འབའ་ཡུལ་འབྲོག་སེང་སྐལ་བྷེའི་གཞས་ཚིག་ལེགས་བཏུས།

141.jpgAoXཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་སེང་སྐལ་བྷེ།  དངོས་མིང་ལ་སྐལ་བཟང་རྒྱལ་ཟེར་ཞིང་། ཕ་ཡུལ་ནི་མཚོ་སྔོན་འབའ་རྫོང་དང་།  དྲྭ་མིང་ལ་འབྲོག་མོ་སྣུམ་ལོག་མ་རུ་འབོད། ཁོང་གི་བརྩམས་ཆོས་ལ《ཁྱུང་མཆུའི་ཉིན་གསུམ》དང《གསེར་ཐང་གི་ན་ཟླ་གླེང་བ》《བྱུ་རུའི་ནང་གི་གཟི་ཁྲ》《གངས་ཆར་གྱིས་བཙས་པའི་འབྲོག་མོ་སྣུམ་ལོག་མ》《སྲིང་ཆུང་འབྲུག་ཡག་མ》སོགས་རྒྱལ་ནང་དུས་དེབ་རྩེ་གྲས་དག་ཏུ་བཀོད་མྱོང་ལ《མེ་སྟག་ལ་དུང་པའི་རྔོན་པ》ནི་ཁོང་གི་སྒེར་དེབ་ཐོག་མ་སྟེ《གཅེས་ཕྲུག་མ་ང་ཡི་རྒྱབ་གཟུགས་མ་འབོར》ཅེས་པ་སོགས་ད་ལྟ་འབྲི་བཞིན་པའི་བརྩམས་ཆོས་རིང་ཤོས་དེ་རེད།AoXཀྲུང་གོ་བོད་ཀྱི་དྲ་བ།

གཞན་ཡང་ད་ལྟའི་བར་དུ་གཞས་ཚིག་བརྒྱ་ཤོག་ལྷག་བརྩམས་མྱོང་ལ་བོད་ཁམས་ན་མིང་གྲགས་ཆེ་བའི་རྡུང་ལེན་མཁན་ནམ་མཁས་བླངས་པའི《ལྷ་བྱ་ལགས》སོགས་གཙོས་གྱུར་གྱི་ཞིང་ཆེན་ཕྱི་ནང་གི་གཞས་མཁན་མང་པོའི་ཁོ་བོའི་གཞས་ཚིག་ལ་གདེང་འཇོགས་བླ་མེད་ཐོབ་ཡོད།AoXཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ་ཉིས་སྟོང་ནས་བཟུང་སྟེ་འབྲོག་ཁུལ་ཡིག་རྨོངས་སེལ་བའི་དང་བླངས་ལ་ཞུགས་པ་དང་གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པ་ཟེར་བ་ཞིག་བཙུགས་ནས་འབའ་རྫོང་ཞོལ་མ་ས་ཁུལ་གྱི་འབྲོག་པའི་ཡིག་རྨོངས་ལ་བྱས་རྗེས་མངོན་གསལ་བཞག་ལ་མགོ་ལོག་དང་རྨ་ལྷོ་མཚོ་ནུབ་སོགས་ནས་འབྲོག་པ་མང་ཚོགས་ལ་ཡིག་རྨོངས་སེལ་བའི་ཟབ་སྦྱོང་ཐེངས་བརྒྱ་དང་གསུམ་ལ་སྒྲུབ་པ་རེད།AoXཀྲུང་གོ་བོད་ཀྱི་དྲ་བ།

《གསེར་གྱི་སྒྲོག་གུ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་གྲང་དུས་གྲང་གི་མ་ཟེར།།
དབྱར་ཕ་མ་མི་འགོར་མཇལ་ཡོང་།།
དྲོད་ཉི་མའི་དཀྲིས་གསུམ་རྒྱག་ངེས།།
གྲོཊ་བསམ་དོན་དེ་དུས་འགྲུབ་ཡོང་།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཁྱོད་་དབུལ་དུས་ཅ་ནེ་མ་གཡུག།
ཁྱིམ་འདི་ནི་ལྷ་ཁྱིམ་གུར་ཁྱིམ།།
ལྷ་སྒྲོལ་མ་སང་ཉིན་བྱོན་ཡོང་།།
ནང་སྨུག་སྨུག་ནོར་གྱིས་ཁེངས་ཡོང་།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཁྱོད་ཕམ་དུས་ཨ་ཐང་མ་ཆད།།
རྐང་རུས་པ་མ་བརྡུང་སྡོད་དང་།།
སྟག་ཤ་རའི་དཔུང་རྡང་བསྒྲིཊ་ཏེ།།
ས་ཆེན་པོའི་རོལ་དབྱངས་དཀྲོལ་ཡོང་།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཁྱོད་སྡུག་ན སྡུག་ཏེ་མ་གླེང་།།
སྡུག་རྨ་ཁ་ཁོག་ལ་བཅུག་ནས།།
གོས་མང་འབྲུག་རྒྱབ་ལ་གོན་དང་།།
སྟེང་གསེར་སྒྲོག་ཕུ་ནུའི་བཏགས་ཡོང་།།AoXཀྲུང་གོ་བོད་ཀྱི་དྲ་བ།

《ངས་མ་བླངས་འབྲི་མར་སེར་པོ་ཡིན།》AoXཀྲུང་གོ་བོད་ཀྱི་དྲ་བ།

ཆུ་གཙང་བོ་བཞུར་ཡག་འཁྱིལ་ཡག་རེད།།
ཉ་གསེར་མིག་གར་འཁྱུག་རང་ལག་རེད།།
དར་ཆགས་ནས་རྒས་ཉམས་མ་ཤར་ན།།
ཆུ་གཙང་བོ་ཕ་མའི་ཕ་མ་རེད།།AoXཀྲུང་གོ་བོད་ཀྱི་དྲ་བ།


ས་ཆེན་པོ་བང་རིམ་དགུ་བརྩེགས་རེད།།
ནང་འབྲོང་བརྒྱ་དེ་ཡི་ཡང་ཏོག་རེད།།
དགུན་བཅུ་བའི་ས་ལམ་མ་འགྱུར་ན།།
ས་དེ་ནི་ཕ་ས་སྨུག་སྨུག་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།


བུ་དཔའ་བོ་གླིང་རྗེ་གེ་སར་རེད།།
ད་བཤད་ན་གནའ་གཏམ་རྐྱང་རྐྱང་རེད།།
ཚིག་ལོ་རྒྱུས་འགྱུར་བ་མ་བྱུང་ན།།
བུ་ངོ་མ་བོད་ཀྱི་སྐྱེས་རབས་རེད།།AoXཀྲུང་གོ་བོད་ཀྱི་དྲ་བ།


གཞས་སྙན་མོ་བརྒྱ་བླངས་སྟོང་བླངས་རེད།།
ངས་མ་བླངས་འབྲི་མར་སེར་པོ་ཡིན།།
འབྲོག་འབྲི་མོ་གཡང་དང་མ་བྲལ་ན།།
གཞས་བཞོ་དབྱངས་ནངས་འགུག་དགོང་འགུག་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།

《སྨན་གྱོ་ཐོག་ནང་གི་ཡང་ཏོག།》AoXཀྲུང་གོ་བོད་ཀྱི་དྲ་བ།

དོན་འགོ་མ་རྨི་ལམ་ནང་ནས་རྙེད།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
གཡུ་བྱུ་རུ་འདོཊ་པའི་འབྲོག་ཕྲུག་མ།།
མིག་རྫི་མའི་བར་གྱི་ལེཊ་བྲིས་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཚིག་སྙན་མོ་ཀུ་རེ་རྩེད་ཞོར་གླེང་།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
སྐྲ་ལན་བུ་ཅན་གྱི་འབྲོག་ཕྲུག་མ།།
ལྕེ་དར་མའི་ཁུག་གི་མགུར་མ་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།


སྨན་གང་ཡག་ནང་གི་དེ་ཡག་ཞིག།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
གོས་ཚ་རུའི་ནང་གི་འབྲོག་ཕྲུག་མ།།
སྨན་གྱོ་ཐོག་ནང་གི་ཡང་ཏོག་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།


སྦྲ་རོག་རོག་གངས་རྒྱན་མེ་ཏོག་རེད།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
དགོ་བཞོ་དབྱངས་འགུག་མཁས་འབྲོག་ཕྲུག་མ།།
ངས་བསམ་ན་གཡང་གི་རུ་མ་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


འབྲོག་རུ་སྡེ་རླུང་གི་རལ་དུས་སུ།།
སེམས་བསམ་པ་དེ་ཡི་འཕྲོ་ན་ཡོད།།
ཆོས་དད་པ་ཅན་གྱི་འབྲོག་ཕྲུག་མ།།
གངས་ཉི་མའི་བར་གྱི་ལྷག་འཕྲོ་ཡིན།།AoXཀྲུང་གོ་བོད་ཀྱི་དྲ་བ།

《རྒྱལ་ཁམས་བརྩེ་བའི་གཞས།》AoXཀྲུང་གོ་བོད་ཀྱི་དྲ་བ།

མཐོན་པོ་གངས། ང་ཡི་གཞས་ཡིན།
བདེ་མོ་སྤངས། ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་གངས་ལྗོངས་རེད།
ཚུར་འཁོར་ན་རང་ཡུལ་སྨུག་པོ་རེད།
གཞས་འདི་སྲིད་གསུམ་རྩེ་ནས་ལེན།
གཞས་འདི་འཛམ་གླིང་མི་ལ་ལེན།
གཞས་འདི། མཐོན་པོ་གངས་ཡིན།
གཞས་འདི། བདེ་མོ་སྤངས་ཡིནAoXཀྲུང་གོ་བོད་ཀྱི་དྲ་བ།


ཉི་མའི་གླིང་། ང་ཡི་གཞས་ཡིན།
ཟླ་བའི་མདངས། ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་ཉི་ཟླ་རེད།
ཚུར་འཁོར་ན་རང་ཡུལ་འོད་སྣང་རེད།
གཞས་འདི་རྒྱལ་ཁམས་འགྲིམ་ནས་ལེན།
གཞས་འདི་སེམས་པའི་གཏིང་ནས་ལེན།
གཞས་འདི། ཉི་མའི་དྲོད་ཡིན།
གཞས་འདི། ཟླ་བའི་མདངས་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


རྨ་འབྲིའི་རྒྱུན། ང་ཡི་གཞས་ཡིན།
གཡུ་ཡི་མཚོ།   ང་ཡི་གཞས་ཡིན།
ཕར་སོང་ན་འཛམ་གླིང་ཆུ་བོ་རེད།
ཚུར་འཁོར་ན་རང་ཡུལ་ཆུ་འགོ་རེད།
གཞས་འདི་ཁྱོད་དང་ང་ལ་ཡོད།
གཞས་འདི་སེམས་དང་སེམས་ན་ཡོད།
གཞས་འདི། རྨ་འབྲིའི་རྒྱུན་ཡིན།
གཞས་འདི། གཡུ་ཡི་མཚོ་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།

《སྐྱོ་སྡུག་གི་མིག་ཆུ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ནངས་སྔ་མོའི་ཉི་རྩེ་འཇམ་པོ།།
གསེར་ལམ་མེར་ཤར་ནས་ཡོང་ན།།
དྲིན་ཨ་མའི་ལང་ཚོ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།AoXཀྲུང་གོ་བོད་ཀྱི་དྲ་བ།


དགོང་ཕྱི་དྲོའི་ཉི་རྩེ་སེར་པོ།།
རི་ཉག་ནས་འཇའ་ལ་བྱོས་ན།།
ལོ་དྲུག་ཅུའི་ཨ་མ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།AoXཀྲུང་གོ་བོད་ཀྱི་དྲ་བ།


རི་མཐོ་མཐོ་ཁ་མདངས་མཛེས་པོ།།
གངས་དཀར་པོས་གཡོག་ཏེ་ཡོང་ན།།
དབུ་དཀར་བོའི་ཨ་མ་དྲན་ཀི།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཆུ་གཙང་བོ་བཞུར་ཡག་འཁྱིལ་ཡག།
དར་ཆཊ་ཏེ་རྒས་ཉམས་ཤར་ན།།
དྲིན་ཨ་མ་དྲན་ནས་མི་བཟོད།།
མིག་མཆི་མའི་ཕྲེང་ཐག་ཆད་འགྲོ།། AoXཀྲུང་གོ་བོད་ཀྱི་དྲ་བ།

《གནའ་བོའི་འབྲོག་མོ་དྲན་ཚུལ།》AoXཀྲུང་གོ་བོད་ཀྱི་དྲ་བ།

སྦྲ་དང་འབྲོག་མོ་གཉིས་ཀ།
སྐལ་བ་ཆཊ་པའི་སྔོན་མ།
གངས་དང་སྲིད་པའི་བར་གྱི།
རྨི་ལམ་འཐུ་བའི་ཐོག་མ།AoXཀྲུང་གོ་བོད་ཀྱི་དྲ་བ།


ཕར་ལ་ཁམས་བདེ་ཞུས་དུས།
ཚུར་ལ་འཛུམ་ཆུང་གྲོལ་བྱུང་།
སྨྲ་བ་མང་པོ་མེད་ཀྱང་།
སྔོན་ནས་འདྲིས་པ་འདྲ་འདུགAoXཀྲུང་གོ་བོད་ཀྱི་དྲ་བ།


དགོད་ཞོར་ཚིག་གི་རྩ་བ།
སེམས་ཀྱི་གཏིང་མ་ཡིན་པ།
ཨ་ཅག་འབྲོག་མོ་རྣམས་ཀྱི།
རྩ་བའི་སྔོན་འགྲོ་དེ་རེད།AoXཀྲུང་གོ་བོད་ཀྱི་དྲ་བ།


ཆ་རྐྱེན་མང་པོ་མི་འདོན།
མནའ་དང་ཚིག་གི་དམ་བཅའ།
འགྲོཊ་ཡུན་ཉིན་གསུམ་ཡིན་ཡང་།
བརྩེ་དུང་དབུ་འཁྱུད་ཉན་དགོས།AoXཀྲུང་གོ་བོད་ཀྱི་དྲ་བ།


ང་ཡི་མིང་ནི་མི་འདྲི།
ཁོ་མོའི་མིང་ཡང་མི་བཤད།
ལྐོག་གྱུར་ཡིན་པས་ལས་སྐལ།
སྒོ་ཁྱིའི་མ་གཏོགས་མི་ཤེས།AoXཀྲུང་གོ་བོད་ཀྱི་དྲ་བ།


ཁྲེལ་དང་ངོ་ཚ་ཟེར་ནས།
གསང་བ་གསང་བའི་ལོ་ཟླ།
གོས་དཀར་གོང་བུར་རལ་བ།
སྨིན་དྲུག་ཁྲ་མོས་མཐོང་ཡོད།AoXཀྲུང་གོ་བོད་ཀྱི་དྲ་བ།


ལ་གཞས་ནང་གི་སེམས་པ།
རི་གསུམ་རྩེ་ན་ལྷག་ཤིང་།
སེམས་པའི་ནང་གི་དྲན་པ།
དེ་ཡི་ནང་ནས་རྙེད་ཡོང་།AoXཀྲུང་གོ་བོད་ཀྱི་དྲ་བ།


རང་དབང་བརྩོན་ལེན་མི་བྱེད།
གཞན་དབང་རྒོལ་ལན་མི་གཏོང་།
ལས་དབང་ཐོད་པའི་རི་མོ།
མི་ཚེའི་ཁ་བྱང་ཡིན་འདུག།AoXཀྲུང་གོ་བོད་ཀྱི་དྲ་བ།


དགའ་ཞེས་འུར་སྒྲོཊ་མི་བྱེད།།
དྲན་ཞེས་ཚད་བརྒལ་མི་འདུག།
རང་སེམས་རང་གིས་གསོས་ནས།།
སྡེ་ཆེན་གྲོང་ནས་ལུས་འགྲོ།།AoXཀྲུང་གོ་བོད་ཀྱི་དྲ་བ།


ཕུ་ཐུང་ལྟེབས་མའི་བར་གྱི།།
ལ་གཞས་མཐུན་པ་དགུ་ལྟེབས།།
ཀློག་དང་གྱེར་མཁན་མེད་པ།།
སྐྱེ་བ་སྔོན་གྱི་ལས་རེད།།AoXཀྲུང་གོ་བོད་ཀྱི་དྲ་བ།


དཔྱིད་ལ་རླུང་གི་རལ་རོགས།།
དབྱར་ལ་སྤྲིན་པའི་ངུ་རོགས།།
སྟོན་ལ་སྨུག་ཆེན་བཅིབས་རོགས།།
དགུན་ལ་ཁ་བའི་ཞུ་རོགས།།AoXཀྲུང་གོ་བོད་ཀྱི་དྲ་བ།


དུས་དང་སྐལ་བའི་ཁྲོད་ནས།།
སུ་དང་གང་གིས་མ་ཤེས།།
རི་དང་སྤངས་ལ་འཐིམས་ནས།།
མི་ཚེའི་སྣང་བ་བོར་སོང་།།AoXཀྲུང་གོ་བོད་ཀྱི་དྲ་བ།


གནམ་ལ་ལྷ་ཚོགས་ཞུ་ཞུ།།
མཚོ་ལ་ཀླུ་ཚོགས་ཞུ་ཞུ།།
སེམས་ལ་དད་པ་ཆགས་ཆགས།།
རེ་བའི་ཉི་ཟེར་རྐྱང་རྐྱང་།།AoXཀྲུང་གོ་བོད་ཀྱི་དྲ་བ།


འབྲོག་མོ་གངས་ན་ཡོད་འདུག།
གངས་ལྷ་མེ་ཏོག་ཡིན་འདུག།
ཉི་མའི་གླིང་གི་དྲོད་ཆབ།།
སེམས་དང་བསམ་པ་ཡིན་འདུག།AoXཀྲུང་གོ་བོད་ཀྱི་དྲ་བ།

《ལྷ་བྱ་ལགས།ཁུ་བྱུག་སྔོན་མོ།》AoXཀྲུང་གོ་བོད་ཀྱི་དྲ་བ།

 ལྷ་བྱ་ལགས།  ལྷ་བྱ།  ཁུ་བྱུག་སྔོན་མོ། 
 ཕྱིར་མིག་གི་ལང་ཚོ་ཁྱེར་ནས།།  
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།། 
 ཁྱོད་འབབ་སའི་རྫ་རི་སྨུག་པོ།།
 ཁྱོད་གྲགས་སའི་ནཊ་ཀླུང་ཕྱུག་མོ།།
 རྫི་གླུ་དང་མེ་ཏོག་རེ་རེ།། 
 ད་དུང་ཁ་བའི་ཁྲོད་ན་མཛེས།། AoXཀྲུང་གོ་བོད་ཀྱི་དྲ་བ།


 ལྷ་བྱ་ལགས། ལྷ་བྱ། ཁུ་བྱུག་སྔོན་མོ།  
 བརྩེ་དུང་གི་གླུ་ངག་ཁྱེར་ནས།། 
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།།
 ཁྱོད་འབབ་སའི་སུ་རུ་མེ་ཏོག།
 ཁྱོད་གྲགས་སའི་སྤང་ལྗོངས་སྔོན་མོ།།
 མཚམས་སྤྲིན་དང་འཇའ་ཚོན་རེ་རེ།།
 ད་དུང་ཁ་བའི་ཁྲོད་ན་མཛེས།།AoXཀྲུང་གོ་བོད་ཀྱི་དྲ་བ།


 ལྷ་བྱ་ལགས། ལྷ་བྱ། ཁུ་བྱུག་སྔོན་མོ།
 གངས་ལྗོངས་ཀྱི་མཛེས་སྡུག་ཁྱེར་་ནས།།
 ལྷོ་ཕྱོགས་ཀྱི་མགྲོན་ལ་བཞུད་དུས།།
 ཁྱོད་དགའ་སའི་མགོ་ནག་བོད་པ།།
 ཁྱོད་དུང་སའི་མཐིང་སྨུག་སྦྲ་ཆུང་།།
 ལ་རྒྱ་དང་རྨི་ལམ་རེ་རེ།། 
 ད་དུང་ཁ་བའི་ཁྲོད་ན་མཛེས།།AoXཀྲུང་གོ་བོད་ཀྱི་དྲ་བ།

  《གངས་དང་ཁ་བའི་ལྷག་འཕྲོ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོ་ཉི་མའི་བཙས་ཤིང་ས་གཞིའི་རྙེད་པས།
གངས་དང་ཁ་བའི་ལྷག་འཕྲོ་ཡིན།
ང་ཚོ་རི་ལ་འཐིམས་ཤིང་ཆུ་བོར་དྲངས་བས།
ས་དང་རྡོ་ཡི་རྣམ་ཤེས་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)AoXཀྲུང་གོ་བོད་ཀྱི་དྲ་བ།

ཕར་སོང་ན་གངས་ལྗོངས་འཛམ་གླིང་རེད།
ཚུར་ཡོང་ན་འཛམ་གླིང་ཉི་མ་རེད།
དགུང་ཡར་སྟོད་ལྷ་ལམ་ཡངས་ནས་དགོས།
སེམས་བསམ་པའི་གཟུང་ཐག་དམ་ནས་དགོས།AoXཀྲུང་གོ་བོད་ཀྱི་དྲ་བ།


ང་ཚོ་ཁ་བས་བཙས་ཤིང་ཆུ་བོས་རྙེད་པའི།
འགྲོ་བའི་མིག་ཟུངས་འཁོར་ས་ཡིན།
ང་ཚོ་སྤངས་ལ་འཁྲུངས་ཤིང་ནཊ་ལ་སྐྱེས་བའི།
སྐལ་བ་ཆཊ་པའི་སྔོན་མ་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)AoXཀྲུང་གོ་བོད་ཀྱི་དྲ་བ།

སྟོད་སྟོད་ན་གསེར་གྱི་ལུང་པ་ཡོད།
སྨད་སྨད་ན་དངུལ་གྱི་མཚོ་མོ་ཡོད།
ཕ་ཡུལ་མ་འགྱུར་སྙན་གྲཊ་མ་ཉམས་དགོས།
སྙན་གྲཊ་མ་ཉམས་ཕ་ས་མ་མནོག་དགོས།AoXཀྲུང་གོ་བོད་ཀྱི་དྲ་བ།


ང་ཚོ་རྒོད་པོས་བཙས་ཤིང་སྤྲིན་པའི་རྙེད་པས།
ཉི་ཟླའི་རུམ་གྱི་གཅེས་ཕྲུག་ཡིན།
ང་ཚོ་སྟོད་ནས་ཆཊ་ཤིང་སྨད་ལ་རྒྱས་པས།
མི་ཡི་ཡུལ་གྱི་བོད་པ་ཡིན།
(ཡ་རེ་ལོ  གླུ་ཞིག་ལེན)AoXཀྲུང་གོ་བོད་ཀྱི་དྲ་བ།

དྲིན་ཕ་མ་འདྲ་བའི་ཕ་ས་ལ།
བྲང་ནུ་ཞོ་འདྲ་བའི་གསོས་འདང་ཡོད།
ཕྱི་ཁོ་ར་ཁོར་ཡུག་གཙང་ནས་དགོས།
དྲིན་འཇལ་བའི་བསམ་པ་བརྟན་ནས་དགོས།AoXཀྲུང་གོ་བོད་ཀྱི་དྲ་བ།

《མི་སེམས་སྟོན་པའི་སྟོན་པ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ལན་ཅིག་འཛོམས་པའི་ཆང་ཕོར།།
གཡུ་འབྲུག་འོ་མས་བཙས་སོང་།།
སླར་ཡང་འཛོམས་པའི་སྨོན་ལམ།།
དབྱར་གསུམ་ཆར་བས་བཙས་ཆོག།   
དགུན་དང་འགྲོགས་པའི་རྨི་ལམ།།
སེམས་ཀྱི་བརྩིགས་པ་མིན་ན།།
རྟུལ་ཕོད་ཉིན་མཚན་བར་ནས།།
རུས་རྐང་འཇིབས་དོན་མི་འདུག།AoXཀྲུང་གོ་བོད་ཀྱི་དྲ་བ།


ཨ་ཅེ་འབྲོག་མོའི་ལས་དབང་།།
གངས་དང་ཁ་བས་བཙས་སོང་།།
ཕྱིར་འོང་མེད་པའི་ལོ་ཟླ།།
ནམ་མཁའི་ལྷ་ཡིས་བཙས་ཆོག།
རྨི་ལམ་ནང་གི་རྨི་ལམ།།
གནམ་སའི་རྨུ་ཐག་མིན་ན།།
འཁོར་བའི་ཕྱི་ཁྱིམ་བར་ནས།།
སུ་ཞིག་བོར་བ་མ་གསལ།།AoXཀྲུང་གོ་བོད་ཀྱི་དྲ་བ།


དྲན་པ་གང་རེད་ཟེར་ན།།
ཤ་དང་རུས་པས་བཙས་སོང་།།
མི་སེམས་སྟོན་པའི་སྟོན་པ།།
ལུང་དང་རིག་པས་བཙས་ཆོག།
འཕྲེད་གླིང་ནང་གི་སྐད་ཆ།།
ཕན་ཚུན་མགྲིན་ཚབ་མིན་ན།།
ཚངས་དབྱངས་ལྷ་མོའི་རོལ་ཆ།།
དཀྲོལ་དང་མ་དཀྲོལ་མི་འདུག།AoXཀྲུང་གོ་བོད་ཀྱི་དྲ་བ།

《ཨ་མ། དུས་དང་སྐལ་བའི་མཛེས་སྡུག》AoXཀྲུང་གོ་བོད་ཀྱི་དྲ་བ།

ནམ་མཁའི་དབྱིངས་ཀྱི་ཉི་མ།
ཉི་མ་ལས་ཀྱང་དྲོ་དྲོ།
ནམ་མཁའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
བཟོད་པའི་ཕ་རོལ་ཕྱིན་པས།
ཨ་མ། ཨ་མ། ཨ་མ།
ཚིག་ལ་འགྲེལ་ན་རྗེ་བཙུན་མགུར་མ།
དབྱངས་ལ་བཀུག་ཚེ་ཡིད་ཀྱི་དྭངས་འདྲེན།AoXཀྲུང་གོ་བོད་ཀྱི་དྲ་བ།


AoXཀྲུང་གོ་བོད་ཀྱི་དྲ་བ།

ནམ་མཁའི་དབྱིངས་ཀྱི་ཟླ་བ།
ཟླ་བ་ལས་ཀྱང་མཛེས་མཛེས།
སྲིད་པའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
བྱང་ཆུབ་སེམས་ཀྱིས་དག་པས།
ཨ་མ། ཨ་མ། ཨ་མ།
རྒྱལ་ཁམས་བརྩེ་བའི་ལྷ་མོ་ཁྱེད་ཡིན།
དུས་དང་སྐལ་བའི་མཛེས་སྡུག་ཁྱེད་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


AoXཀྲུང་གོ་བོད་ཀྱི་དྲ་བ།

ནམ་མཁའི་དབྱིངས་ཀྱི་སྐར་མ།
སྐར་མ་ལས་ཀྱང་གསལ་གསལ།
གླིང་བཞིའི་མཐའ་དང་མཉམ་པས།
ཨ་མ། ཨ་མ། ཨ་མ།
མི་ཡུལ་བདེ་སྐྱིད་འདྲེན་པས།
ཨ་མ། ཨ་མ། ཨ་མ།
གྲགས་པ་གཏེར་གྱི་མཚན་སྙན་བཟུང་ནས།
ང་ལ་འོད་ཀྱི་འཇིག་རྟེན་བསྐྲུན་བྱུང་།AoXཀྲུང་གོ་བོད་ཀྱི་དྲ་བ།

《རྨི་ལམ་གྱི་གཤོག་རྩལ་རྒྱས་ས།》AoXཀྲུང་གོ་བོད་ཀྱི་དྲ་བ།

 ང་དང་ཐང་དཀར་རྒོད་པོས།
རྩྭ་ཐང་གི་ལྟེབས་མ་བཤིགས་ཀྱང་།
རི་ཆུ་མང་པོ་སེམས་ཀྱི་ཟབ་སར་བཅུག་ནས།
རྒྱང་ལ་ཆས་ཤིང་རྒྱང་ནས་ལོག་ཡོང་།
བྱིས་དུས་ཀྱི་རྨི་ལམ་སྐོང་ས།
གཞོན་དུས་ཀྱི་སྣང་བ་གསལ་ས།
འབའ་ཡུལ་གཡང་གི་རྭ་བ།
གཞས་ལ་བཀུག་ན་ཚིག་གི་ང་རོ་ཡིན།
ཚིག་ལ་བཏབ་ན་དབྱངས་ཀྱི་འགྱུར་ཁུག་ཡིན།
སེམས་ཨ་ལོང་ནང་གི་ཡང་ལོང་སྟེ།
མིག་དང་རྫི་མའི་བར་གྱི་མཚར་སྡུག་ཡིན།
ཤ་དང་རུས་པའི་གཏིང་གི་སྙིང་སྡུག་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


ང་དང་ཁུ་བྱུག་སྔོན་མོས།
མི་ཡུལ་གྱི་ཁ་གཡང་ཁུར་ཅིང་།
ཕ་གཞིས་དྲོད་མོ་སེམས་ཀྱི་ཟབ་སར་ཉར་ནས།
རྒྱང་ལ་ཆས་ཤིང་རྒྱང་ནས་ལོག་ཡོང་།
རྨི་ལམ་ལ་གཤོག་རྩལ་རྒྱས་ས།
ལང་ཚོ་ཡི་འདབ་མ་བཞད་ས།
འབའ་ཡུལ་གཡང་གི་རྭ་བ།
གྲང་བའི་དུས་སུ་དམར་པོ་མེ་དང་འདྲ།
སྐྱོ་བའི་དུས་སུ་ཕ་མ་སྤུན་མཆེད་འདྲ།
སེམས་ཨ་ལོང་ནང་གི་ཡང་ལོང་སྟེ།
ཕ་ས་དམ་པ་སེམས་ཀྱི་སྨུག་སྨུག་ཡིན།
མ་ས་ཕྱུག་མོ་སྙིང་གི་སྒོར་སྒོར་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།

 《ཁྱོད་ཀྱི་སླད་དུ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཐག་རིང་བ་གནམ་སའི་མཐའ།
མི་སེམས་ཟད་པ་ལུས་ཀྱི་མཐའ།
ཞེ་གཏམ་ཤོག་ངོར་བྲིས་བྲིས་ཀྱང་།
ཀློག་མཁན་གྲོགས་པོ་གཅིག་ཡང་མེད།
བརྩེ་དུང་གི་ལྷག་འཕྲོ་ཁྱེར་བས།
ངའི་ཞེ་འཐོགས་ལགས།
ཁྱོད་ཀྱི་མ་འོངས་བའི་སླད་དུ།
ང་རང་བརྗེད་སོང་ཆོག 
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


ཆང་ལ་འཐིམ་པའི་འཁྱམ་པོ་ཡིན།
དགོད་སྒྲ་མེད་པའི་ཁེར་རྐྱང་ཡིན།
དུང་གཏམ་མི་ལ་གླེང་གླེང་ཡང་།
དུང་རོགས་གྲོགས་པོ་གཅིག་ཡང་མེད།
ཞེ་འདང་གི་དྭངས་གཙང་བཞེས་པས།
ངའི་ཡིད་འོང་ལགས།
ཁྱོད་ཀྱི་བདེ་སྐྱིད་ཀྱི་སླད་དུ།
ང་རང་བརྗེད་སོང་ཆོག
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


སྐྲ་ལོ་འཛིངས་བའི་ལོ་ཟླ་ཞིག
སེམས་ངལ་ལྕི་བའི་ཉིན་མཚན་ཞིག
དྲན་པ་གཞས་ལ་བཀུག་བཀུག་ཀྱང་།
ཉན་མཁན་གྲོགས་པོ་གཅིག་ཀྱང་མེད།
ངའི་མཚར་སྡུག་ལགས།
ཁྱོད་ཀྱི་ལས་དབང་གི་སླད་དུ།
ང་རང་བརྗེད་སོང་ཆོག
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན།
སྐྱིད་དེ་ཡང་ང་ཡི་སྐྱིད་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།

 《ཚེ་འདི་སྐྱིད་ཁྱོད་དང་ང་ཡིན།》AoXཀྲུང་གོ་བོད་ཀྱི་དྲ་བ།

ཕར་སོང་རྐང་སྒྲ་ཐག་ཐག
ཚུར་ཡོང་འཛུམ་མདངས་ཤིག་ཤིག
ཆུང་ལ་ཆུང་འདྲིས་བྱམས་པ།
མིག་དང་རྫི་མའི་བར་གྱི།
མེ་ཏོག་གངས་ལྷ་མིན་ཚེ།
དབྱར་ཟླ་དྲུག་པ་ཟེར་བ།
དུས་ཀྱི་ཁྲ་ཁྲ་ཙམ་རེད།AoXཀྲུང་གོ་བོད་ཀྱི་དྲ་བ།


འཛོམས་དུས་སྙིང་གཏམ་ལྷུག་ལྷུག
གྱེས་དུས་དངན་པ་ཤུར་ཤུར།
ཆུང་ལ་ཆུང་འདྲིས་བྱམས་པ།
གོམ་གསུམ་གོམ་པའི་བར་གྱི།
ཞེ་དང་སྣང་བ་མིན་ཚེ།
ཁྲེལ་དང་བློ་ཐག་ཟེར་བ།
སྐྱོ་བའི་སྣོན་མ་ཙམ་རེད།AoXཀྲུང་གོ་བོད་ཀྱི་དྲ་བ།


AoXཀྲུང་གོ་བོད་ཀྱི་དྲ་བ།

མཐུན་ན་གྲོས་ཁ་སྒོར་སྒོར།
མ་མཐུན་སྒོ་མོ་ཟུར་ཟུར།
ཆུང་ལ་ཆུང་འདྲིས་བྱམས་པ།
ཚེ་དང་ཕྱི་མའི་ལམ་གྱི།
ལུས་དང་གྲིབ་མ་མིན་ཚེ།
བརྩེ་དུང་བརྩེ་དུང་ཟེར་བ།
རི་སྤྱང་གནས་མལ་ཙམ་རེད།   AoXཀྲུང་གོ་བོད་ཀྱི་དྲ་བ།

《དབྱངས་རྟ་ཐོག་མ།》AoXཀྲུང་གོ་བོད་ཀྱི་དྲ་བ།

 ལས་དབང་གི་དཀྱོག་མཚམས་དེ་ན།
 མི་མཐོང་པའི་ངོ་གདོང་ཞིག་ཡོད།
 དེ་ནི་མིག་ཆུའི་ཁ་དོག་རེད།
 དེ་ནི་སེམས་པའི་ཕྱི་ནང་རེད།
 ངས་ཕྱི་མིག་གི་ལྷག་འཕྲོ་རེ་ནས།
 ང་རི་གསུམ་གྱི་རྩེ་མོར་འགྲེངས་སྟེ།
གཅེས་ཕྲུག་ཁྱོད་གངས་རི་ལ་བཅོལ་ཡོད།
 གཅེས་ཕྲུག་ཁྱོད་རྩྭ་ཐང་ལ་བཅོལ་ཡོད།
 གངས་གྲོང་གི་དཀྱོཊ་མཚམས་འདི་ནས།
 ཨ་ཕའི་བཟོས་པས་པཊ་ཚག་དེ་མ་བརྗེད།
 དེ་ནི་ཁྱོད་ཀྱི་ཕྱོར་ལྭ་ཐོག་མ་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


  ལུང་པ་དེ་ཧ་ཅང་དོག་སོང་།
  མི་སེམས་ཡང་སྔར་བཞིན་དོག་སོང་།
  སང་ཉིན་ཡོད་པ་མི་ཤེས་ཟེར།
  བརྩེ་དུང་དེ་བས་མི་རྟོགས་ཟེར།
  ངས་མི་འཚོཊ་ཀྱི་ཁ་རླངས་ཁྲོད་ནས།
  ང་སྔོན་བསཊ་ཀྱི་ལས་འཕྲོར་འཇུས་ཏེ།
  གཅེས་ཕྲུག་ཁྱོད་ཉི་མ་ལ་བཅོལ་ཡོད།
  གཅེས་ཕྲུག་ཁྱོད་ཟླ་བ་ལ་བཅོལ་ཡོད།
  ཉི་ནུབ་ཀྱི་སྔ་ཕྱི་རེ་ནས།
  ཨ་ཕས་བསླབ་པའི་གཞས་ཆུང་དེ་མ་བརྗེད།
  དེ་ནི་ཁྱོད་ཀྱི་དབྱངས་རྟ་ཐོག་མ་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།


  འཇིག་རྟེན་ནི་ཀུ་རེ་རྐྱང་རྐྱང་།
  བརྩེ་བ་ཞིག་གྲང་ཤུར་གྲང་ཤུར།
  མི་ངོ་དཀར་ནག་གཉིས་རེ་འདུག
  རྙེད་པའི་མི་ཡང་ཁྲ་ཁྲ་རེད།
  ངས་མ་ཐོབ་པའི་སྐལ་བ་གླེང་བཞིན།
  ང་ལྗིད་དྲག་པའི་གྲིབ་མར་ཁེན་ཏེ།
  གཅེས་ཕྲུག་ཁྱོད་གནམ་སྔོན་པོར་བཅོལ་ཡོད།
  གཅེས་ཕྲུག་ཁྱོད་ས་དོག་མོར་བཅོལ་ཡོད།
  གནམ་ས་ཡི་བར་སྟོང་རེ་ནས།
  ཨ་ཕའི་གདོང་གི་མིག་ཆུ་དེ་མ་བརྗེད།
  དེ་ནི་ཁྱོད་ཀྱི་གཅེས་སེམས་ཐོག་མ་ཡིན།AoXཀྲུང་གོ་བོད་ཀྱི་དྲ་བ།

《སྨྱུག་འོག་གི་ཁ་བ།》AoXཀྲུང་གོ་བོད་ཀྱི་དྲ་བ།

ནམ་ཟླ་དབྱར་གྱི་དུས་ཚོད་ཞིག་ལ།
སེམས་ལ་ཁ་བ་མཐུག་པོ་བབས་བྱུང་།
མིག་ལ་མཆི་མའི་རྦབ་རྡོ་དྲིལ་བས།
ང་ཡི་འཇིག་རྟེན་འཁྱཊ་པས་བསྡམས་སོང་།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།AoXཀྲུང་གོ་བོད་ཀྱི་དྲ་བ།


འཇིག་རྟེན་ཆེ་དྲག་ང་རང་ཆུང་དྲག།
སྐྲ་ལོ་འཛིངས་བའི་ཉིན་མཚན་རེ་རེ།
གནམ་སའི་བར་གྱི་རྒྱང་བལྟ་རེ་རེ།
ཁྱེད་ཀྱིས་བྲིས་པའི་སྙན་ངག་མིན་ནམ།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།AoXཀྲུང་གོ་བོད་ཀྱི་དྲ་བ།


འཛོམས་ཐེངས་རེ་ལ་སེམས་གཏམ་རེ་རེ།
རྗེས་མ་ཡོད་མེད་མི་ཤེས་གསུང་བཞིན།
ཆང་ཕོར་མཐོ་རུ་བཏེཊ་པའི་རྣམ་པ།
རྗེས་སུ་དྲན་ན་ཇི་འདྲའི་ཕངས་བ།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།AoXཀྲུང་གོ་བོད་ཀྱི་དྲ་བ།


སྐབས་རེར་གཞན་གྱི་ཆེད་དུ་ངུས་མྱོང་།
ལན་རེར་གཞན་གྱི་དོན་དུ་བགད་མྱོང་།
ངུ་ཡང་སླ་ལ་དགོད་ཡང་སླ་བས།
ཁྱོད་དང་སྙན་ངག་གང་ལ་བཞུད་སོང་།
ཁྱེད་རང་བུད་སོང་ང་རང་ལུས་སོང་།
ངེད་གཉིས་དངོས་གནས་གཏན་དུ་བྲལ་སོང་།AoXཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།