ངག་གི་མེ་ཏོག

《ངག་གི་མེ་ཏོག》ནི་མདོ་སྨད་ཁྲི་ཀའི་ཡུལ་གྱི་འཐུས་ཚབ་རྩོམ་པ་པོ་མགར་ཨ་ཁྱུང་དང་སྨུག་པོ། སྟག་རིག་འབྲུག་ཐར་གསུམ་གྱིས་འགྲེམ་སྤེལ་བྱས་པའི་ཕྱོགས་བསྡུས་སྙན་དེབ་ཡིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་དེབ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་རྩོམ་རིག་ལྷན་ཚོགས་ཀྱིས་གཟིགས་བཟོས་མཐོང་ཆེན་གྱིས་མ་དངུལ་བཏང་བ་དང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིན་པས།  རྩོམ་གྱི་བརྗོད་བྱ་དང་ཚིག་སྦྱོར་གང་ཐད་དུ་ཞུ་དག་དང་པར་ཞུས་གོ་རིམ་ལྡན་པར་བྱས་པ་སོགས་ལས་རྩོམ་གྱི་ཆུ་ཚད་མཐོ་རུ་མངོན་པར་བྱས་ཡོད།     aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་པ་གསུམ་གྱི་སྙན་ངག་བསྡུས་དེབ་འདི་ནི་སློབ་འབྲིང་དགེ་རྒན་གྱི་བྱ་གཞག་དང་འཚོ་བའི་ཚོར་འདུ་ཡོད་ཚད་སྨྱུག་གུའི་རྩེ་རུ་བབས་པའི་སྒྱུ་རྩལ་གྱི་མཛེས་པ་དང་།  འཚོ་བའི་བདེན་པ་སྒྱུ་རྩལ་ལ་སྦྱར་བའི་ངག་གི་མཆོད་པ།  དབྱངས་གསལ་དང་མར་རྩམ་མཉམ་དུ་ཟོས་པའི་བློ་སྦྱོང་གི་རེ་ཁཱ་ཡིན་པས།  རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་སེམས་ཀྱི་རྒྱགས་ཕྱེ་རུ་བཞེས་རོགས།  aS9ཀྲུང་གོ་བོད་ཀྱི་དྲ་བ།

335560004766878803.jpgaS9ཀྲུང་གོ་བོད་ཀྱི་དྲ་བ།

  ལྷ་མཁར་ཚེ་རིང( མགར་ཨ་ཁྱུང )ནི་མདོ་སྨད་ཁྲི་ཀ་རྫོང་གི་མི་ཡིན་ཞིང་། 2014ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག»«ཁྲི་གཤོག་རྒྱལ་མོ»«མཚོ་སྔོན་བོད་ཡིག་ཚགས་པར»«མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར»སོགས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་ཞིང་། «རྩེར་སྙེག»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་འགའ་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ལ་ཞུགས་མུས་ཡིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་། བྲག་ལ་བགྱིས་པའི་རྡུལ་ཕྲན་སྟོང་ཕྲག་གི་ཚེ་སྲོག     aS9ཀྲུང་གོ་བོད་ཀྱི་དྲ་བ།

བྱེ་ཐང་དེ་མྱ་ངམ་དུ་སོང་ནས་ཡུན་རིང་འགོར་ཡངaS9ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཟེར་གྱིས་སྤུར་བཞིན་པའི་ལོ་ཟླའི་གྲིབ་གཟུགས་དེ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཚ་དྲོད་གྱི་ཆར་བ་ཤག་ཤག་འབབ་སའི་གསེར་གཞོངས་དེརaS9ཀྲུང་གོ་བོད་ཀྱི་དྲ་བ།

ཡང་བསྐྱར་གར་གྱིས་རྩེན་ཞིང་བྲོ་རུ་འཁྲབ་པ་ནིaS9ཀྲུང་གོ་བོད་ཀྱི་དྲ་བ།

དར་གྱིས་བརྒྱན་པའི་ལྷ་མོ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ་གྱི་ནམ་མཁའི་སྨུག་ལོང་དུ་འཕྱོ་བ་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

རྒྱང་རིང་ནས་འདས་དོན་གྱི་རྟ་ཕོར་འཆིབ་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་སེམས་ངོགས་སུ་འབྱོར་དུསaS9ཀྲུང་གོ་བོད་ཀྱི་དྲ་བ།

བྲག་ལ་བགྱིས་པའི་རྡུལ་ཕྲན་སྟོང་ཕྲག་གི་ཚེ་སྲོགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྲག་རྒྱུན་དུ་བཞུར་བའི་དེབ་ཐེར་གྱི་ཚུལ་དུ་འཛོམས་པ་ནaS9ཀྲུང་གོ་བོད་ཀྱི་དྲ་བ།

གཙུག་རྒྱན་དུ་གྱུར་བའི་གཟུགས་བརྙན་དེ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

སྤྲིན་གྱི་འདུ་འགོད་ལས་འཛིངས་པའི་ཐུགས་འཕྲད་ཀྱིསaS9ཀྲུང་གོ་བོད་ཀྱི་དྲ་བ།

སྦས་སྐུང་གི་ལོ་ཟླའི་རྨི་ལམ་དུ་རྒྱུ་བའིaS9ཀྲུང་གོ་བོད་ཀྱི་དྲ་བ།

དྲན་གདུང་གི་དབྱངས་རྟའི་གྲོགས་སུ་འཁྱེརaS9ཀྲུང་གོ་བོད་ཀྱི་དྲ་བ།

བྲག་གི་ནམ་མཁར་འཕུར་བཞིན་པའི་ལྷ་ལྷ་མོའི་ཚོགསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁེར་རྐྱང་མ་ཡིན་པའི་ཞིང་ཁམས་འདིའི་སྒེའུ་ཁུང་དུaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བའི་འཛུམ་མདངས་གྱོན་ཏེ་བག་ཕེབས་ངང་སླེབས་ཤིངaS9ཀྲུང་གོ་བོད་ཀྱི་དྲ་བ།

གང་ཡིན་ཆ་མ་འཚལ་བའི་རྒྱང་བཞུད་པ་དག་གིསaS9ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྟོང་གི་རེ་སྙེག་ཡོད་ཚད་རྒྱབ་ཏུ་ཁུར་ཏེaS9ཀྲུང་གོ་བོད་ཀྱི་དྲ་བ།

ཞབས་རྗེས་ན་བཞད་པའི་མེ་ཏོག་སྟོང་ཕྲགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་མགུལ་དུ་བསྒྲོན་ཞིང་ས་ལ་གཏོརaS9ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་སྲོག་གི་ལྷག་མ་འཁུར་བའི་ཟླ་གམ་གྱི་ཆུ་མིགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་པང་བར་འཐིམས་པའི་དཔའ་བོའི་ཚེ་སྲོག་གི་མིག་ཆུ་ཡིན་ལaS9ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་གི་སྲོག་རྩར་འཁྱིལ་བའི་མིག་ཆུ་ལསaS9ཀྲུང་གོ་བོད་ཀྱི་དྲ་བ།

ལེ་དབར་སྟོང་ཕྲག་གིས་ཆོད་པའི་བཙན་པོའི་རྟ་མཆོག་གི་རྨིག་སྒྲ་དངaS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་ཕྲག་གིས་སྦས་པའི་བློ་མིག་གི་ལྡོག་གཟུགས་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

ཉ་གང་གི་ཟླ་བ་བཞིན་འཆར་འོངaS9ཀྲུང་གོ་བོད་ཀྱི་དྲ་བ།

ཉི་མ་བཞུད་སོང ཏུན་ཧོང་སྔར་བཞིན་བཀྲག་མདངས་བཀྲaS9ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་དབུ་རྩེ་ན་འཚེར་བའི་སྐར་ཆེན་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཟླའི་བདེ་སྡུག་གི་རྒྱང་བཞུད་ཁྲོདaS9ཀྲུང་གོ་བོད་ཀྱི་དྲ་བ།

མེ་ཏོག་གི་མིག་ཆུ་རལ་གྲིས་གཤགས་ཀྱང་རུངaS9ཀྲུང་གོ་བོད་ཀྱི་དྲ་བ།

མངའ་ཐང་གི་ཉི་ཟླ་སྤར་མོས་བཟུང་ཡང་རུངaS9ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་།   འོད་ཟེར་སྟོང་ཕྲག་གི་ཀློང་ནaS9ཀྲུང་གོ་བོད་ཀྱི་དྲ་བ།

ནམ་ཡང་རྒས་པ་མེད།    ཉམས་པ་མེདaS9ཀྲུང་གོ་བོད་ཀྱི་དྲ་བ།

       དཔྱིད་ཀའི་སིལ་སྡོང་མེ་ཏོག aS9ཀྲུང་གོ་བོད་ཀྱི་དྲ་བ།

རླུང་བུའི་ལག་ཟུང་གིས་བསྐྱོམ་པའི་མེ་ཏོག་གི་ཐང་གསaS9ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཀྱི་བདག་མོའི་བཞིན་རས་ལ་ཁ་དོག་བསྣན་ཞིངaS9ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་གི་ཁ་བས་གཙེ་བའི་ལོ་མའི་སེར་ཏིག་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི་ཕྲག་སྟེང་ནས་འཛིན་མའི་གཞི་ལ་འཐིམས་དུསaS9ཀྲུང་གོ་བོད་ཀྱི་དྲ་བ།

སྐྱ་ཐིང་ཐིང་གི་ལོ་ཡིས་ཁུར་བའི་སྡུག་ཡུས་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ཀྱི་འཛུམ་བག་གིས་ནམ་མཁའི་མཐའ་རུ་སྤྱུགས་པསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཚོན་གྱིས་བྱུགས་པའི་ངའི་ཕ་ཡུལ་ནaS9ཀྲུང་གོ་བོད་ཀྱི་དྲ་བ།

གཞན་ལ་མ་སླེབས་པའི་དཔྱིད་ཀྱི་སྒེག་མོaS9ཀྲུང་གོ་བོད་ཀྱི་དྲ་བ།

སུ་ཡིས་ཀྱང་མྱོང་བཞིན་པའི་ཉི་འོད་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

འཛུམ་དམུལ་དམུལ འོད་ཀྲིག་ཀྲིགaS9ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་མའི་འགྲམ་ཆུས་བརླན་པའི་སྤྲིན་བཅུད་ཀྱི་གོམ་སྒྲསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཕོ་ལས་བཙན་པའི་གཡུ་འབྲུག་མལ་ལས་དཀྲོགས་པསaS9ཀྲུང་གོ་བོད་ཀྱི་དྲ་བ།

མེ་ཏོག་གི་མཁུར་ཚོས་ལ་བརྩེ་བའི་དམར་མདངས་རྒྱས་ཤིངaS9ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཆད་མི་དགོས་པའི་ས་སྲོད་ཀྱི་དུས་དེརaS9ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་བརྩེ་བ་ལས་མཆེད་པའི་གཞས་ཆུང་ཕྲ་མོསaS9ཀྲུང་གོ་བོད་ཀྱི་དྲ་བ།

བདག་ཀྱང་འདྲེན་ལ ཁྱོད་ཀྱང་བསུaS9ཀྲུང་གོ་བོད་ཀྱི་དྲ་བ།

རྒྱང་རིང་ནས་གནས་འདིར་བཏེགས་པའི་དྲན་སྣང་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་རླངས་ཁྲོད་གཤོག་ཟུང་གིས་སྤུར་ཞིངaS9ཀྲུང་གོ་བོད་ཀྱི་དྲ་བ།

བུང་བའི་འདོད་ཡོན་ན་རྒྱུ་བའི་བསུང་ཞིམ་གྱིསaS9ཀྲུང་གོ་བོད་ཀྱི་དྲ་བ།

གནའ་མཁར་འདིའི་རྐང་མཐིལ་ནས་དབུ་རྩེའིི་བརaS9ཀྲུང་གོ་བོད་ཀྱི་དྲ་བ།

བརྗེད་བྱང་དུ་ཆགས་པའི་རི་མོའི་མདངས་ཅི་རིགས་བདུད་རྩིར་ཕབ་ཅིངaS9ཀྲུང་གོ་བོད་ཀྱི་དྲ་བ།

གང་དྲན་དྲན་གྱིས་ཕྱུག་པའི་མགྲོན་པོའི་ཚོགསaS9ཀྲུང་གོ་བོད་ཀྱི་དྲ་བ།

རྐང་རྗེས་འཚོལ་བའི་གྲུ་ཟུར་རེ་རེ་ནaS9ཀྲུང་གོ་བོད་ཀྱི་དྲ་བ།

སྣང་བས་འཁྱམས དྲན་པས་རྒྱུaS9ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་ཡི་སྙིང་བོའི་ངོ་བོ་སྨིན་པའི་མེ་ལོང་དངaS9ཀྲུང་གོ་བོད་ཀྱི་དྲ་བ།

མི་རྟག་རིས་སུ་མ་ཁྱེར་བའི་སྤྲིན་གྱི་མེ་ཏོགaS9ཀྲུང་གོ་བོད་ཀྱི་དྲ་བ།

ད་དུང་དཔྱིད་ཀྱི་བདག་མོའི་སྐྲ་ལོ་སོགསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཡོད་ཚད་ཁྱོད་ཀྱི་པང་བ་རུ་བཞད་ཅིང་བཀྲ་བསaS9ཀྲུང་གོ་བོད་ཀྱི་དྲ་བ།

སྐག་བྱུགས་མི་དགོས་པའི་དཔྱིད་ཀ་འདིརaS9ཀྲུང་གོ་བོད་ཀྱི་དྲ་བ།

ཚོས་ཀྱིས་མ་བརྒྱན་པའི་བྱ་དངོས་མི་མཆིས་ནaS9ཀྲུང་གོ་བོད་ཀྱི་དྲ་བ།

བདག་ཁྱོད་ལས་སྒེག ཁྱོད་བདག་ལས་འཕྱོརaS9ཀྲུང་གོ་བོད་ཀྱི་དྲ་བ།

བཙག་ངར་ཞུས་ཚར་བའི་དཔྱིད་ཀའམaS9ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཀའི་ཚ་རུས་རུམ་པའི་ངའི་ཕ་ཡུལaS9ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་གི་ཀློང་ན་ཉར་བའི་མེ་ཏོག་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་མིག་མི་གླེང་ལ་འབྱུང་འགྱུར་ཡང་མི་བསམ་པརaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁ་དོག་གིས་འཕྲུལ་བའི་འཇིག་རྟེན་འདིརaS9ཀྲུང་གོ་བོད་ཀྱི་དྲ་བ།

མེ་ཏོག་ཁོ་ན་གླེང་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

རླུང་བུས་སེམས་པ་སྤུར སེམས་པས་གཞས་ཆུང་གྱེརaS9ཀྲུང་གོ་བོད་ཀྱི་དྲ་བ།

འོད་ལ་འཁྲུངས་པའི་རྒྱལ་སྲསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཤར་ཕྱོགས་ན་འཕྱོ་བའི་འོད་རླབས་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

མི་རྣམས་ཀྱིས་ཉི་མའི་བུ་རྒྱུད་དུ་གླེང་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་ངེས་ཅན་ཞིག་ནསaS9ཀྲུང་གོ་བོད་ཀྱི་དྲ་བ།

བཞུ་བ་མེད་པའི་ཁ་བ་གངས་རིར་གྱུར་ཅིངaS9ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ལ་བཞད་པའི་མེ་ཏོག་ཅིགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཡང་ཡང་མིག་ཟུང་གིས་མཆོད་ཅིངaS9ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་ལ་བྲིས་པའི་ཕུག་རོན་ཞིགaS9ཀྲུང་གོ་བོད་ཀྱི་དྲ་བ།

གཤོག་ཟུང་བརྐྱངས་ཏེ་དགུང་ལ་འཕུརaS9ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མྱེས་ཀྱི་ཕྱག་ཕྲེང་ནས་འབུས་པའི་མུ་ཏིག་རྡོག་པོaS9ཀྲུང་གོ་བོད་ཀྱི་དྲ་བ།

དཀར་དམར་གྱི་ཕོ་བྲང་གི་བྲང་ཁར་གྱ་གྱུར་བགྲོད་ཅིངaS9ཀྲུང་གོ་བོད་ཀྱི་དྲ་བ།

གོམ་པའི་འགྲོས་ལ་འཁྱུད་པའི་གཟུགས་སྣང་དེ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

ལར་ལང་ཚོར་སྨ་ར་འཛིངས་པའི་སྐྱེས་ཆེན་གྱི་ལུས་ལ་འཐིམ་ཞིངaS9ཀྲུང་གོ་བོད་ཀྱི་དྲ་བ།

ལར་བླུན་རྒོད་གཡང་ལ་མཆོངས་པའི་གཤིས་ངན་གྱི་སྲིན་འབུར་སྲེད་དུསaS9ཀྲུང་གོ་བོད་ཀྱི་དྲ་བ།

ཁེར་རྐྱང་གི་སྣེ་ལམ་ལ་རྒྱང་རིང་གི་འོད་རླབས་ཀྱིས་བྱུགས་ཤིངaS9ཀྲུང་གོ་བོད་ཀྱི་དྲ་བ།

རེ་སྙེག་དང་འདུན་མས་གྲུབ་པའི་སྐར་མདའ་ཞིགaS9ཀྲུང་གོ་བོད་ཀྱི་དྲ་བ།

རི་རབ་དང་གཙང་བོའི་ཕ་རོལ་གྱི་རུས་རྐང་ལ་ཟུག་གམaS9ཀྲུང་གོ་བོད་ཀྱི་དྲ་བ།

གོ་ལའི་ཁ་དོག་འབར་བའི་གླིང་དེའི་དབང་རྩའི་སྦུབས་སུ་ཞུགསaS9ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ་མ་ཡིན་པའི་ཞིང་ཁམས་དེརaS9ཀྲུང་གོ་བོད་ཀྱི་དྲ་བ།

མེ་སྟག་གིས་མཆེད་པའི་མི་རབས་ཀྱི་ཚོགས་ལaS9ཀྲུང་གོ་བོད་ཀྱི་དྲ་བ།

སུམ་རྩེན་ལྟ་བུའི་ཁང་ཁྱིམ་ཞིག་བརྩིགས་སླད་དུaS9ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆུབ་ལྗོན་ཤིང་གི་ལོ་འདབ་རེ་རེའི་གྲིབ་གཟུགས་འཚོལ་ཞིངaS9ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་བཙོན་ར་དབེན་སའི་རང་དབང་དེའི་ཕྱི་ལོགས་སུaS9ཀྲུང་གོ་བོད་ཀྱི་དྲ་བ།

ནམ་ཡང་གཉིས་ཆར་མ་གྱུར་བའི་དབུ་མ་ཞིག་སེམས་བཞིནaS9ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་ནང་གསང་གསུམ་གྱི་བདེ་སྡུག་ཡོད་ཚད་ཐོད་དུ་བླངས་ཤིངaS9ཀྲུང་གོ་བོད་ཀྱི་དྲ་བ།

དགའ་སྐྱོ་ཆགས་སྡང་གི་འཁོར་བའི་སྒྱུ་མ་ཕྲག་ཏུ་བླངས་པསaS9ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་དབུ་རྩེར་བསྙེག་པའི་བགོ་སྐལ་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་ནས་ཕྱོགས་བཞིར་མཆེད་དམaS9ཀྲུང་གོ་བོད་ཀྱི་དྲ་བ།

ཤར་ནས་གླིང་བཞིར་སིམས་འགྲོaS9ཀྲུང་གོ་བོད་ཀྱི་དྲ་བ།

མི་རྣམས་ཀྱི་དབང་ཚོར་ན་འཕུར་བའི་ཕུག་རོན་དེaS9ཀྲུང་གོ་བོད་ཀྱི་དྲ་བ།

སང་ཉིན་གྱི་ཤོག་ངོས་སུ་གཤོག་པ་རྡེབ་པའི་ཡིག་འབྲུ་ཡིན་ཞིངaS9ཀྲུང་གོ་བོད་ཀྱི་དྲ་བ།

སྤང་རྟོགས་ཀྱི་མཁའ་དབྱིངས་ཆེ་ཆེར་ཕྱེ་བའི་བར་ཚིགས་སུaS9ཀྲུང་གོ་བོད་ཀྱི་དྲ་བ།

ལག་པ་བརྐྱངས་ཏེ་ཞི་བདེ་རྔུབ་པའི་རང་དབང་ཞིག་དངaS9ཀྲུང་གོ་བོད་ཀྱི་དྲ་བ།

རྐང་པས་བསྙབས་ཏེ་ཕུགས་འདུན་ཟ་བའི་དྲོད་ཁོལ་ཅིགaS9ཀྲུང་གོ་བོད་ཀྱི་དྲ་བ།

འོད་ཀྱིས་བསྐྱངས་པའི་སྤྱི་གླིང་དེརaS9ཀྲུང་གོ་བོད་ཀྱི་དྲ་བ།

བརྗོད་མི་ཚར་བའི་བརྩེ་སེམས་ཀྱི་བརྗོད་གཞིར་གྲུབ་ཅིངaS9ཀྲུང་གོ་བོད་ཀྱི་དྲ་བ།

བཀླགས་མི་ཚར་བའི་གཙུག་ལག་གི་ཕོ་བྲང་དུ་འཁུམས་ཚེaS9ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་དྲན་པ་ལ་ཐོགས་རེག་བྲལaS9ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་བདེ་སྡུག་ལ་དུག་རླངས་དབེནaS9ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་ནམ་མཁའ་ནམ་མཁའ་བཞིན་སྔོ་ཞིང་རྒྱ་ཆེ་ཨངaS9ཀྲུང་གོ་བོད་ཀྱི་དྲ་བ།

1481771220885371.pngaS9ཀྲུང་གོ་བོད་ཀྱི་དྲ་བ།

         སྙིང་ལྕགས་རྒྱལ། སྨྱུག་མིང་ལ་སྨུག་པོ་ཟེར། མཚོ་སྔོན་ཁྲི་ཀའི་རྐང་ཚ་ནས་སྐྱེས།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་རྩོམ་རིག་ཆེད་ལས་ཞིབ་འཇུག་འཛིན་གྲྭ་ལས་སློབ་མཐར་ཕྱིན། སློབ་འབྲིང་དགེ་རྒན་དང་སློབ་གཙོ། སྲིད་གཞུང་ལོ་ཙཱ་སོགས་ཀྱི་ཕྱག་ལས་གཉེར་མྱོང་།  ད་ལྟ་རྩོམ་རིག་གསར་རྩོམ་དང་ཞིབ་འཇུག  རྩོམ་རིག་སློབ་ཁྲིད་དང་ལོ་ཙཱ་སོགས་ཀྱི་ལས་ལ་འབད་བཞིན་ཡོད། སྔ་ཕྱིར་དུས་དེབ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་སོགས་བགྲང་དུ་རི་བ་ཞིག་སྤེལ་མྱོང་། དེ་ལས་ཁ་ཤས་དཔེ་ཚོགས་དང་སློབ་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ་ཏུ་བདམས་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

      སྙན་ངག་པ་ཚོར་སྤྲིངས་བ།aS9ཀྲུང་གོ་བོད་ཀྱི་དྲ་བ།

          དྲ་ཚིགས་ཀྱི་སྙན་ངག་ཞིག་བཀླགས་རྗེས།    aS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་དུ་མའི་རིང་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ཀྱང་ལམ་ལ་ཆས་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཚོལ་སྙེག་གི་ལམ་ལ་ཆས་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཐོས་པ་དང་བསམ་པ། སྒོམ་པ་གྲོགས་སུ་བཀུར་ནས།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྩམ་སྐྱ་མཆི་མས་བརྫིས་མྱོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཤོག་སྐྱ་ཟས་སུ་སྒོམ་མྱོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

བཞུད་ཟིན་པ་མང་པོ་ཞིག་གིaS9ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱི་རྣམ་དཔྱོད་བཀླགས་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

ད་ལྟ་རང་ཉིད་ཀྱི་བསམ་བློ་ཐོགས་ཏེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཅག་གི་གོམ་འགྲོས་ལ་ཉན་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱི་སྨྲ་བརྗོད་ལ་ཉན་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

གངས་རིའི་རྣམ་ཤེས་འཁུར་བའི།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཡིག་འབྲུ་གཤོག་ཐོགས་ཚོ་མིག་གིས་འཚོས་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཚོགས་འདིར་དར་ཆ་འཕྱར་མཁན་མང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཕོ་དང་ཁ་གཡང་དེ་བས་ཀྱང་མང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཐ་སྙད་ཀྱི་ཕྱགས་དར་ཁྲོད་ན་འཕག་འཚག་བྱེད་མཁན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མག་མོག་གི་ལམ་ན་རང་ཉིད་བོར་བའི་རྨོངས་འཁྱམ་པ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ལ་ལོག་འགྲེལ་བྱེད་པའི་ཁེངས་ཉམས་ཅན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ལ་ཀྱག་ཀྱོག་གི་ལམ་བུ་བཟོ་མཁན་མང་དུ་མཐོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོའི་སྙན་ངག་པ་ཚོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྟོག་འཇུག་གི་ཡང་རྩེ་ན་སད་ཡོད་དམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

གཞུང་ལུགས་ཀྱི་ཕ་མཐའ་རུ་སོན་ཡོད་དམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བ་ཡི་ཟབ་སུ་རུ་འཛུལ་ཡོད་དམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ཀྱི་གླུ་སྐད་ནི་རྣ་བའི་བཅུད་དུ་ཡོད་དམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ཀྱི་བསམ་བློ་ནི་ཡར་སྐུལ་གྱི་སྒུལ་ཤུགས་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ཀྱི་སྙན་ངག་ནི་བདེན་ལུགས་ཀྱི་དར་ཆ་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

གལ་སྲིད་མིན་ན་ནི།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ནི་སྒྱུ་རྩལ་དང་ལྷན་དུ་བསྐྱུར་ཞོགaS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ནི་འཚོ་བ་ལྷན་དུ་བསྐྱུར་ཞོགaS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ནི་སྙན་ངག་པ་ལ་སྤྲོད་རོགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ནི་སྙན་ངག་ལ་སྤྲོད་རོགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲག་ཆར།  aS9ཀྲུང་གོ་བོད་ཀྱི་དྲ་བ།

aS9ཀྲུང་གོ་བོད་ཀྱི་དྲ་བ།

རང་བྱུང་ཁམས་ཀྱི་ཁྲོ་གཏུམ་ནི།aS9ཀྲུང་གོ་བོད་ཀྱི་དྲ་བ།

གང་ཟག་གང་དེའི་ཁྲོ་གཏུམ་བཞིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ནམ་མཁའ་ཡང་གང་གི་ཁྲོ་གདོང་བཞིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྤྲིན་ནག་གཅུས་ལོག་གཅུས་ལོགaS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་ཡོངས་སུ་གཅུད་འགྲོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

གློ་བུར་གློ་བུར་དུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲག་ཆར་དང་ཤ་འོད་ལྷོག་ལྷོགaS9ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བའི་སྡེ་ལ་དམག་གི་དཔུང་འཇུག་ལྟར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧོ། དྲག་ཆར་གློ་བུར་བ་འདིས།aS9ཀྲུང་གོ་བོད་ཀྱི་དྲ་བ།

བྱེའུ་མར་ཚང་མལ་སྙེག་ཁོམ་མ་བྱུང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྒོ་ང་རེ་རེ་ཚལ་བར་བཏང་སོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྫི་བོ་ཁྱིམ་དུ་ལོག་ཁོམ་མ་བྱུང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྣམ་བུའི་ཕྲག་མགོ་རལ་བར་བཏང་སོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཀྱེ་མ་དྲག་ཆར། དྲག་ཆར།aS9ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གྱི་མདའ་ཆར་རལ་གྲིའི་རྣོ་དབལ་ཅན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ཁང་ཆུང་མེད་ན་ཅི་ཞིག་བྱ།aS9ཀྲུང་གོ་བོད་ཀྱི་དྲ་བ།

aS9ཀྲུང་གོ་བོད་ཀྱི་དྲ་བ།

གནམ་ལྕག་ཐོག་གི་སྤུན་ཡ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྲ་མཁྲེགས་ལྕགས་ཀྱི་གོང་བུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

བར་སྣང་གི་རལ་གྲི་གཏོར་དུས།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་ཡ་འཇིག་རྟེན་ཁྱོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཚམས་སྤྲིན་གྱི་མཛེས་སྡུག་དེ་མིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇའ་ཚོན་གྱི་གུར་ཁང་དེ་མིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཟླ་དང་སྐར་ཚོགས་ཀྱང་མིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ནི་འཚོ་བའི་ཟུར་གཅིག་ཡིན་ཟེར་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སོམ་ཉིའི་དཔྱངས་ཐག་ག་དུས་གཅོད་དམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཀྱེ་མ་དྲག་ཆར།  དྲག་ཆར།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྐང་སག་ལྷམ་འདི་སྙིང་རེ་རྗེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་རྩེའི་བསིལ་ཐིགས་ཕྲ་མོས་རློན་པར་བྱེད།aS9ཀྲུང་གོ་བོད་ཀྱི་དྲ་བ།

མགོའི་ཞྭ་མོ་འདིའང་སྙིང་རེ་རྗེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ཀྱི་ཐལ་ལྕག་གིས་རལ་བར་བཏང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲག་ཆར། དྲག་ཆར།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་གཞོམ་པར་འདོད་ཀྱང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལམ་ཕྲན་འདི་རྐང་རྟེན་དུ་བསྐྱུར་རོགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་མཁྱེན།  སྐུ་མཁྱེན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མིག་ཆུའི་ནང་གི་རོལ་དབྱངས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཡར་ལྷ་ཤམ་པོའི་སྒམ་བརླིང་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སུ་ཞིག་གི་གསང་བའི་ལོ་རྒྱུས་བཀོད་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྟ་ཐོག་གི་མི་རིགས་ཤིགaS9ཀྲུང་གོ་བོད་ཀྱི་དྲ་བ།

རལ་གྲིའི་སྣེ་མོ་ནས་འགྱེད་ལོག་ཡང་ཡང་བརྒྱབ་རྗེས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ལ་བློ་བཀོད་བྱས་པ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དཔྱད་བརྗོད་ཀྱི་མགྲིན་པ་རྣང་སོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

གཅིག་ནི་ཐར་བའི་བདེ་བ་སྟེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཅིག་ཤོས་ནི་དམྱལ་བའི་གཏིང་རིམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མིན་མིན། འདི་ནི་གནའ་གཏམ་ཞིགaS9ཀྲུང་གོ་བོད་ཀྱི་དྲ་བ།

རལ་གྲིས་ལམ་ཁ་གཤགས་པའི་མེས་པོ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

གཟི་མིག་དགུ་བའི་གླ་རྡོ་ཡར་ཀླུང་ནས་བོར་བ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ད་ལྟ་སུ་ཡི་མགུལ་ན་ཡོད།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལག་ཟུང་གིས་བར་སྣང་ཕྱེ་དགོས་སམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

གློ་གཤོག་གིས་རྒྱལ་ཁམས་འབྱེད་དགོས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངའི་མགྲིན་པ་བརྣང་དོན་ཅི།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་འདི་དང་འདི་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་མིག་ལ་ཁེངས་ཉམས་རྒྱས་ཏེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལག་མགོ་ཕུར་ཕུར་གྱིས་འཇིག་རྟེན་ལ་ཧབ་འཐོབ་བརྒྱག་དུས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངའི་མིག་ཆུའི་ནང་གི་རོལ་དབྱངས་ཐོས་སོང་ངམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངའི་ཉིན་མོའི་མུན་པ་མཐོང་སོང་ངམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

913571544420668154.jpgaS9ཀྲུང་གོ་བོད་ཀྱི་དྲ་བ།

      སྟག་རིག་འབྲུག་ཐར། དངོས་མིང་། འབྲུག་ཐར་རྒྱལ། 1982ལོའི་ཟླ10བར་སྲིན་པོ་རྫ་རིའི་འདབས་རོལ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བར་སྐྱེས། 2004ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན། 2014ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་དམ་བཅའ་བླངས། སྔ་ཕྱིར《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《སྤང་ལྗོངས》《ཁྲི་ཤོར་རྒྱལ་མོ》《རི་བོ་ཉི་ཟླ》སོགས་བོད་ཁུལ་དུས་དེབ་དང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《གངས་རྒྱན་ན་ཆུང་ཚགས་པར》《གངས་ལྗོངས་གཞོན་ནུའི་ཚགས་པར》《གཞིས་རྩེ་ཚགས་པར》《རྨ་ལྷོ་ཚགས་པར》《མཚོ་ལྷོ་ཚགས་པར》སོགས་བོད་ཁུལ་གྱི་ཚགས་པར་དུ་བརྩམས་སྒྲུང་ཐུང་གྲས་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ་ཐུང་གྲས་སོགས་བརྩམས་ཆོས་དྲུག་ཅུ་ལྷག་སྤེལ་མྱོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

      2007ལོར་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་སྒྲུབ་མཛད་པའི《བརྒྱུད་ཚོང་དང་བསླུ་བྲིད》ཅེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 2013ལོར་རྒྱལ་ཡོངས་སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་སྙན་ངག་འགྲན་བསྡུར་ཁྲོད《དབྱངས་ལ་བརྒྱུས་པའི་རེ་འབོད》ཅེས་པར་ཨང་གསུམ་པ་ཐོབ། 2014ལོར་རྒྱལ་ཡོངས་སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་བསྡུར་ཁྲོད《སློབ་བུར་བཅོལ་བའི་ངག་གི་སྙེ་མ》ལ་ཕུལ་བྱུང་བྱ་དགའ་ཐོབ། 2014ལོའི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པའི་སྐབས་གཉིས་པའི་རྒྱལ་ཡོངས《ཚྭ་འདམ་བུམ་པ་རྟགས་མའི》དྲ་རྩོམ་འགྲན་བསྡུར་ཁྲོད《གཟི་དཔལ་འཚེར་བའི་མཚོ་ལྷོ》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། 2015ལོར《སྤྱོད་ལམ་དང་ཁྲིམས་ལུགས》ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བཅས་ཐོབ་མྱོང་། 2016ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གིས“ང་ཡི་ཕུགས་འདུན”ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།2016ལོར་མཚོ་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས།  2010ཡས་མས་སུ་བསྟུད་མར་ལོ་གཉིས་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན《སློབ་རའི་འགྱུར་ཁུགས》ལེ་ཚན་གྱི་དཔེ་ལེགས་གསར་འགོད་པར་བདམས་པ་དང། 2015ལོར《མཚོ་ལྷོ་ཚགས་པར》ཁང་གིས་ཕུལ་བྱུང་གསར་འགོད་པ་ཡང་བདམས་མྱོང་།  2008ལོར་ལྗགས་རྩོམ་སྙན་དེབ་ཐོག་མ《འོད་ཀྱི་གཤོག་རླབས》   མི་ཡུལ་གྱི་ཟས་རིན་ཙམ་དུ་ཀུན་གྱི་གཟིགས་མོར་བཀྲམ་པ་དང་། 2011ལོར《སེམས་འགྱུ་བན་བུན། ཚོར་བ་ཟ་ཟི》ཞེས་པའི་སྙན་དེབ་གཉིས་པ་པར་བསྐྲུན་འགྲེམ་སྤེལ་བྱས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་དགེ་རྒན་གྱི་བྱ་བ་གཉེར་མུས་སུ་མཆིས།  aS9ཀྲུང་གོ་བོད་ཀྱི་དྲ་བ།

  སྟོན་ལོ་འཁྲོལ་བའི་གཞས།(ཞར་བཀོད་ཚན་པ་གཉིས)aS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་གྱི་བདག་མོ་བཞུད་པ་སྔ་དྲགས་པས།aS9ཀྲུང་གོ་བོད་ཀྱི་དྲ་བ།

སེར་པོ་གསེར་ལ་བྲིས་པའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་རླུང་ལྕག་ཚན་གྱིས་བྲབ་ཚེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཡལ་གར་འཁྲེང་ནས་སྐྱོབ་འབོད་ཀྱི་གཡབ་མོ་ལྕུག་ལྕུག་འདར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་སྲོག་འགགས་ནས་མདུན་སྐྱོད་ཀྱི་མགོ་བོ་རབ་ཏུ་དུད།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྒལ་ཚིགས་བོར་བའི་ལོ་མ་རེ་འགའ།aS9ཀྲུང་གོ་བོད་ཀྱི་དྲ་བ།

བསམ་ལོང་དགྱེ་ལོང་མེད་པར་བསིལ་རླུང་གིས་བརྡེགས་ཏེ་ས་ལ་བྲུལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྫུབས་སྟུག་གི་ཡལ་གར་འཚང་བའི་ལོ་མ་སེར་པོས།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་གྱི་བདེན་པ་གླུ་རུ་བླངས་ནས་མི་སེམས་གསོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་གྱི་མི་རྟག་བྲོ་རུ་བསྒྱུར་ནས་འཆི་བ་ཀློགaS9ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཀྱི་གཙུབ་བརྡར་གྱིས་སྟོན་རླུང་དྲག་ཏུ་འཕྱོས་པས།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ་དུ་བབས་པའི་ལོ་མ་སེར་པོའི་རྣམ་ཤེས་དཀྲོགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་མར་འཁྲིལ་བའི་སྲིན་འབུའི་མིག་ཆུའང་ཤམ་ཤམ་ཟགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཐ་དད་སྣང་ངོར་ཤར་བའི་ལོ་མའི་རིས།aS9ཀྲུང་གོ་བོད་ཀྱི་དྲ་བ།

གངས་རི། གཙང་པོ། རྩྭ་ཐང་དང་གཞི་གཅིག་ཏུ་མཐོང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཐ་དད་མིག་ལ་ཐོགས་པའི་ལོ་མའི་མདོགaS9ཀྲུང་གོ་བོད་ཀྱི་དྲ་བ།

དམར་སེར། ངང་སེར། སེར་ནག་དང་ཡོངས་སུ་སྣང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

རུས་གསེང་གི་རྐང་ལ་ཐོགས་པའི་གྲང་ལྷགས་ཀྱིས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་མ་འཐོར་ཤུལ་གྱི་མ་སྡོང་ཁོ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་མཇུག་གི་སྨྲེང་གླུའི་ཁུད་དུ་སྨྲ་བ་དཀག་ཏུ་བཅུགaS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་མཇུག་གི་སྐྱོ་ཤས་ཀློང་དུ་ངག་སྒོ་བསྡམས་སུ་བཅུགaS9ཀྲུང་གོ་བོད་ཀྱི་དྲ་བ།

ལམ་འགྲམ་ན་འཕྱན་པའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འོབས་དོང་དུ་འཚང་བའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

བར་སྣང་དུ་འཁུར་བའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཡོད་ཚད་ཆག་གྲུམ་གྱི་ཐ་སྙད་ཁྲོད་དུ་འཐིམས།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་མཇུག་བ་མོས་བཅོམ་པའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཧྲག་དམག་སུ་ཞིག་གིས་ཆམ་ལ་ཕབ་པའི་ཉེས་ཅན་ཡིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་མཇུག་རླུང་བུས་འགམ་པའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཛངས་མ་སུ་ཞིག་གིས་ཡལ་བར་དོར་བའི་ཚི་ལིན་ཐར་རྐྱང་ཡིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་རྟོག་ཐེངས་ཤིག་བགྱིས་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལང་ཚོས་འབར་བའི་དབྱར་ཟླ་གསུམ་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲུག་པའི་ཚ་སྨུག་བཅོམ་ནས།aS9ཀྲུང་གོ་བོད་ཀྱི་དྲ་བ།

བསིལ་གྲིབ་ཀྱི་གཤོག་རུ་བརྐྱངས་མྱོང་བ་དེ་སུ་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཀྱི་ཁུགས་སོ་གཉིས་པར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལ་རྒྱའི་སྙན་འཇེབས་ཀྱི་དབྱངས་རྟ་དཀྲོལ་མྱོང་བ་དེ་སུ་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དར་བབ་གཞོན་ནུའི་སྐབས་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཐུན་པའི་ལག་རྡང་གི་སྟངས་སྟབས་བཀོད་པ་དེ་སུ་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་ནང་འགལ་རྐྱེན་དུ་མཐོང་བའི་ད་ཆ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་རང་དངོས་གནས་ལོ་མ་སེར་པོ་བཞིན་དྲག་ཏུ་འཕྱོ་འདོད་ཅིང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལོ་མ་སེར་པོ་བཞིན་མཁའ་དབྱིངས་སུ་མཐོ་ནས་མཐོ་རུ་སྤུར་འདོད་ཨང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལམ་འགྲམ་ན་འཕྱན་པའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འོབས་དོང་དུ་འཚང་བའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

བར་སྣང་དུ་འཁུར་བའི་ལོ་མ་སེར་པོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཡོད་ཚད་ཆག་གྲུམ་གྱི་ཐ་སྙད་ཁྲོད་དུ་འཐིམས།aS9ཀྲུང་གོ་བོད་ཀྱི་དྲ་བ།

        སྐྱུར་སིལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁ་སྐྱེངས་རྒྱུར་མོས་པའི་མཚམས་སྤྲིན་གྱིས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ས་སྲོས་ཀྱི་མགྲོན་པོར་ལག་བརྡ་བཏང་ཡང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཆད་བཏབ་པའི་རེ་འཛོམས་སྲིད་མཐའ་ཙམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཐག་རིང་ཐག་རིང་གི་ཁྱེད་ཀྱི་མཛའ་གླུ་དེ་གསན་མི་ཐུབ་ནའང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཕྱོགས་སུ་ལྡང་བའི་དུ་ཞགས་སྔོན་མོ་དེ་རིག་ཡོང་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

གཡང་ཁྱིམ་གྱི་གྲུ་ག་གང་རུང་དུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྨན་མཛངས་མོ་ཞིག་གི་སྐྱེ་བ་བླངས་ནས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཚར་རྒྱུ་མེད་པའི་འཚོ་ཚིས་ལ་རེམ་པ་རྟོག་བཟོ་བྱས་ཆོག་པས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་རང་ཁྱེད་ཀྱི་ཉེ་གམ་དུ་འབྱོར་འདྲའི་དྲོད་ཁོལ་ཞིག་འཁྱིལ་ཡོང་ཞིང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

རེ་སྒུག་གི་ན་བུན་མག་མོག་ཀྱང་ག་ཤེད་ཅིག་ཏུ་ཡལ་འགྲོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་རྣམ་ཤེས་ལ་འཁྲིལ་ཚར་བའི་ངའི་ཡིད་སེམས།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྔ་མོ་ནས་བརྩེ་དུང་གི་རི་སྒང་དུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དགའ་བའི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་ལོག་མལ་ལ་གཡབ་མོ་གཏོང་བ་བསམ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གསལ་གསལ་གྱི་མེ་ལོང་ལྟ་བུའི་ཁྱེད་ཀྱི་བློ་རྩེ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་མོའི་རླབས་ལྟར་ཐུག་འཕྲད་ཀྱི་འདུན་མ་དྲག་ཨང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲན་གདུང་བཏེགས་འདྲའི་མཚམས་སྤྲིན་གྱི་ཁ་དོག་དེ་མཐོང་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མིག་ལམ་དུ་ཁྱེད་ཀྱི་མཆུ་སྒྲོས་ལས་འཕོས་པའི་སེམས་གཏམ་འབའ་ཞིག་བཞུར་འོངས་པས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངང་ཆུང་གཉིས་ཚང་མལ་སྙེག་པའི་དུངས་སེམས་ཀྱི་སྣེ་མོར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་དང་ཁྱེད་ཀྱི་རྣམ་ཤེས་ཕྲ་མོ་ཤོང་དཀའ་ཡང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཕྱོགས་སུ་བསྙབ་ཀྱིན་པའི་ཚེ་སྲོག་འདིའམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྨྲེང་སྐྱོ་ལ་གཞིབ་པའི་དྲན་གདུང་དག་གིaS9ཀྲུང་གོ་བོད་ཀྱི་དྲ་བ།

འགོག་མེད་ན་ཟུག་ལ་བསམ་ཚེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཤ་སྐྱིའི་བར་གསེང་དང་ཕྲ་ཕུང་གི་ཁུད་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

ལྷོག་ལྷོག་ཏུ་གདུ་བ་ཡང་སྙིང་སུ་ཞིག་ཡིན་ནམ།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྦྲ་རོག་རོག་གི་བདག་པོ་གཞན་དབང་དུ་གྱུར་ཡང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

ནམ་ཉི་མ་ཞིག་ལ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་རང་དུ་ཞགས་སྔོན་མོའི་ཁྲོད་ནས་ཁྱེད་དང་ལྷན་འཛོམས་བྱུང་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

དུངས་བརྩེས་ཟོས་པའི་ལྗིད་ཏིག་ཏིག་གི་དུ་ཞགས་སྔོན་མོ་ཁུར་ནས་ཕྱིར་ལོག་ཆོག་གྲང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

            མཚན་མོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཚན་མོ་ཁེར་རྐྱང་དུ་ངའི་གམ་ལ་བཞུར་ཡོང་དུས།aS9ཀྲུང་གོ་བོད་ཀྱི་དྲ་བ།

མུན་པ་ཁོ་ན་ངའི་གྲང་ལྷགས་འགོག་བྱེད་ཀྱི་ལྭ་བ་ཐར་རྐྱང་ཡིན།aS9ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚོད་ཀྱི་ཐག་སྒྲ་དང་ཕབ་གཞོང་ལ་རྡེག་པའི་ཐག་སྒྲ་གཉིས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངོ་བོ་དབྱེར་མེད་དུ་འདྲེས་ཏེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

དགུ་ཚིགས་ཆུ་བོའི་རླབས་ངོགས་སུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་གཞན་ཞིག་གི་འཁོར་བ་བསྐྱང་མགོ་བརྩམས།aS9ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་དབྱིངས་སུ་དཔྱངས་པའི་ཟླ་བ་ཟད་པོ་དེའང་།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྤྲིན་རིམ་གསེང་ན་སུ་ཞིག་ལ་ལྐོག་ལྟ་བགྱིད་པ་ལྟར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་ཕྱེད་ཙམ་ལས་སུ་ཞིག་གི་རུམ་ཁོང་དུ་ཡིབ་འདུགaS9ཀྲུང་གོ་བོད་ཀྱི་དྲ་བ།

ལྷིང་འཇགས་འཐུ་བའི་མཚན་མོ་སླེབས་པས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཉན་བྱེད་ཀྱི་ལྕགས་ཟྭ་སྔ་མོ་ནས་བརྒྱབ་སྟེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འུག་པའི་གླེང་མོལ་ལ་ཕོག་ཐུག་བཟོ་འདོད་ཡེ་ནས་མ་ཤར།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཚོར་ཤེས་ཀྱི་ལུག་ཁྱུ་རུ་ལ་ཕབ་དུས།aS9ཀྲུང་གོ་བོད་ཀྱི་དྲ་བ།

དྲི་ཞིམ་ཞིང་བྲོ་བ་མངར་བའི།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་ཁོ་ན་དོ་ནུབ་ཀྱི་དགོང་ཟས་ལ་བཞེས་ཆོགaS9ཀྲུང་གོ་བོད་ཀྱི་དྲ་བ།

མཚན་མོའི་མཆེ་སྡེར་རྣོན་པོས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ཟང་ཟིང་གི་ཚུལ་འཆོས་དག་སྔ་མོ་ནས་ཁྱུར་མིད་དུ་བཏང་བས།aS9ཀྲུང་གོ་བོད་ཀྱི་དྲ་བ།

ང་དང་འབུ་མེ་ལྕེབས་ཁོ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

འོད་ཀྱི་མངའ་ཐང་འོག་ཏུ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མུན་པ་རྒུམ་པའི་བྱེད་པོ་འབའ་ཞིག་གོ།aS9ཀྲུང་གོ་བོད་ཀྱི་དྲ་བ།

མ་གཞི་མཚན་མོ་ལ་འཇིགས་པ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

རེ་བའི་ཁ་དོག་བོར་སོང་བས་ལན།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ་གྱི་གཤོག་པ་ཐེད་སོང་བས་ལན།aS9ཀྲུང་གོ་བོད་ཀྱི་དྲ་བ།

མུན་པའི་ཤེལ་མིག་གྱོན་རྒྱུར་ཡང་བག་ཚ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

སྐར་མར་ཁོང་འདར་རྒྱག་པའང་ཁག་མི་འདུགaS9ཀྲུང་གོ་བོད་ཀྱི་དྲ་བ།

རྩི་ཤིང་གིས་ངུད་མོ་སྒྲོག་པའང་ཁག་མི་འདུགaS9ཀྲུང་གོ་བོད་ཀྱི་དྲ་བ།

རེ་སྒུག་གི་མཚན་མོ་སླེབས་ཚེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

ངས་ད་གཟོད་རྣམ་ཤེས་ཀྱི་རྒྱུད་སྐུད་དཀྲོལ་ཏེ།aS9ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བའི་འཇིངས་སུ་འཐིམས་པའི་ཡུལ་མི་ཚོར།aS9ཀྲུང་གོ་བོད་ཀྱི་དྲ་བ།

དང་བ་འགུག་བྱེད་ཅིག་སྙན་ལ་སྐྱེལ་ན།aS9ཀྲུང་གོ་བོད་ཀྱི་དྲ་བ།

འབྲུ་རིགས་ཀྱི་རིན་གོང་ཆགས་པའི་སྡུག་གཏམ་དགaS9ཀྲུང་གོ་བོད་ཀྱི་དྲ་བ།

ང་ལ་མི་ལབ་རོགས། ང་ལ་མི་ལབ་རོགས།aS9ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།