུར་དུ་མཉམ་འདྲེས་ཡོང་བ་བྱས་ཏེ། མཚོ་སྔོན་ནུབ་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་བགྲོད་ལམ་དང་ཚོང་དོན་ཟོང་རྒྱུག་ལྟེ་གནས། ཐོན་ལས་གཙོ་བོ། སྤྱི་ཚོགས་རིག་གནས་སྣང་ཚུལ་སྤེལ་རེས་བྱེད་པའི་རྟེན་གཞི་བཅས་སུ་བསྐྲུན་དགོས། “མཉམ་དུ་སྲུང་སྐྱོབ་ཆེན་མོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ”ཡི་བླང་བྱ་དངོས་འབེབས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་ཧུར་བརྩོན་གྱིས་འཇུག་པ་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མཉམ་ལས་ནང་རྐྱེན་འཛུགས་པར་སྐུལ་འདེད་བཏང་ནས། གོ་སྐབས་དམ་འཛིན་དང་རང་རྟོགས་སྒོས་འབྲེལ་མཐུད་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ལ་ཁྱོན་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་ཡངས་པོ་ནས་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས། གཅིག་གྱུར་མཐུན་སྦྱོར་དང་དངོས་གཉེར་ཕན་མཐོ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཡུན་ཕན་ནང་རྐྱེན་ཆགས་སུ་འཇུག་དགོས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འབྲེལ་མཐུད་སྒྲོག་བུའི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་སྒོས་རོགས་སྐྱོར་བྱེད་ཚད“རིམ་པ་ཇེ་མཐོ་དང་ནུས་ཤུགས་ཇེ་ཆེར”གཏོང་བར་སྐུལ་འདེད་གཏོང་དགོས། མཚོ་འགྲམ་དང་མཚོ་རྒྱུད་ས་ཁུལ་གྱི་སྒོ་ཁྲལ་གཞི་གཅིག་ཅན་གྱི་མཉམ་འབྲེལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རང་དབང་ཉོ་ཚོང་འཛུགས་སྐྲུན་བྱེད་པའི་ནང་དུ་ཧུར་བརྩོན་གྱིས་ཞུགས་ནས། མཁའ་ལམ་དང་སྐམ་ལམ་འགག་སྒོ་དང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། མཐའ་འཁོར་ཞིང་ཆེན་དང་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་རིམ་པ་སྤར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(ལྔ) ཚན་རྩལ་གསར་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ཚན་རྩལ་གསར་སྐྲུན་མ་ལག་མྱུར་དུ་འཛུགས་པ་དང་། ཁེ་ལས་ཕྱི་ནང་གི་གསར་སྐྲུན་ཐོན་ཁུངས་ཧྲག་སྡེབ་བྱེད་པ། ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་སོགས་ཀྱིས་གསར་སྐྲུན་ནུས་པ་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱེད་པ། རིགས་སོ་སོའི་ཚན་རྩལ་གསར་སྐྲུན་སྟེགས་བུ་དང་རྟེན་གཞི། ཡུག་འབྲེལ་ཐོན་ལས་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཐུན་སྦྱོར་གསར་སྐྲུན་གྱི་བྱ་བའི་རྣམ་པ་ཆགས་སུ་འཇུག་དགོས། གཙོ་གནད་ཐོན་ལས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གནད་ཚན་རྩལ་གསར་སྐྲུན་ལས་གྲྭ་དང་ཚན་རྩལ་འགུལ་སྐྱོད་ལག་བསྟར་བྱེད་པ། ཚྭ་མཚོའི་ཐོན་ཁུངས་དང་ཉི་འོད་ནུས་པ། ལི་གློག་ཚགས། མཉམ་འདུས་རྒྱུ་ཆ། གསར་བྱུང་བདར་གཟུགས་རྒྱུ་ཆ། ཁྱད་ལྡན་སྐྱེ་དངོས་སོགས་ཡུག་འབྲེལ་གསར་སྐྲུན་འཛུགས་སྐྲུན་བྱས་ཏེ། ལག་རྩལ་སྐོར་ཞིག་གི་འགག་སྒོ་གཏོར་ཏེ་ཐོན་རྫས་དང་ཆས་རྟགས། ཐོན་ལས་གསར་སྐྲུན་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་པར་སྐུལ་འདེད་བཏང་ནས། ཁྱད་ལྡན་ཁྱབ་ཁོངས་སུ་རྒྱལ་ཁབ་ཕྱི་ནང་དུ་ལེགས་ཆ་ལྡན་པའི་གསར་སྐྲུན་མཐོ་ས་ཆགས་སུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(དྲུག) རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། རྨང་གཞིའི་སྒྲིག་བཀོད་ནི་འཕེལ་རྒྱས་ཀྱི་འདེགས་རྟེན་གཙོ་བོ་ཡིན། མི་འདང་ས་ཁ་གསབ་དང་རྟིང་ཤུགས་ཇེ་དྲག མཐུན་སྦྱོར་ལ་སྐུལ་འདེད། ཆུ་ཚད་ཇེ་མཐོ་བཅས་སུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་མུ་མཐུད་དུ་ཇུས་འགོད་དང་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱི་འཆར་འགོད་དང་མཐུད་འབྲེལ་ཡོང་བར་སྐུལ་འདེད་ཧུར་ཐག་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱིའི་འཆར་འགོད་ནང་འགོད་པ། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མྱུར་དུ་བཙུགས་ནས། ཟི་ལིང་དང་ན་གོར་མོ་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གནད་ས་གཉིས་འཛུགས་སྐྲུན་བྱེད་དགོས། ན་གོར་མོ་ནས་ཏུན་ཧོང་བར་དང་ན་གོར་མོ་ནས་ཁུའུ་ཨེར་ལེ་བར་གྱི་ལྕགས་ལམ་བསྐྲུན་ནས་འགྲུབ་པར་བྱེད་པ་དང་། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཤར་རྒྱུད་ཡུག་འབྲེལ་གྲོང་ཚོགས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་གཞི་སྐྲུན་པར་སྐུལ་འདེད་བཏང་ནས། ཕན་ཚུན་འབྲེལ་ཞིང་མཐུད་པའི་འགྲིམ་འགྲུལ་དྲ་བ་འཐུས་ཚང་དུ་གཏོང་དགོས། ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱས་སྐྲུན་དང་། ཆི་ལེན་གནམ་གྲུ་ཐང་དང་མཚོ་སྔོན་པོའི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། “གཙོ་གཅིག་ཕལ་བརྒྱད”ཀྱི་དམངས་སྤྱོད་གནམ་གྲུ་ཐང་གི་འཁོར་སྐྱོད་རྣམ་པ་ཆགས་སུ་འཇུག་དགོས། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ཞིང་ཆེན་ནང་ཁུལ་གྱི་ལམ་ཐག་གཙོ་བོ་ཕལ་ཆེར་བསྐྲུན་པ་དང་། མཐའ་འཁོར་ཞིང་ལྗོངས་བཞི་ལ་སྐྱོད་པའི་ཞིང་ཆེན་རིམ་པའི་བགྲོད་ལམ་མཐུད་པ། ཞིན་ཅང་དང་མཚོ་སྔོན་དང་སི་ཁྲོན་བར་གྱི་བགྲོད་ལམ་ཆེན་མོ་བསྐྲུན་ནས་འགྲུབ་ཏུ་འཇུག་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་ཞིང་སྡེའི་གཞུང་ལམ་རིམ་སྤར་བསྒྱུར་བཀོད་བྱེད་པའི་ཚད་ཇེ་ཆེར་གཏོང་བ་དང་། ཟི་ལིང་ནས་གཙོ་གནད་རྫོང(གྲོང་ཁྱེར་དང་ཆུས)བར་མྱུར་བགྲོད་གཞུང་ལམ་ཡོད་པ། ཞང་དང་གྲོང་རྡལ་དང་གཞན་ད་རུང་སྲིད་འཛིན་སྡེ་བ་ཡོངས་རྫོགས་ལ་རླངས་འཁོར་དང་སྦྲག་སྲིད་ཤར་བགྲོད་ཡོང་བ་བཅས་བྱེད་དགོས། ལས་གྲྭའི་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་ལོག་འགོག་པ། ཆུ་གསོག་འགག་འཕྲང་གི་ཆུ་བེད་ལྟེ་གནས་སོགས་ཀྱི་གཙོ་གནད་ལས་གྲྭ་ལ་སྐུལ་འདེད་བཏང་ནས། དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལེགས་འཛིན་དང་། ཆུའི་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་དགོས། དམིགས་བསལ་མཐོ་གནོན་གློག་སྐུད་སྐྱེལ་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རེས་གསར་པའི་ཞིང་ལས་དྲ་བ་རིམ་སྤར་དང་བསྒྱུར་བཀོད་བྱེད་པའི་ཚད་ཇེ་ཆེར་བཏང་ནས། རྒྱལ་ཁབ་ཀྱི་གློག་དྲ་རྫོང་དང་ཞང་། གྲོང་རྡལ་བཅས་ལ་བརྟན་བརླིང་ངང་ཁེབས་པ་མངོན་འགྱུར་བྱེད་དགོས། “དྲ་ཡངས་མཚོ་སྔོན”འཛུགས་སྐྲུན་བྱེད་པ་དང་། མཁར་གྲོང་མང་ཆེ་ཤས་ལ་འོད་དྲས་ཁེབས་པ་མངོན་འགྱུར་འབྱུང་བ། སྲིད་འཛིན་གྲོང་རྡལ་དུ་འོད་སྐུད་ཕལ་ཆེར་ཁྱབ་པ་མངོན་འགྱུར་བྱེད་དགོས། ཤར་རྒྱུད་ཀྱི་དྲ་ཡངས་སྐུད་མེད་ཡུག་འབྲེལ་གྲོང་ཚོགས་བསྐྲུན་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དེ་དབུལ་ཕོངས་ས་ཁུལ་དང་རྣམ་པ་གསར་པའི་མཁར་གྲོང་ཆུང་རིགས། ཐོན་ལས་གཅིག་བསྡུས་ཁུལ་བཅས་སུ་ཁ་ཕྱོགས་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བདུན) ཡུལ་སྐོར་ཐོན་ལས་ཇེ་ཆེ་ཇེ་རྒྱས་སུ་གཏོང་དགོས། རང་ཞིང་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཡུལ་སྐོར་གྱི་མདུན་ལྗོངས་རྒྱ་ཆེ་ལ་ཡིབ་ཤུགས་ཆེན་པོ་ལྡན། ཡུལ་སྐོར་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པར་དམིགས་པ་དང་ཁྱབ་ཁོངས་ཡོངས་དང་དུས་ཚིགས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ཏེ། “དྭངས་ཤིང་གཙང་བའི་རི་ཀླུང་ཆུ་གསུམ”དང“ཁྱིམ་གཞིས་མཛེས་བསྒྱུར”བྱེད་པའི་ཆེད་དམིགས་བྱེད་སྒོ་སྤེལ་བ་དང་། ཞིང་ཕྱུགས་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦག་བཙོག་འགོག་བཅོས་བྱེད་ཚད་ཇེ་ཆེར་གཏོང་བ། གཅིག་གྱུར་སྒོས་རོང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་དང་། ཆུ་བོའི་གཙང་བཅོས་དང་སྤྱོད་ཁང་བཅོས་བསྒྱུར། བཙོག་ཆུ་དང་གད་སྙིགས་ཐག་གཅོད་བཅས་བྱས་ཏེ། མཛེས་པའི་ཡུལ་གྲོང་སྐོར་ཞིག་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཙང་བསྒྱུར་དང་མཛེས་བསྒྱུར། སྒྲིག་ལམ་ཅན་དུ་གཏོང་བ་བཅས་ཀྱི་ཚད་ཇེ་མཐོར་བཏང་ནས། མང་ཚོགས་ལ་སྔར་ལས་གཙང་བའི་མཁའ་དབུགས་འབྱིན་རྔུབ་དང་སྔར་ལས་གཙང་བའི་ཆུ་འཐུང་དུ་འཇུག་པ། སྔར་ལས་བདེ་འཇགས་ཡིན་པའི་ཟས་རིགས་ཟ་རུ་འཇུག་པ་བཅས་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

“སྐོར་བ་གཅིག་དང་ལམ་ཐིག་གསུམ་ཁྱམས་ར་གསུམ་ཡུལ་གྲུ་གསུམ”གྱི་ཡུལ་སྐོར་འཕེལ་རྒྱས་རྣམ་པ་འཛུགས་དགོས། དོ་དམ་སྒྲིག་སྲོལ་སྔར་ལས་ལེགས་སྒྲིག་དང་། ཡུལ་སྐོར་ཚོགས་པ་ཆེ་རིགས་མྱུར་དུ་ནང་འདྲེན། ཡུལ་སྐོར་ཐོན་ཁུངས་ཚོང་ར་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་ཚོང་ར་ཕྱོགས་ཡོངས་ནས་སྒོ་འབྱེད་དགོས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱེད་པ་དང་། ཡུལ་སྐོར་ཕྱི་འབྲེལ་བགྲོད་ལམ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཡུལ་སྐོར་དགོས་མཁོར་འགན་སྲུང་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། ཡུལ་སྐོར་ཐོན་རྫས་འདོན་སྤྲོད་བྱེད་ཚད་ཇེ་མང་བཅས་སུ་བཏང་ནས། ཡུལ་སྐོར་འཛད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་དགོས། “རིག་སྟོབས་ཡུལ་སྐོར”མྱུར་དུ་འཛུགས་སྐྲུན་དང་། “ཡུལ་སྐོར+”འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་དང་ཡུལ་སྐོར་ལས་རིགས་རིགས་བསྒྱུར་རིམ་སྤར་བྱེད་པའི་འབྲེལ་གནས་བཙལ་བ་དང་། གཙོ་གནད་ལྗོངས་ཁུལ་གྱི་སྤུས་ཀ་དང་རིམ་པ་ཇེ་མཐོར་བཏང་ནས། ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་བཅུ་དང་སྐྱེ་ཁམས་ཁྱད་ལྡན་ཡུལ་སྐོར་རྫོང་བཅུ་འཛུགས་སྐྲུན་བྱེད་པའི་འཆར་གཞི་འགོད་དགོས། མཚོ་སྔོན་པོ་དང་ཨ་ཆེན་གངས་རྒྱབ། ཁུ་ནུ་རི་བོ། མདོ་ལ་རིང་མོ་སོགས་ཀྱི་རིག་གནས་ཡུལ་སྐོར་ཆས་རྟགས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་དང་རབ་མཛེས་མཚོ་སྔོན། ཀྲུང་གོའི་དབྱར་བསིལ་གྲོང་ཁྱེར་སོགས་ཆས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ཀྲུང་གོ་རྡུལ་ཕྲན་གྲོང་ཁྱེར་ཚད་གཞི་མཐོན་པོའི་སྒོ་ནས་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བྱེད་ས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཡུལ་སྐོར་བྱེད་ས། དར་གོས་གནའ་ལམ་གྱི་འཐབ་ཇུས་རྟེན་སའི་རྫོགས་ལྡན་ཡུལ་སྐོར་བྱེད་ས་གསར་པ་བཅས་མྱུར་དུ་འཛུགས་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

རྟ་བརྒྱ་གོམ་ཁ་མཉམ་གཤིབ་བྱེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་ཁ་གཏད་དེ། ང་ཚོས་ངེས་པར་“བརྟན་འཇགས”ཀྱི་འགན་འཁྲིའི་འདུ་ཤེས་དང“ཡར་རྒྱས”ཀྱི་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་བརྩོན་ལེན་དང་འབད་བརྩོན་འཇོན་ལྡན་སྒོས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

བཞི། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས། གཙང་ཆུ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་ཡིན། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དེ་ཁ་ཕྱོགས་གཙོ་བོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་སྣེ་ཁྲིད་དེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེ་གཙོ་གནད་དུ་འཛིན་པ་དང་། སྐྱེ་ཁམས་བྱེད་ནུས་ཇེ་མཐོ་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་ནུས་ཕྱོད་ཇེ་མཐོ། ཁོར་ཡུག་བཅོས་སྐྱོང་བྱེད་པའི་སྤུས་ཚད་ཇེ་མཐོ། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱེད་ཚད་ཇེ་མགྱོགས། སྐྱེ་ཁམས་ལམ་ལུགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱེད་སྒོ་ཆེན་མོ་ལྔ་ཐེག་བྱད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་བརྩོན་གྱིས་གདོད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཅིག) སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་འཛུགས་དགོས། སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་གལ་ཆེ་ཞིང་ཆེས་བསྟུད་མར་གྱི་ཆས་རྟགས་ཡིན། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཡོངས་ལ་འདྲེས་སུ་འཇུག་དགོས་པ་དང་། འཆར་འགོད་སྒྲིག་གཞི་དང་ལས་གཞིར་ཆོག་མཆན་འགོད་པ། ལས་གྲྭ་འཛུགས་སྐྲུན། མི་དམངས་ཀྱི་འཚོ་བ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་བཅས་ཀྱི་ཕྱོགས་སོ་སོ་ནས་མཚོན་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་མཚོན་རྟགས་མངོན་གསལ་དོད་པོར་འགྱུར་དུ་འཇུག་དགོས། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞིང་ཆེན་གནས་ཚུལ་དང་ལྗང་མདོག་གི་རིན་ཐང་ལྟ་བའི་སློབ་གསོ་ཁྱོན་ཡོངས་ནས་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་ལས་བྱེད་པ་དང་ལས་བཟོ་པའི་གསོ་སྦྱོང་། རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བཅས་ཀྱི་མ་ལག་ནང་འཇོག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། “ལྗང་མདོག་ཕྲ་ཕུང་ལས་གྲྭ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་ཀུན་སྤྱོད་ཧུར་བརྩོན་གྱིས་སྐྱེད་སྲིང་བྱེད་དགོས། ལྗང་མདོག་ཕྱི་སྐྱོད་དང་ལྗང་མདོག་འཛད་སྤྱོད་བྱེད་པར་སྐུལ་མ་གཏོང་བ་དང་། དཔལ་ཡོན་དང་བདེ་ཐང་གི་འཚོ་བ་རོལ་སྟངས་དར་སྤེལ་དུ་བཏང་ནས། ཐཱན་ཉུང་དེ་ཐོན་སྐྱེད་འཚོ་བའི་ཁྲོད་དུ་འདྲེ་རུ་འཇུག་པ་དང་། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བདག་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཉིས) སྐྱེ་ཁམས་བྱེད་ནུས་ཇེ་མཐོར་གཏོང་བའི་བྱེད་སྒོ་སྤེལ་དགོས། སྐྱེ་ཁམས་ནི་མིའི་རིགས་ཀྱིས་རྒྱུན་པར་ལོངས་སྤྱོད་པའི་བདེ་སྐྱིད་ཡིན། སྲུང་སྐྱོབ་དམིགས་སུ་འཛིན་པ་དང་རང་བྱུང་སླར་གསོ་གཙོ་རུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་མདོ་ལ་རིང་མོའི་ཆུ་ཁུངས་གསོ་སྐྱོང་ཁུལ། མཚོ་སྔོན་པོའི་མཐའ་འཁོར། རྨ་ཙོང་ས་ཁུལ། ཚྭ་འདམ་གཞོང་ཁུལ་བཅས་ཀྱི“སྐྱེ་ཁམས་ཡུལ་གྲུ་ཆེན་པོ་ལྔ”རུ་སྐྱེ་ཁམས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་། གཅིག་གྱུར་སྒོས་རི་ཆུ་ནགས་ཞིང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་མ་ལག་གི་བྱེད་ནུས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། མདོ་ལ་རིང་མོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་ཁབ་སྤྱི་གླིང་དུ་རིམ་པ་འཕར་བར་སྐུལ་སྤེལ་བྱེད་པ་དང་། ལྟེ་གནས་ཁུལ་དང་ཞི་ལྷོད་ཁུལ། ཚོད་ལྟ་ཁུལ་བཅས་ཀྱི་ཕྱོགས་བསྡུས་བྱེད་ནུས་གཅིག་གྱུར་མཐོར་འདེགས་བྱེད་པ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཡོངས་རང་བཞིན་དང་ཆ་ཚང་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཕ་ཚ་བུ་རྒྱུད་རྣམས་ལ་སྐྱེ་ཁམས་ཀྱི་རྒྱུ་ནོར་གྱ་ནོམ་པ་ཞིག་འཇོག་དགོས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྩྭ་བསྟུན་ཕྱུགས་སྐྱོང་དང་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པ། རྩྭ་ཁ་རེས་སྐོར་བྱེད་པ་བཅས་ལག་བསྟར་གཟབ་ནན་བྱེད་པ། “མི་གྲངས་ཇེ་ཉུང་དང་ཕྱུགས་ཟོག་ཇེ་ཉུང”དུ་གཏོང་བར་སྐུལ་འདེད་གཏོང་བ། ས་ནག་ཐང་བཅོས་སྐྱོང་བྱེད་པའི་ཆེད་དམིགས་འཆར་གཞི་ལག་བསྟར་བྱེད་པ་བཅས་བྱས་ཏེ། རྩྭ་ཐང་ལ་ནམ་ཡང་སྐྱེ་ཁམས་ཀྱི་གསོན་ཤུགས་རྒྱས་སུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གསུམ) ཐོན་ཁུངས་གྲོན་ཆུང་དང་ནུས་ཕྱོད་ཇེ་མཐོར་གཏོང་བའི་བྱེད་སྒོ་སྤེལ་དགོས། ཐོན་ཁུངས་གྲོན་ཆུང་བྱེད་པ་ནི་ཁོར་ཡུག་ལ་ཆེས་ལེགས་པའི་སྲུང་སྐྱོབ་བྱེད་པ་ཡིན། ཐོན་ཁུངས་ཁོར་ཡུག་ལ་དོ་དམ་རང་གཅུན་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཐོན་ཁུངས་ཟད་གྲོན་གྱི་མ་ཐིག་དང་ཁོར་ཡུག་སྤུས་ཀའི་ཚད་མཐའ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་བཅས་ནན་སྲུང་བྱས་ཏེ། བྱ་འགུལ་སྣ་ཚོགས་ཀྱི་སྤེལ་ཚད་དེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ཚད་ནུས་པའི་ནང་དུ་ཚོད་འཛིན་བྱེད་དགོས། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་ལྡོག་ཕྱོགས་ཐོན་ལས་རྩིས་ཐོ་བཏོན་ནས། ཐོན་ཁུངས་ཟད་གྲོན་གྱི་ཚད་ཚད་མཐོན་པོའི་སྒོ་ནས་ཇེ་དམའ་རུ་གཏོང་བ་དང་། བུ་ལོན་གསར་པ་མི་ལེན་པ་དང་བུ་ལོན་རྙིང་པ་གཙང་འཇལ་བྱེད་དགོས། གཏེར་རྫས་ཐོན་ཁུངས་ལ་རྩད་དཔྱོད་དང་སྲུང་སྐྱོབ། ལུགས་མཐུན་གསར་སྤེལ་བཅས་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་ལྗང་མདོག་གཏེར་རི་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་དགོས། ནུས་ཁུངས་གཙང་མའི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཚད་ཇེ་མགྱོགས་དང་། བདེ་འཇགས་དང་སྤུས་ལེགས། བརྟན་བརླིང་བཅས་ཀྱི་ནུས་ཁུངས་གཙང་མ་འདོན་སྤྲོད་བྱེད་པའི་མ་ལག་བཙུགས་ནས། 2020ལོའི་བར། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྒྲོམ་གཞི་དང་འཕེལ་རྒྱས་ནང་རྐྱེན་ཕལ་ཆེར་ཆགས་སུ་འཇུག་པ་དང་། 2025ལོར་བསླེབ་དུས། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་ཐོག་མ་ཁྱོན་ཡོངས་ནས་འགྲུབ་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བཞི) ཁོར་ཡུག་བཅོས་སྐྱོང་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱེད་སྒོ་སྤེལ་དགོས། ཁོར་ཡུག་བཅོས་སྐྱོང་བྱེད་ན་མ་ལག་གི་སྟེང་དུ་ཤུགས་འདོན་དགོས། ཤར་རྒྱུད་ཀྱི་གྲོང་ཁྱེར་ཚོམ་གཙོ་གནད་དུ་བཟུང་ནས། རླུང་ཁམས་ཆེན་མོ་དང་ཆུ། ས་གཤིན་བཅས་ཀྱི་སྦག་བཙོག་འགོག་བཅོས་བྱེད་པའི་འཆར་གཞི་གཏིང་ཟབ་ཏུ་སྤེལ་བ་དང་། གཙོ་གནད་ས་ཁོངས་ཀྱི་ཁོར་ཡུག་སྦག་བཙོག་མཉམ་འགོག་མཉམ་འཛིན་བྱེད་པའི་ནང་རྐྱེན་འཐུས་ཚང་དང་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་ཙོང་ཆུའི་མགོ་བདག་ལམ་ལུགས་ལག་བསྟར་བྱེད་དགོས། རྫོང་མཁར་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གནོད་མེད་གཙང་སེལ་བྱེད་པ་ཡོངས་སུ་ཁེབས་པར་བྱས་ཏེ། ནུས་པ་ལྡན་པའི་སྒོ་ནས་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་དམ་པོར་སྲུང་དགོས། མུ་རི་གཏེར་ཁུལ་ཕྱོགས་བསྡུས་ལེགས་སྒྲིག་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་སྐོར་ཞིབ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། དཔེ་མཚོན་གནད་དོན་གསལ་རྗེན་དུ་འདོན་ཚད་ཇེ་ཆེར་བཏང་ནས་འགན་འཁྲི་རྩད་གཅོད་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། Q16ཀྲུང་གོ་བོད་ཀྱི་དྲ་བ།

(ལྔ) རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་བྱེད་སྒོ་སྤེལ་དགོས། རི་བོ་སྔོ་ཞིང་ཆུ་བོ་དྭངས་དགོས་ན་རྒྱལ་ཁོངས་ལྗང་སྒྱུར་བྱེད་པ་ནས་འཛིན་དགོས། སྐལ་བཟང་གི་སྙིང་སྟོབས་དར་སྤེལ་དུ་བཏང་ནས། གཞི་ཁྱོན་ཆེན་པོའི་སྒོ་ནས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱེད་པ་དང་། ལོ་རེ་ནས་ལོ་རེར་འཛིན་པ་དང་། མཚོ་སྔོན་གྱི་ཡུལ་གྲུ་སོ་སོ་སྔོ་ལྗང་ལྗང་དུ་གཏོང་དགོས། རྨོ་བསྐྱུར་ནགས་རྩྭ་སྐྱོང་དང་རང་བྱུང་ནགས་ལ་སྲུང་སྐྱོབ་བྱེད་པ། “བྱང་གསུམ”འགོག་སྲུང་ནགས་ཚལ། བྱེ་འགོག་བྱེ་བཅོས། གཙོ་གནད་སྤྱི་ཕན་ནགས་ཚལ་དང་རྨ་ཙོང་ཆུ་བོའི་འགྲམ་རྒྱུད་ཀྱི་ལྷོ་བྱང་རི་བོར་ནགས་སྐྲུན་ལྗང་སྒྱུར་བྱེད་པ་སོགས་ཀྱི་ཆེད་དམིགས་ལས་གྲྭ་ལག་བསྟར་བྱས་ཏེ། ལོ་རེར་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི400ཡས་མས་ཀྱི་འགན་ཁུར་ལེགས་འགྲུབ་བྱེད་དགོས། ལྗང་སྒྱུར་དེ་གྲོང་ཁྱེར་འཛུགས་སྐྲུན་ནང་འདྲེ་རུ་བཅུག་ནས། གྲོང་ཁྱེར་ལྗང་སྒྱུར་དང་གདོད་མའི་སྐྱེ་ཁམས་སླར་གསོ་བྱེད་དགོས། ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། ནགས་ཚལ་གྲོང་ཁྱེར་དུ་ཡོད་པ་དང་གྲོང་ཁྱེར་ནགས་གསེང་དུ་ཡོད་པར་བྱེད་དགོས། ནགས་སྐྲུན་བྱེད་སྟངས་གསར་སྐྲུན་དང་། སྣ་མང་ཅན་གྱི་དངུལ་གཏོང་ནང་རྐྱེན་བཙུགས་ནས། ནགས་ར་དང་ཁེ་ལས། སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་ཀྱི་སྡོང་འཛུགས་སྡོང་སྲུང་སྡོང་གཅེས་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། “མཐའ་བཞི”ལྗང་སྒྱུར་བྱེད་ཚད་དངོས་གནས་ཇེ་མགྱོགས་སུ་གཏོང་བ་དང་། མུ་མཐུད་དུ་སྡོང་གྲངས་ཇེ་མང་དང་སྤུས་ཀ་ཇེ་ལེགས་སུ་བཏང་ནས། རིགས་སོ་སོའི་མང་ཚོགས་དངོས་སུ་དེའི་ནང་དུ་ཞུགས་པའི་གོ་རིམ་ཁྲོད། སྡོང་གྲངས་ལོ་རེ་ལས་ལོ་རེར་ཇེ་མང་དང་ཁོར་ཡུག་ལོ་རེ་ལས་ལོ་རེར་ཇེ་ལེགས་སུ་འགྲོ་བཞིན་པ་ཉམས་སུ་མྱོང་དུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(དྲུག) སྐྱེ་ཁམས་ལམ་ལུགས་འཛུགས་པའི་བྱེད་སྒོ་སྤེལ་དགོས། ལམ་ལུགས་འཛུགས་སྐྲུན་ནི་རྩ་བའི་འཛུགས་སྐྲུན་ཡིན། མགོ་ཁུངས་ཚོད་འཛིན་ནན་མོ་དང་། གོ་རིམ་དོ་དམ་ནན་མོ། མཇུག་འབྲས་ལ་ཆད་གཅོད་ནན་མོ་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་དབང་གསལ་པོ་དང་སྣ་མང་ཞུགས་པ། སྐུལ་མ་དང་འཆིང་གཅུན་མཉམ་འཛིན་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཛུགས་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་བྱེད་པའི་རྣམ་པ་ལེགས་སྒྱུར་དང་། ཁག་བགོས་ཁྲིད་སྟོན་བྱེད་པའི་ཁྱབ་ཁོངས་སྲིད་ཇུས་ལག་བསྟར། བྱེད་ནུས་ཁུལ་གཙོ་བོའི་ལམ་ལུགས་དང་མཐུན་པའི་ནོར་སྲིད་དང་ཐོན་ལས། དངུལ་གཏོང་། མི་འབོར་འཁོར་སྐྱོད། འཛུགས་སྐྲུན་སྤྱོད་ཡུལ། ཐོན་ཁུངས་གསར་སྤེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ། དངུལ་གཏོང་ལས་གཞིའི་བཀོད་པ་དང་ཡུག་སྦྲེལ་ཞིབ་མཆན་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱོད་སྒོ་དོ་དམ་བྱེད་ཚད་རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་ཡོངས་ལ་རྒྱ་བསྐྱེད་དགོས། རྒྱལ་ཁབ་ཀྱི་རྩེ་གྲས་ཇུས་འགོད་ཀྱི་གཙོ་ཁྲིད་འོག སྐྱེ་ཁམས་གཏོར་བརླག་མཁན་གྱིས་སྐྱིན་ཚབ་འཇལ་བ་དང་ཁེ་ཕན་ཐོབ་མཁན་གྱིས་མ་དངུལ་གཏོང་བ། སྲུང་སྐྱོབ་མཁན་ལ་ཁ་གསབ་ཐོབ་པའི་ནུས་ལྡན་སྒྲིག་སྲོལ་མགྱོགས་མྱུར་ངང་ཆགས་སུ་བཅུག་སྟེ། ལམ་ལུགས་ཇུས་འགོད་བྱས་པ་བརྒྱུད་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འབབ་རྒྱུད་ཆུ་ཁུངས་ཀྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་འཛུགས་པར་སྐུལ་འདེད་གཏོང་བ། ཐཱན་འབུད་དབང་ཆ་དང་བཙོག་རིགས་འབུད་དབང་། ཆུ་བཀོལ་དབང་སོགས་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚོང་རའི་གཙོ་བདག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱེད་དགོས། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་ནོར་རེ་ཞུ་བྱེད་པའི་བྱ་བ་མགྱོགས་མྱུར་ངང་བསྒྲུབ་དགོས། ཆེས་གཟབ་ནན་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འགན་འཁྲི་རྩད་གཅོད་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གདེང་འཇོག་འབུར་དུ་ཐོན་པའི་ཁྱབ་ཁོངས་ཡོངས་ཀྱི་ཞབས་ཞུ་མ་ལག་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་ཁོར་སྲུང་བྱ་བར་བྱ་དགའ་ཆེན་པོ་དང་ཆད་པ་ལྗིད་མོ་གཅོད་པ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་འགན་འཁྲི་ཚེ་གང་པོར་རྩད་གཅོད་པར་སྐུལ་འདེད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བདུན) གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་ཏང་ཀྲུང་དབྱང་གིས་ང་ཚོ་ལ་བསྩལ་པའི་ལས་འགན་ལྗིད་མོ་ཡིན། འཆར་འགོད་ཀྱིས་སྣེ་ཁྲིད་དང་ཁྲིམས་ལྟར་གླིང་ཁུལ་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དཔེ་སྟོན་ཁུལ་དང་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་མཚོན་དུ་བསྐྲུན་དགོས། ཆུའི་ཐོན་ཁུངས་བསྐྱིལ་གསོག་དང་སྲུང་སྐྱོབ་བྱེད་པ་དེ་ནམ་ཡང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས། “སྤྱི་ཡོངས་སླར་གསོ་དང་ཁྱོན་ཡོངས་ལེགས་བསྒྱུར། སྐྱེ་ཁམས་བདེ་འཇགས། བྱེད་ནུས་བརྟན་བརླིང”བཅས་ཡིན་པའི་སྐྱེ་ཁམས་སླར་གསོ་དམིགས་འབེན་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་དོ་དམ་དང་རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་གཉིས་གཅིག་གྱུར་གྱིས་ལག་ལེན་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཐེབས་རྩ་བཙུགས་ནས། ནོར་སྲིད་དངུལ་གཏོང་གཙོ་བོ་ཡིན་པ་དང་སྤྱི་ཚོགས་ཧུར་བརྩོན་གྱིས་ཞུགས་པའི་མ་དངུལ་བསྡུ་སྒྲིག་འགན་སྲུང་ནང་རྐྱེན་འཛུགས་དགོས། འབྲོག་པ་མང་ཚོགས་དང་སྤྱི་ཚོགས་མང་ཚོགས་དམིགས་བསལ་བདག་གཉེར་དུ་ཞུགས་པའི་ལམ་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང“ཁྱིམ་ཚང་རེར་ལས་རྐང་རེ”ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། སྣང་བརྙན་མཚོན་རྟགས་དང་གློག་བརྙན་བརྙན་འཕྲིན་གྱི་བརྩམས་ཆོས། རིག་གནས་གསར་གཏོད་ཐོན་རྫས། དྲ་བའི་རྒྱལ་ཁབ་སྤྱི་གླིང་སོགས་ཐེག་བྱད་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དྲིལ་སྒྲོག་ཇུས་འགོད་འོས་སྦྱོར་བྱེད་པར་ཤུགས་བསྣན་ཏེ། མང་ཚོགས་ཀྱིས་རང་འགུལ་སྒོས་སྲུང་སྐྱོབ་དང་སྤྱི་ཚོགས་རྒྱ་ཁྱབ་སྒོས་དེའི་ནང་དུ་ཞུགས་པ། ཕྱོགས་ཡོངས་ཀྱིས་ཧུར་བརྩོན་སྒོས་མ་དངུལ་གཏོང་བའི་སྣང་ཚུལ་བཟང་པོ་ཆགས་སུ་འཇུག་དགོས། འབད་བརྩོན་ལྷོད་མེད་སྒོས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པ་བརྒྱུད་དེ། མི་རྣམས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་དང་བརྗིད་ཉམས་ཉམས་སུ་མྱོང་དུ་འཇུག་པ་དང་། གནས་དེ་ནི་གཙང་པོ་དང་མཚེའུ་རྒྱུད་ཀྱི་འཛད་མེད་མགོ་ཁུངས་དང་། ནགས་ཚལ་དང་རྩྭ་ཐང་གི་གཤིན་ས་ཆེན་མོ། རི་དྭགས་ཀྱི་ཁྱིམ་གཞིས་དྲོན་མོར་བསྒྱུར་ནས། ག་ས་གང་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་མཚར་སྡུག་གི་རི་མོ་ཞིག་མངོན་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་ནི་མཚོ་སྔོན་གྱི་རང་མདངས་དང་ཆེས་མཛེས་པའི་ཁ་དོག་དེ་ཡིན། ང་ཚོས་སྐྱེ་ཁམས་ཡིད་ཆེས་བརྟན་པོ་དང་། སྐྱེ་ཁམས་རང་རྟོགས་ལ་ཤུགས་སྣོན། སྐྱེ་ཁམས་རང་བརྩོན་མངོན་འགྱུར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་དྭངས་གཙང་གི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེས་ཆེན་པོ་འཇོག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་པ། ཏན་ཏན་ཏིག་ཏིག་གིས་དམངས་འཚོར་འགན་སྲུང་དང་ལེགས་སྒྱུར་བྱེད་པ་དང་། སྤྱི་ཚོགས་བདེ་སྐྱོང་ཐད་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་འཚོ་བ་སྐྱིད་པོ་རོལ་ཏུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ན། གཙོ་བོ་མི་དམངས་མང་ཚོགས་ཕྱུག་པོར་བསྒྱུར་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་ལས་འགན་སྲུང་དང་སྔར་ལས་རྩིས་ཐང་ཡོང་བར་བྱེད་དགོས། ང་ཚོས་ངེས་པར་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་པ་དང་། ཤུགས་ཆེན་པོས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཀྱིན་པའི་ཡོང་སྒོ་འཕར་བ་དང་དབུལ་སྐྱོར་དབུལ་ཐར། སྨན་བཅོས་བདེ་ཐང་། སློབ་གསོ་འདྲ་མཉམ། དངོས་རིན་བརྟན་འཇགས་ཚོད་འཛིན་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་ཚད་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱིས། རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མཛེས་སྡུག་དང་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་དགོས་པ་དེ་ཡིན།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཅིག) དབུལ་ཐར་འགག་སྒྲོལ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། དབུལ་སྐྱོར་དང་དབུལ་ཐར་བྱེད་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུག་གི་ཆབ་སྲིད་ཀྱི་ལས་འགན་དང་། ཆེས་མངོན་སུམ་གྱི་དམངས་འཚོའི་དགོས་མཁོ་ཡིན་པས། དམིགས་འབེན་བླང་བྱར་དམ་པོར་སྦྲེལ་བ་དང་གནད་ལ་ཁེལ་བ། ནུས་ཤུགས་གཅིག་སྡུད་དང་དངོས་འཛིན་བྱས་ཏེ། དུས་ལྟར་སྤྱི་ཡོངས་བརྟན་བརླིང་སྒོས་དབུལ་ཐར་འབྱུང་བ་མངོན་འགྱུར་བྱེད་པ་ལས། དབུལ་ཕོངས་ས་ཁུལ་གཅིག་དང་དབུལ་ཕོངས་ཁྱིམ་ཚང་གི་མང་ཚོགས་གཅིག་ཀྱང་ལུས་སུ་འཇུག་མི་རུང་། དབུལ་ཐར་འགག་སྒྲོལ་གྱི་འགན་ཁུར་དངོས་འཇོག་དང་སེམས་ཁམས་སྙོམས་སྒྲིག རྒྱལ་ཁ་མྱུར་དུ་ལེན་པ་སྔོན་འགོག་བྱས་ཏེ་དབུལ་སྐྱོར་གྱི་ལས་འགན་རབ་དང་རིམ་པ་དངོས་ཐོག་དོན་འཁྱོལ་བྱེད་དགོས།དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས“འཐབ་ཁུལ”འགན་ལེན་གྱིས་ལྟ་སྐུལ་བྱེད་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དཔྱད་ཞིབ་དང་དབུལ་ཐར་གྱི་ཕན་འབྲས་ཞིབ་བཤེར་ལ་ཤུགས་སྣོན་པ་བཅས་ཀྱིས་དབུལ་པོ་ངོ་མ་དབུལ་ཕོངས་ལས་ཐར་བ་དང་དངོས་གནས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས། ཤར་ནུབ་གཉིས་ཀྱི་དབུལ་སྐྱོར་མཐུན་འབྲེལ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་ལུགས་ལེགས་པར་སྤྱོད་པ་དང་། “མཉམ་དུ་འབྱོར་འབྲིང་ལ་བསྐྱོད་པ”དང“ཁེ་ལས་མང་པོས་སྡེ་བ་མང་པོར་རོགས་བྱེད་པ་དང་ཁེ་ལས་མང་པོས་སྡེ་བ་མང་པོར་མཉམ་འབྲེལ་བྱེད་པ”སོགས་ཀྱི་གནད་ཁེལ་དབུལ་སྐྱོར་བྱ་འགུལ་ལེགས་པར་སྤེལ་ནས། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོར་གྱི་རྣམ་པ་གསར་བསྒྱུར་དང་རོགས་སྐྱོར་ལ་ཞུགས་ཐབས་རྒྱ་བསྐྱེད་པ། སྤྱི་ཚོགས་ཀྱི་དབུལ་སྐྱོར་ལས་གྲྭ་མགྱོགས་མྱུར་གྱིས་སྤེལ་བ་དང་། སྲིད་གཞུང་དང་ཚོང་ར་དང་སྤྱི་ཚོགས་ཀྱིས་མཐུན་འབྲེལ་སྒོས་སྤེལ་བའི་གནད་ཁེལ་དབུལ་སྐྱོར་གྱི་རྣམ་པ་བསྐྲུན་དགོས། སློབ་གསོའི་དབུལ་ཐར་བྱ་བ་གཙོ་བོར་བཞག་སྟེ། དབུལ་ཕོངས་མི་འབོར་གྱི་སློབ་གསོའི་ཆུ་ཚད་དང་ངལ་རྩོལ་གྱི་རྩལ་ནུས་འཐོར་འདེགས་གཏོང་བ་དང་དབུལ་ཕོངས་ཀྱི་སྣང་ཚུལ་མི་རབས་བར་བརྒྱུད་པ་གཅོད་པ། དབུལ་ཕོངས་དང་ཕུགས་འདུན་དང་ལག་རྩལ་གསུམ་ག་མཉམ་དུ་སྐྱོར་བ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་དབུལ་ཕོངས་ལས་ཐར་བར་བྱེད་པའི་སྒུལ་ཤུགས་སློང་བ་དང་རང་སྟོབས་རང་སྤེལ་གྱི་ནུས་པར་ཤུགས་རྒྱག་དགོས། དབུལ་ཐར་གྱི་རྗེས་མཐུད་འཆར་གཞི་ལག་བསྟར་བྱས་ཏེ་སླར་ཡང་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་ཅི་ཐུབ་བྱེད་པ་དང་དབུལ་ཐར་གྱི་བརྟན་འཇགས་རང་བཞིན་ཇེ་མཐོར་གཏོང་དགོས། མཐའ་འཁོབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གིས་ཐོན་སྐྱེད་གོང་སྤེལ་དང་འཚོ་བ་ལེགས་བཅོས་བྱེད་པར་རོགས་སྐྱོར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་གཉེན་སྒྲིག་བྱས་མེད་པའི་ན་གཞོན་རྣམས་ཀྱི་གནད་དོན་ལ་གཙིགས་མཐོང་གང་ལེགས་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཉིས) སྤྱི་པའི་ཞབས་ཞུའི་མཉམ་སྐྲུན་མཉམ་སྤྱོད་སྤེལ་དགོས། སློབ་གསོ་དམིགས་བསལ་གྱིས་སྤེལ་བའི་བྱེད་སྒོ་སྤེལ་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོའི་དོ་མཉམ་འཕེལ་རྒྱས་མགྱོགས་མྱུར་གྱིས་སྤེལ་བ་དང་། མཐོ་རིམ་སློབ་གྲྭས་རིག་ཚན་གང་ལེགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 2020ལོར་བསླེབ་དུས་ལོ15ཡི་རིང་གི་རིན་མེད་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་དྲང་གཞག་དང་དོ་མཉམ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས། བདེ་ཐང་ལ་ཤུགས་རྒྱག་པའི་བྱེད་སྒོ་ལག་བསྟར་བྱེད་དགོས། “བདེ་ཐང་མཚོ་སྔོན2030”ཡི་བྱ་འགུལ་འཆར་གཞི་བརྟན་འཇགས་ཀྱིས་སྤེལ་ནས། མུ་མཐུད་དུ་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་སྨན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་ནད་ལ་བརྟག་དཀའ་བ་དང་རིན་གོང་མཐོ་བ། ལམ་ཐག་རིང་བ་བཅས་ཀྱི་གནད་དོན་ལེགས་པར་སེལ་ཐབས་བྱེད་དགོས། ས་གནས་ཀྱི་ནད་འགོག་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། 2020ལོའི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་ཚགས་བཤེར་དང་གསོ་བཅོས་བྱ་བ་ཕྱོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་པ་དང་ས་ཁུལ་གཙོ་བོའི་རྒྱུག་ཆེ་བའི་ནད་རིགས་ཀྱི་མགོ་གནོན་པར་བྱེད་དགོས། ཕྱོགས་ཡོངས་ནས་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་ཁྱབ་བརྡལ་བཏང་ནས་རྒན་པ་རྣམས་ལ་ཕྱོགས་ཡོངས་རང་བཞིན་གྱི་བདེ་ཐང་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། འཆར་ལྡན་བུ་སྐྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ་མི་འབོར་དོ་མཉམ་གྱིས་འཕེལ་བར་སྐུལ་འདེད་བྱེད་དགོས། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་བའི་བྱེད་སྒོ་སྤེལ་བ། སྤྱི་ཚོགས་ཉེན་འགོག་འགན་སྲུང་ལམ་ལུགས་གཏིང་ཟབ་སྒོས་བཅོས་བསྒྱུར་དང་། དམངས་ཡོངས་ཉེན་འགོག་ཏུ་ཞུགས་པར་ཐོ་འགོད་འཆར་གཞི་ལག་བསྟར་བྱས་ཏེ། ཁྲིམས་བཀོད་མང་ཚོགས་ཡོངས་སུ་ཁྱབ་པ་དང་། མི་རེ་རེས་སྤྱི་ཚོགས་འགན་སྲུང་ལོངས་སུ་སྤྱོད་པའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་དགོས། གཅིག་གྱུར་འཆར་འགོད་ལ་བརྟེན་ནས་རྒན་གསོ་དང་དྭ་ཕྲུག་སྐྱོང་བ། དམིགས་བསལ་ལྟ་སྐྱོང་སོགས་ཀྱི་སྤྱི་ཚོགས་ཕན་བདེ་ལས་དོན་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་སྐུལ་འདེད་བྱེད་པ་དང་། དགེ་རྩའི་ལས་དོན་སྐྱོན་བྲལ་ངང་འཕེལ་བར་སྐུལ་མ་གཏོང་བ། སྤྱི་ཚོགས་ཀྱི་སྐྱོབ་རོགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཕན་ཁེ་ཐོབ་མཁན་རྒྱ་བསྐྱེད་པ་དང་བྱེད་ནུས་འཐུས་ཚང་དུ་གཏོང་བ་གཙོ་བོར་བཟུང་ནས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཁར་གྲོང་སྡོད་དམངས་ཀྱི་འཚོ་སྡོད་ཆ་རྐྱེན་རྩ་བ་ནས་ལེགས་བཅོས་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལས་དོན་གོང་སྤེལ་དུ་གཏོང་དགོས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་དགོས། ཡར་སྐུལ་གྱི་ནུས་པ་སྔར་ལས་ཆེ་བའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཚོང་རར་བརྟེན་ནས་སྔར་ལས་མང་བའི་ལས་རྐང་བསྐྲུན་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ངལ་རྩོལ་པའི་བྱང་ཚད་ཇེ་མཐོར་བཏང་ནས། ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལས་སྐྲུན་ཐད་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ལས་སྐྲུན་ཞབས་ཞུ་སྟེགས་བུ་བཙུགས་ནས། མང་ཚོགས་ཀྱིས་ལས་སྒོ་གསར་གཉེར་དང་མང་ཚོགས་ཀྱིས་ལས་སྒོ་གསར་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས། སློབ་ཆེན་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་བཅས་ལ་ལས་ཞུགས་ཀྱི་ལྟ་བ་བསྒྱུར་བར་སྣེ་ཁྲིད་དེ། རིགས་སྣ་ཚོགས་ཀྱི་མི་ཚོགས་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྩོལ་ལས་ཆས་རྟགས་སྐྱེད་སྲིང་དང་རྒྱ་བསྐྱེད་དེ། རིགས་སོ་སོའི་མང་ཚོགས་ཐག་ཉེ་ནས་ལས་ཞུགས་དང་གོ་རིམ་ཡོད་པའི་སྒོ་ནས་གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་སྣེ་ཁྲིད་དགོས། ཡོང་སྒོ་གོང་དུ་སྤར་ཐབས་ཀྱི་བྱེད་སྒོ་སྤེལ་དགོས། ཡོང་སྒོ་བགོ་བཤའ་རྒྱག་པའི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས། སྲིད་དོན་སྡེ་ཁག་དང་ཁེ་ལས་དང་དོན་ལས་སྡེ་ཁག་བཅས་ཀྱི་ཟླ་ཕོགས་རྒྱུན་ལྡན་དུ་འཕར་བ་དང་རོང་འབྲོག་པའི་ཡོང་སྒོ་བརྟན་འཇགས་ཀྱིས་འཕར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། མཁར་གྲོང་སྡོད་དམངས་ཀྱིས་ཐབས་ལམ་སྣ་མང་ནས་ཡོང་སྒོ་སྤར་བའི་རྣམ་པ་གསར་པ་ཆགས་སུ་བཅུག་ནས། སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དཔལ་འབྱོར་འཕར་ཚད་ལས་མཐོ་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་འཕར་ཚད་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་འཕར་ཚད་ལས་མཐོ་བ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བར་གྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་བ་བཅས་ལ་ཁག་ཐེག་བྱེད་དགོས། རྒྱུ་རྐྱེན་ལ་བརྟེན་ནས་བགོ་བཤའ་རྒྱག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་རྒྱུ་ནོར་རང་བཞིན་དང་བདག་གཉེར་རང་བཞིན་གྱི་ཡོང་སྒོ་སྤར་བར་སྐུལ་མ་བཏང་ནས། ཡོང་སྒོ་འབྲིང་རིམ་དུ་གནས་པའི་མང་ཚོགས་ཀྱི་བསྡུར་ཚད་སྔར་ལས་རྒྱ་བསྐྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གསུམ) རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱིས་སྣེ་ཁྲིད་པའི་ལས་གྲྭ་ལག་བསྟར་བྱེད་དགོས། མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པའི་སློབ་གསོ་སྤེལ་ནས། ཏང་གི་གཞུང་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གཞི་རིམ་དང་མང་ཚོགས་ཀྱི་ནང་དུ་གཏིང་ཟབ་ཏུ་སྤེལ་དགོས། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲི་ལམ་ལུགས་དངོས་འབེབས་ཀྱིས་བསམ་བློའི་གླེང་ཕྱོགས་ཀྱི་འཐབ་རའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བརྒྱབ་ནས། སྨྱན་བྱད་བསྲེས་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། དྲ་རྒྱའི་བར་སྟོང་གི་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱིས་དྲང་བདེན་གྱི་ནུས་པ་ཁྱབ་སྤེལ་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བསྐྲུན་པའི་ལས་གྲྭ་ལག་བསྟར་བྱེད་དགོས། སྔོན་ཐོན་གྱི་མ་དཔེ་འདེམ་འཛུགས་བྱས་ནས་དྲིལ་སྒྲོག་བྱེད་པ་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། དཔལ་ཡོན་གྱི་གྲོང་ཁྱེར་དང་དཔལ་ཡོན་གྱི་སྡེ་ཁག་སོགས་ཀྱི་འཛུགས་སྐྲུན་བྱ་བ་གཏིང་ཟབ་དང་རྒྱ་བསྐྱེད་དུ་གཏོང་བ་དང་། “སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”སོགས་མང་ཚོགས་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་བྱ་འགུལ་སྤེལ་བ་ལ་བརྟེན་ནས། མང་ཚོགས་ཡ་རབས་སྤྱོད་བཟང་དང་ཡིད་རྟོན་གཞུང་དྲང་། སྲོལ་བཟང་གུས་ལུགས་ཀྱི་ལམ་དུ་བསྐྱོད་པར་སྐུལ་བ་དང་། བསམ་བློའི་ཀུན་སྤྱོད་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་དགོས། རིག་གནས་ལས་དོན་ལ་སྐུལ་འདེད་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྫོང་གསར་སྐྲུན་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་ལ་ཁེབས་ཤིང་སྟབས་བདེ་ལ་ཕན་ནུས་ཆེ་བའི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེར་ཡར་རྒྱས་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་མུ་མཐུད་དུ་བསྐང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་འགུལ་རྒྱ་ཆེར་སྤེལ་བ། མི་དམངས་ལྟེ་བ་ཡིན་པའི་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མཚོ་སྔོན་གྱི་རིག་གནས་གཤིན་སར་རྐང་བཙུགས་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་མང་ཚོགས་ཀྱི་ཡིད་སེམས་འདྲེན་པའི་གསོན་ཤུགས་ཀྱིས་ཁེངས་པའི་སྤུས་ལེགས་བརྩམས་ཆོས་སྐོར་ཞིག་སྤེལ་དགོས། རིག་གནས་ཐོན་ལས་དར་སྤེལ་གྱི་ལས་གྲྭ་ལག་བསྟར་བྱེད་དགོས། རིག་གནས་དང་ཚན་རྩལ། གནས་སྐོར། ལུས་རྩལ་བཅས་དང་འབྲེལ་བའི་ཐོན་ལས་མཉམ་བསྲེས་ཀྱིས་གོང་སྤེལ་གཏོང་བར་སྐུལ་འདེད་བཏང་ནས། ཧུར་ཐག་གིས་རིག་གནས་ཐོན་ལས་ཐོན་ལས་གཙོ་བོར་གསོ་སྐྱོང་བྱེད་དགོས། ཕྱི་ཕྱོགས་དང་རིག་གནས་བརྗེ་རེས་བྱེད་ཚད་རྒྱ་བསྐྱེད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བཤད་ནས། མཚོ་སྔོན་གྱི་སྨྲ་བརྗོད་དྲིལ་སྒྲོག་དང་། རབ་མཛེས་མཚོ་སྔོན་གྱི་སྙན་གྲགས་ཇེ་ཆེར་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བཞི) མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་དང་བརྟན་འཇགས་ལ་གནོད་པའི་གཏིང་རིམ་གནད་དོན་ཐག་གཅོད་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་སྐྱོང་ལ་སྐུལ་འདེད་གཏོང་དགོས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་བསྐྲུན”ཞེས་པ་བརྗོད་གཞི་བྱས་ཏེ། “འབྲལ་མི་རུང་བ་གསུམ”དང“ངོས་ལེན་ལྔ”ཡི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཚད་ཆེས་མཐོ་བའི་སྤྱི་ཚོགས་ཐུན་མོང་གི་ངོས་ཟིན་གཅིག་སྡུད་བྱས་ཤིང་། འཆམ་མཐུན་མཉམ་འཕེལ་གྱི“ལྟེ་གཅིག་སྒོར་མོ”ལེགས་པར་བྲིས་ནས། རིགས་སོ་སོའི་སྤུན་ཟླ་ཕན་ཚུན་ལ་བརྩེ་བ་དང་རོགས་རེས་ཡོད་པ་དང་མཐུན་སྒྲིལ་འགྲིག་མཐུན་ལྡན་པའི་རྣམ་པ་ལེགས་པོ་སྲ་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྲུན་བྱ་བར་ཞིབ་བཤེར་གཟེངས་བསྟོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་སྐུལ་འདེད་དང་འཐུས་ཚང་དུ་གཏོང་བ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁྱེར་གྱི་མི་རིགས་བྱ་བ་ལེགས་པར་བསྒྲུབ་པ་དང་། རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། བོད་ཁུལ་དང་མི་རིགས་ཆུང་བར་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་ནས། རང་ཞིང་གི་ཀན་སུའུ་དང་སི་ཁྲོན་གྱི་མཐའ་མཚམས་དང་འདྲེས་པའི་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཏོང་ཚད་ཇེ་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་རྩ་བའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དང་ཆོས་ལུགས་སྤེལ་གནས་ལ་དོ་དམ་བྱེད་པར་ཤུགས་སྣོན་པ། ཆོས་ལུགས་ཁག་གི་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་སྣེ་ཁྲིད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(ལྔ) སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་དགོས། ཆེད་དམིགས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། རྩ་བ་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལངས་གཟུགས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་དང་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་འཛུགས་སྐྲུན་བརྟན་འཇགས་ཀྱིས་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། བློ་གྲོས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས། དམངས་ཡོངས་ཀྱི་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས“རིགས་གསུམ་དང་རིམ་པ་བཞི”ཡི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་སྤེལ་བ་དང་། མུ་མཐུད་དུ་གཞི་རིམ་དུ་ཁྱབ་པར་བྱེད་དགོས། ཇུས་ཐག་ཆེན་པོ་གཅོད་སྐབས་སྤྱི་ཚོགས་བརྟན་འཇགས་ལ་ཉེན་ཁ་ཡོད་མེད་ཀྱི་དཔྱད་དཔག་སྤེལ་བ་དང་།སྤྱི་ཚོགས་འགལ་བའི་རྩ་བ་སྔོན་འགོག་དང་ཐག་གཅོད། གློ་བུར་བའི་དོན་རྐྱེན་ཐག་གཅོད་པ་སོགས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཡིག་བསྐུར་ངོ་གཏུག་དང་གཟུ་འདུམ་གྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ། སྣ་མང་རང་བཞིན་གྱི་འགལ་རྩོད་ཞི་འདུམ་བྱེད་པའི་མ་ལག་བཙུགས་ཏེ། སྲིད་གཞུང་གི་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་འདུམ་སྒྲིག སྡོད་དམངས་ཀྱི་རང་སྐྱོང་བཅས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། འཐབ་རྩོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་བདེ་འཇགས་ཀྱི་ཕྲ་ཕུང་བསྐྲུན་པ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི“གསར་སྐྲུན་ཕྲ་མོ”ཧུར་ཐག་གིས་སྤེལ་བ་བཅས་ཀྱིས། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་བརྟན་པོར་གཏོང་བ་དང་། འབད་བརྩོན་ལྷོད་མེད་ཀྱིས“གཉིས་རྒོལ་བཞི་འགོག”གི་བྱ་འགུལ་སྤེལ་བ། ཁྲིམས་ལྟར་ཏཱ་ལའི་ཚོགས་ཁག་སོགས་ཕྱི་ནང་གི་ཁ་བྲལ་རིང་ལུགས་ཀྱིས་གཏོར་བརླག་བྱ་འགུལ་སྤེལ་བར་རྡུང་རྡེག་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དམ་པོར་འཛིན་པ་དང་མི་མངོན་པའི་རྐྱེན་ངན་ནི་དོན་རྐྱེན་གྱི་འབྱུང་གཞི་ཡིན་པའི་འདུ་ཤེས་ཆགས་སུ་འཇུག་པ་དང་། ནན་ཏན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ལེན་དང་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ། ཟས་རིགས་དང་སྨན་རྫས། ཁོར་ཡུག ཐོན་སྐྱེད། འགྲིམ་འགྲུལ། ཨར་ལས། མེ་འགོག་སོགས་ཁྱབ་ཁོངས་གཙོ་བོ་དག་གི་བདེ་འཇགས་བྱ་བར་ཤུགས་སྣོན་པ་བཅས་ཀྱིས་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། ཕྱོགས་ཡོངས་ནས་གནོད་འཚེ་འགོག་པ་དང་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

དམངས་འཚོ་ནི་མང་ཚོགས་ཀྱི་བདེ་འཇགས་དང་བདེ་སྐྱིད་ལ་འབྲེལ་ཡོད། ང་ཚོས་མང་ཚོགས་ཀྱི་བརྩེ་བ་སེམས་སུ་ཉར་ནས། མང་ཚོགས་ལ་ཕན་པ་མང་དུ་བསམ་པ་དང་དོན་དག་མང་དུ་བསྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱས་ཏེ། ཏང་གི་དྲོད་ཁོལ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

དྲུག་པ། ཏན་ཏན་ཏིག་ཏིག་གིས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་ན་གནད་འགག་ནི་ནན་མོ་བྱེད་རྒྱུ་དེ་ཡིན་ལ། གཟབ་ནན་བྱེད་ཚད་སྔར་ལས་ལྷག་ཏུ་འགྲོ་བ་དང་། ང་ཚོས་ངེས་པར་ངོས་ཟིན་གསལ་པོ་ཡོད་དགོས་པ་དང་རང་རྟོགས་ཀྱིས་རེ་བ་ནན་མོ་འདོན་དགོས། ཏན་ཏན་ཏིག་ཏིག་གིས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མཚོ་སྔོན་དུ་བྱ་བར་རྟོག་དཔྱོད་དུ་ཕེབས་སྐབས་གསུང་བའི་བླང་བྱ་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ཏུ་ལེན་པ་དང་རང་རྟོགས་ཀྱིས་ལག་བསྟར་དངོས་འབེབས་བྱས་ཏེ། “སྐྱེ་ཁམས་གཉིས”མཉམ་དུ་འཛིན་པ་རྒྱུན་འཁྱོངས་དང་། “འགན་འཁྲི་གཉིས”མཉམ་དུ་ཁུར་པ། རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་མཚུངས་སུ་ཆབ་སྲིད་སྐྱེ་ཁམས་ཐད་ཀྱི་ཆུ་བོ་གཙང་ཞིང་རི་བོ་སྔོ་ལྗང་ཞིག་བསྐྲུན་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཅིག) རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གོ་གནས་འབུར་ཐོན་ཡིན་སར་འཇོག་དགོས། མཚོ་སྔོན་གྱི་ལས་དོན་མཐའ་དག་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་དང་གསར་གཏོད་གསར་པ་ལྡན་པ་ནི། མདོར་དེད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཚན་རིག་གི་མཛུབ་ཁྲིད་ལ་རག་ལས་ཡོད། དེང་སྐབས་དང་ཕྱིན་ཆད། ང་ཚོས་ཐོག་མཐའ་བར་གསུམ་དུ་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་དགོས་པ་དེ་འགན་ཁུར་གཙོ་བོར་བཟུང་སྟེ་འགྱུར་བ་མེད་པར་ལག་བསྟར་བྱེད་དགོས། “སློབ་པ་གཉིས་དང་བྱེད་པ་གཅིག”ཐེག་བྱད་བྱས་ཏེ། འགན་འཁྲི་དང་སེམས་བསམ་པའི་སྟེང་ནས་སློབ་སྦྱོང་བྱེད་དགོས་ལ། བདེན་ལུགས་ལ་སྙེག་པའི་འདུན་མས་སློབ་སྦྱོང་བྱེད་དགོས། དགོངས་དོན་གཏིང་ཟབ་པའི་སྒོ་ནས་ངོས་ཟིན་དང་། ཧུར་ཐག་གིས་ལངས་ཕྱོགས་དང་བྱེད་ཐབས་རྟོགས་པར་བྱས་ནས། བསམ་བློ་དང་བྱ་བའི་དངོས་ཡོད་འབྲེལ་བ་དམ་ཟབ་བྱས་ཏེ། གོ་བ་གཏིང་ཟབ་མོ་ལེན་པའི་སློབ་སྦྱོང་ཁྲོད་ཁ་ཕྱོགས་དང་རིགས་ལམ། དྲིས་ལན་འཚོལ་བར་འབད་དགོས། དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལག་ལེན་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད་ནས། ཕུགས་བསམ་ལ་འགྱུར་བ་མེད་པར་ཏང་གཤིས་གསོ་སྐྱོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་བཏང་ནས། བྱ་བའི་འགག་སྒོ་འབྱེད་པའི་བྱེད་ཐབས་རྙེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གཉིས) རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་སྐྱོང་བྱེད་དགོས། ནན་ཏན་སྒོས《རྣམ་པ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག》སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཕུགས་བསམ་བརྟན་པོ་འཛུགས་སྐྲུན་དང་། ཆབ་སྲིད་ཁ་ཕྱོགས་ཡང་དག་པར་འཛིན་པ། ཆབ་སྲིད་ལངས་ཕྱོགས་བརྟན་པོ། ཆབ་སྲིད་སྒྲིག་ཁྲིམས་ནན་ཏན་སྒོས་བརྩི་སྲུང་བཅས་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བའི་གཏན་འཁེལ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གཏོང་བ། རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་ཀྱིས། འགུག་ཤུགས་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། སློབ་སྦྱོང་མཐོར་འདེགས་དང་སེམས་གཏམ་བཤད་ས། སྐྱོན་བརྗོད་བྱེད་ས། བསམ་བློ་བརྗེ་རེས། ཏང་གཤིས་སྦྱོང་བརྡར་གྱི་ཕན་ལྡན་ལས་སྟེགས་སུ་བསྐྲུན་ཏེ། དངོས་གནས་ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནང་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཏང་ནང་གི་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ། གནད་དོན་རྙེད་པ་དང་ཡོ་བསྲང་བྱེད་པའི་ནུས་ལྡན་གྱི་ནང་རྐྱེན་ཆགས་སུ་འཇུག་དགོས། ལྟ་སྐུལ་དྲ་བ་བཙུགས་ཏེ། ལྟ་སྐུལ་ནུས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་པ་དང་། ལྟ་སྐུལ་གྱི་དངོས་ཕན་ཇེ་དྲག་ཏུ་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(གསུམ) བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཡིད་ཆེས་བརྟན་པོ་དང་ཏང་ལ་བློ་དཀར་བ་དེ་བླང་བྱ་དང་པོར་བཟུང་ནས། ཆབ་སྲིད་སྟེང་དུ་བློ་གཏད་ཆོག་པ་དང་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་རྦད་ཆོད་བྱེད་པ། མངའ་ཁོངས་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ལ་འཐབ་རྩོད་བྱེད་ཕོད་མཁན་ཤུགས་ཆེན་པོས་འདེམ་བསྐོ་བྱེད་དགོས་ལ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་དངོས་འབེབས་བྱེད་དུས་འགན་ཁུར་ཕོད་ལ་བྱས་རྗེས་ངོ་མ་བཞག་པ། ཡུན་རིང་བོར་གཞི་རིམ་གྱི་ལས་ཡུལ་དང་པོ་དང་ཁུ་སིམ་པར་ལུས་འབུལ་བྱས་པ་བཅས་ཀྱི་ལས་བྱེད་པ་དམིགས་སུ་བཟུང་སྟེ་མི་བཀོལ་སྤྱོད་ཀྱི་ཁ་ཕྱོགས་གསལ་པོ་ཞིག་ཆགས་སུ་འཇུག་དགོས། རྗེས་གྲབས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པ་དང་། གཙོ་བོ་སྐྱེད་སྲིང་བྱེད་པའི་སྟེང་དུ་འབད་དགོས། ཁྲུའུ་རིམ་པའི་ལས་བྱེད་པ་ཕུལ་བྱུང་ཅན་བརྗེ་རེས་དང་ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་གཞི་རིམ་དུ་འགྲོ་བ། མགོ་ཁྲིད་ལས་བྱེད་པའི་ཆེད་ལས་ནུས་པ་མཐོར་འདེགས། ལས་བྱེད་པའི་དཔུང་སྡེའི་མགོ་ཁུངས་ལས་གྲྭ་སོགས་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད་བྱེད་དགོས། གཟབ་ནན་གྱི་སྒྲིག་ལམ་གྱིས་ལས་བྱེད་པར་གཅུན་སྡོམ་བྱེད་པ་དང་། ལས་བྱེད་པར་དོ་དམ་བྱེད་པའི་གཏན་འབེབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། རྩ་དོན་བརྗོད་པ་ལས་འབྲེལ་བ་མི་བརྗོད་པ་བཅས་བྱས་ཏེ། ལས་བྱེད་པའི་སེམས་སུ་སྐྲག་ས་ཡོད་པ་དང་གཏམ་གླེང་ལ་འཛེམ་དོགས་བྱེད་པ། བྱ་སྤྱོད་ལ་ཚད་བཀག་ལྡན་པ་བཅས་བྱེད་དགོས། བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་གསར་སྐྲུན་ལ་སྐུལ་མ་གཏོང་བ། ཕམ་པར་དཀྱེལ་ཡངས་སྒོམ་པ་བཅས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ལས་བྱེད་པར་དོ་དམ་ནན་མོ་དང་སྤྲོ་སེམས་འཁོལ་བའི་ངང་ཐུགས་ཁུར་བྱེད་པ་ཟུང་འབྲེལ་བྱས་ནས། ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་བརྗེ་རེས་དང་ཟླ་ཕོགས་མི་གཅོག་པར་ངལ་གསོ་བ། བདེ་ཐང་ལུས་བཤེར། འབྲེལ་ཡོད་ཀྱི་ཐོབ་ཐང་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་ལས་བྱེད་པར་སེམས་བདེ་མོས་ལས་རྐང་དུ་བྱ་བ་བསྒྲུབ་ཏུ་འཇུག་དགོས། བུད་མེད་ལས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་དགོས། བརྩེ་སེམས་ལྡན་པའི་ངང་ལས་བྱེད་པ་རྒན་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གསར་པ་བསྐྲུན་པ་ནི། མཐོ་སྒང་དུ་རྐང་ཚུགས་པ་དང་མཐོ་སྒང་འཛུགས་སྐྲུན། མཐོ་སྒང་ལ་ལུས་འབུལ་བྱེད་པའི་བྱང་ཚད་མཐོ་བའི་འཇོན་མི་ཁྲི་སྟོང་མང་པོ་དང་འབྲལ་ཐབས་མེད། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་ཤུགས་ཆེན་སྒོས་འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར། འཇོན་མི་འདྲེན་པའམ་སྐྱེད་སྲིང་། བཀོལ་སྤྱོད་ཀྱི་གོང་སྤེལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ཤུགས་རྐྱེན་ལྡན་པའི་འཇོན་མིའི་ཞིང་ཁམས་གང་ནུས་སྒོས་བསྐྲུན་དགོས། འཇོན་མི་གོང་སྤེལ་གྱི་ཐེག་བྱད་གསར་གཏོད་བྱས་ཏེ། “རྩེ་གྲས་གསར་གཏོད་འཇོན་མི་སྟོང་གི་འཆར་གཞི”ཡིས་སྣེ་ཁྲིད་པ་དང་། “འབྲིང་རིམ་དང་དམའ་རིམ་འཇོན་མི་སྐྱེད་སྲིང་བྱེད་པའི་འཆར་གཞི”རྨང་གཞི་བྱེད་པ། སྐྱེ་ཁམས་ཁོར་སྲུང་སོགས་ཁོངས་གཏོགས་གལ་ཆེན་བཅུའི“འཇོན་མི་ཁྲི་སྟོང་མང་པོ་ནང་འདྲེན་དང་སྐྱེད་སྲིང་བྱེད་པའི་བཟོ་འགོད”རྒྱབ་རྟེན་དུ་འཛིན་པ། ཞི་འཇམ་སྒོས་འཇོན་མི་ནང་འདྲེན་དང་རིག་སྟོབས་ཀྱིས་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་གཉིས་ཀྱི་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་བྱེད་པའི་མ་ལག་ཆགས་སུ་བཅུག་སྟེ། མཚོ་སྔོན་གསར་པ་བསྐྲུན་པར་འཇོན་མི་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་ངལ་རྩོལ་ལ་བརྩི་འཇོག་དང་ཤེས་ཡོན་ལ་བརྩི་འཇོག འཇོན་མིར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱེད་པའི་བྱེད་ཕྱོགས་བརྟན་པོ་བཙུགས་ཏེ། སྤྱི་ཚོགས་ཡོངས་སུ་འཇོན་མི་ངོས་ཟིན་པ་དང་དགའ་ཞེན་བྱེད་པ། བཀོལ་སྤྱོད་བྱེད་པའི་སྣང་ཚུལ་སྟུག་པོ་ཞིག་བསྐྲུན་ནས། མཚོ་སྔོན་འདི་འཇོན་མི་སྣ་ཚོགས་ཀྱིས་ཤེས་རིག་ངོམ་པ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་གནས་མཆོག་ཅིག་ཏུ་བསྒྱུར་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(བཞི) བསྟུད་མར“གཞི་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། གཞི་རིམ་གྱི་རྩ་འཛུགས་སྲ་བརྟན་དུ་གཏོང་དགོས། ཞང་དང་གྲོང་རྡལ་གྱི“ཡོད་པ་བརྒྱད”ཀྱི་བཟོ་འགོད་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་བ། “འབྲེལ་དྲ+མཚོ་སྔོན་གྱི་ཏང་འཛུགས”ཀྱི་རྣམ་པ་གསར་པ་གསར་སྐྲུན་བྱེད་པ། རོང་འབྲོག་ཁུལ་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ནས་ཏང་ཡོན་སྡུད་ལེན་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་། སྡེ་བའི(ཧྲེ)ལས་བྱེད་པའི་གླ་ཕོགས་འཕར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། འགན་ཕོག་པའི་སྡེ་བའི་ལས་བྱེད་པ་དང་རོང་འབྲོག་ཁུལ་གྱི“རྒན་གསུམ”མི་སྣའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་དགོས། སྒྲིག་ལམ་ལྷོད་ཅིང་ལས་དོན་མི་བསྒྲུབ་པའི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལ་དམིགས་ནས། ཧྲུའུ་ཅི་དང་པོ་ཆེད་མངགས་དང་སྡེ་བའི་ལས་བྱེད་པར་སློབ་གསོ་དང་ཟབ་སྦྱོང་བྱེད་པར་ཤུགས་སྣོན། བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དག་ཐེར་མཐོར་འདེགས་བྱེད་པ་བཅས་ཀྱིས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དེ་རིགས་སོ་སོའི་མང་ཚོགས་མཐུན་སྒྲིལ་བྱས་ནས་འཕེལ་རྒྱས་དང་འཆམ་མཐུན་ལ་སྐུལ་འདེད་དང་ཁ་བྲལ་ལ་ངོ་རྒོལ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ལྟ་བུར་བསྒྱུར་དགོས། རྨང་གཞིའི་བྱ་བ་སྲ་བརྟན་དུ་གཏོང་དགོས། རྨང་གཞིའི་བྱ་བ་ཚད་ཐིག་ཏུ་བསླེབ་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། མ་ལག་དང་ལས་རིགས་དང་རྫོང་ཁོངས་བཅས་བགོས་ནས་མཁར་གྲོང་ལ་ཁེབས་པ་དང་། གོང་འོག་སྦྲེལ་བའི་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་འགན་ནུས་ཚད་ལྡན་དུ་གཏོང་བ། ལས་རྐང་འགན་འཁྲི་ལམ་ལུགས་ཁྱབ་གདལ་དུ་གཏོང་བ། ལས་ཁུངས་ཀྱི་ཕྱོད་ནུས་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། བསྟུད་མར་སྒྱིད་ལུག་དང་ལེ་ལོའི་སྣང་ཚུལ་བཅོས་སྐྱོང་བྱེད་པ་བཅས་ཀྱིས། བྱ་བ་སྣ་ཚོགས་ཞིབ་ཚགས་ཡིན་ཞིང་ཕན་ནུས་མཐོ་བའི་ངང་བསྒྲུབ་པར་སྐུལ་འདེད་གཏོང་དགོས། གཞི་རྩའི་ནུས་པ་མཐོར་འདེགས་གཏོང་དགོས། ཆབ་སྲིད་ནུས་པ་དང་ཀུན་སྤྱོད་ནུས་པ། ཆེད་ལས་ནུས་པ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ནས། ལས་རྐང་མི་འདྲ་བའི་དགོས་མཁོ་ལྟར་གཙོ་བོ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པའི་ནུས་པ་ དང་། ལས་རྐང་ཐོག་གི་འགན་ཁུར་ལེགས་པར་འཁུར་བ་དང་རང་བབས་ཀྱི་བྱ་བ་ལེགས་པར་བསྒྲུབ་པའི་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་དང་མང་ཚོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་པའི་ནུས་པ། གནད་དོན་ཐག་གཅོད་པ་དང་བྱ་བ་དངོས་འབེབས་བྱེད་པ་བཅས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

(ལྔ) སྲོལ་བཟང་སྒྲིག་གཅུན་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱོད་ཚུལ་བསྒྱུར་བཅོས་དང་རུལ་སུངས་ལ་ཆད་པ་བཅད་པ་བརྒྱུད་ཏང་སེམས་དང་དམངས་སེམས་གཅིག་ཏུ་བསྡུས་པ་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་བར་ཐག་ཉེ་རུ་བཏང་བར་ང་ཚོར་ངེས་ཤེས་ཟབ་མོ་སྐྱེས་ཡོད། སྲོལ་བཟང་སྒྲིག་གཅུན་ངེས་པར་དུས་ཡུན་རིང་པོའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་ལྷོད་མེད་རྒྱུན་སྲུང་བྱེད་དགོས། མི་གཙང་སྲོལ་ངན་ཀུན་ལ་ཁ་གཏད་བྱེད་ཕོད་པ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་མགོ་བུད་མ་ཐག་ཐག་གཅོད་པ། “སྤྱོད་ཚུལ་བཞི”ཡི་གནད་དོན་ལྐོག་གྱུར་གཞན་འགྱུར་དང་ཕྱིར་ལྡོག་པ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་ལས་སྲོལ་དར་སྤེལ་གཏོང་བ་དང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་ལེགས་བཅོས་དང་གསར་སྐྲུན་བྱེད་པ། ལས་བྱེད་པ་གཞི་རིམ་དུ་འགྲོ་བ་དང་བྱ་བ་དངོས་ཐོག་ཏུ་འབབ་པར་བྱས་ཏེ། ནམ་ཡང་མང་ཚོགས་དང་ཁ་མི་འབྲལ་བའི་སྦྲེལ་ཐག་བཟོ་དགོས། གནོན་ཤུགས་ཆེ་བའི་རྣམ་པ་མུ་མཐུད་དུ་རྒྱུན་སྲུང་བྱེད་པ་དང་། རུལ་སུངས་ཀྱི་གནད་དོན་ནི་གཅིག་བྱུང་ན་གཅིག་ཐག་གཅོད་བྱེད་དགོས། ལྟ་ཞིབ་མྱུལ་དཔྱད་བྱ་བ་གཏིང་ཟབ་ཏུ་སྤེལ་ནས“རྣོ་གྲི་ངར་མ”ཡི་བྱེད་ནུས་འདོན་སྤེལ་བྱེད་པ། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་བཞི”སྤྱད་ནས་རུལ་སུངས་ལ་རྒོལ་རྡུང་དྲག་པོ་ཐེབས་པའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཀུན་ལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་སློབ་གསོའི་གསལ་འདེབས་བྱ་འགུལ་སྤེལ་བ། གྱོད་དོན་ལ་བརྟེན་ནས་ཁྲིམས་འགྲེལ་བར་གཙིགས་མཐོང་བྱེད་པ་དང་། དཔེ་མཚོན་ཅན་ཀུན་དྲི་ལ་སྒྲོག་བྱེད་པ་རྒྱུན་ལྡན་གཏོང་བ་དང་གླེང་མོལ་བྱེད་པ་རྒྱུན་ལྡན་དུ་གཏོང་བ། ཉེན་བརྡ་དང་སློབ་གསོ་རྒྱུན་ལྡན་དུ་གཏོང་བ་བཅས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་དེ་གུང་ཁྲན་ཏང་མིའི་ཉམས་རྟོགས་ཇེ་མཐོར་གཏོང་བ་དང་། ཡ་རབས་སྤྱོད་ལེགས་དང་སྐྱོན་བྲལ་ངང་འཚོ་བའི་དགའ་ཕྱོགས་རྒྱུན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ཐག་གཅོད་ནན་མོ་བྱེད་པ་བཅས་ཀྱིས། མང་ཚོགས་ལ་དུས་རྒྱུན་དུ་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་གསར་པ་མཐོང་དུ་འཇུག་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་ལེགས་པོ་བྱས་ཏེ། ཚད་མཐོན་པོའི་སྒོ་ནས་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཆེན་པོ་བྱེད་དགོས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་གཅིག་གྱུར་མཐོན་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གཙོ་བདག་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ། མི་རིགས་སོ་སོ་དང་ལས་རིགས་སོ་སོ་ཁ་མཐུན་ཞེ་མཐུན་དང་ཞེ་མཐུན་ཕྱོགས་མཚུངས། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བའི་སྒྲིལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཏང་ཨུའི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་ཨུའི་སྤྱི་ཡོངས་འཛིན་སྐྱོང་དང་ཕྱོགས་སོ་སོའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་དང་བྱ་བའི་ནང་རྐྱེན་མཐུན་སྦྱོར་བྱེད་ཚད་སྔར་ལས་འཐུས་ཚང་དུ་བཏང་ནས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་ཡོང་བར་ཁག་ཐེག་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་ཁྲིམས་ལྟར་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་ཀྱིན་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་། དམངས་གཙོ་ལྟ་སྐུལ་བཅས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་གཟབ་ནན་གྱིས་ཁྲིམས་སྐྱོང་བ། དྲང་གཞག་གིས་ཁྲིམས་འཛིན་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཚོགས་པ་རྩ་འཛུགས་བཅོས་བསྒྱུར་དང་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་ཀྱི་འབྲེལ་ལམ་རྒྱ་བསྐྱེད་པ་དང་། བྱ་བའི་སྤྱི་སྟེགས་གསར་གཏོད་དང་། མང་ཚོགས་སྐུལ་སློང་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལས་དོན་ལ་ཧུར་ཐག་གིས་ཞུགས་དགོས། གཞི་རིམ་གྱི་དམངས་གཙོ་སྔར་ལས་རྒྱ་བསྐྱེད་དེ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་དང་ཁེ་དོན་ལས་སྡེ་ཁག་གི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གིས་དམག་དཔུང་ལ་དོ་དམ་བྱེད་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཉིས་བཀུར་མཉམ་འཛུགས་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་དམག་མཉམ་འདྲེས་དང་གཏིང་ཟབ་སྒོས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་ན་ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་ཤུགས་ཆེན་སྒོས་དར་སྤེལ་བྱེད་དགོས། “ཏན་ཏན་ཏིག་ཏིག”འབད་བརྩོན་བྱེད་དགོས་པ་ཞིག་ཡིན་ལ། སློབ་སྦྱོང་མ་བྱས་ན་རང་འགན་མ་བསྒྲུབས་པ་ཡིན། ང་ཚོས་སློབ་སྦྱོང་བྱེད་པ་དེ་བསམ་བློའི་བརྩོན་ལེན་དང་བྱ་བའི་འགན་ལེན། འཚོ་བའི་གོམས་སྲོལ་བཅས་སུ་བརྩིས་ཏེ། རང་རྟོགས་ཀྱིས་སློབ་སྦྱོང་དང་རང་འགུལ་གྱིས་སློབ་སྦྱོང་། ཡུན་རིང་པོར་སློབ་སྦྱོང་། མི་དམངས་དགེ་རྒན་དུ་བསྟེན་པ་དང་། ལག་ལེན་ཁྲོད་དུ་སློབ་སྦྱོང་བཅས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས། “ཏན་ཏན་ཏིག་ཏིག”ནི་དངོས་སྒྲུབ་བྱེད་དགོས་པ་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ནི་དངོས་སྒྲུབ་བྱས་ནས་མངོན་འགྱུར་བྱུང་བ་ཞིག་རེད། ང་ཚོས་གཟེར་རྡེབ་སྙིང་སྟོབས་སྤེལ་ནས་སྣེ་ཁྲིད་དེ་དངོས་སྒྲུབ་དང་། དངོས་སུ་སྒྲུབ་པ་དང་སྣེ་ཁྲིད་དངོས་སྒྲུབ། བྱེ་བྲག་གིས་བྱ་བ་རེ་རེ་བཞིན་བསྒྲུབས་ནས་མཚོ་སྔོན་གསར་པ་ཞིག་བསྐྲུན་དགོས། “ཏན་ཏན་ཏིག་ཏིག”ནི་ཁག་ཁུར་དུ་ལེན་དགོས་པ་ཞིག་སྟེ། ཁག་ཁུར་གྱིས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་ཀ་མཚོན་ཡོད། ང་ཚོས་གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་འགན་འཁུར་བ་དང་དཀའ་ངལ་གདོང་གིས་བསུས་ནས། “དཀའ་མཁྲེགས”གཏོར་བ་དང་། “འགོག་རྡོ”མེད་པར་བཏང་སྟེ། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་དེ་ནུས་ཤུགས་གང་ཡོད་འདོན་དགོས།Q16ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་རྣམ་པ། ང་ཚོ་དུས་རབས་རླབས་ཆེན་ཞིག་ཏུ་འཚོ་གནས་བྱེད་ཀྱིན་ཡོད་པས། མཚོ་སྔོན་གྱི་ས་གནས་སོ་སོར་སྐྱེ་སྟོབས་ཀྱི་དཔལ་རྒྱས་ཤིང་རེ་བས་ཁེངས་ཡོད། ང་ཚོ་ད་ལྟ་བཞིན་མཚོ་སྔོན་དུ་འཚོ་གནས་དང་བྱ་བ་སྒྲུབ་པར་གཏན་ནས་སྤོབས་པ་སྐྱེ་མ་མྱོང་ལ། ད་ལྟ་བཞིན་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་མ་མྱོང་། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། མཚོ་སྔོན་ལ་དགའ་མོས་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་གསོལ་འབུལ་བྱེད་པ་བཅས་ཀྱིས་མགོ་ཚུགས་ས་གསར་པ་ཞིག་ནས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པའི་ཐབས་ལམ་གསར་པ་བཏོད་དེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །Q16ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།