ཆོས་ཤུལ་གསང་བདག་གི་སྙན་རྩོམ་བདམས་བཀོད།

46.9K

173.jpgZBtཀྲུང་གོ་བོད་ཀྱི་དྲ་བ།

དངོས་མིང་ལ་གསང་བདག་ཟེར། རུས་ཆོས་ཤུལ་ཡིན་པས་ཆོས་ཤུལ་གསང་བདག་ཟེར། ལོ་བཅུ་བདུན་བར་ཕྱུགས་རྫི་བྱས། རང་ལོ་བཅུ་བདུན་གྱི་ལོ་མཇུག་ནས་ཡུལ་གྱར་པའི་ལས་སུ་ཞུགས། ༢༠༠༠ལོ་ནས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་གཉེར་བྱས། ༢༠༠༣ལོ་ནས་རྩོམ་རིག་གི་ལས་སུ་ཞུགས། སྔ་གཞུག་ཏུ། <<སྦྲང་ཆར>><<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>><<གངས་རྒྱན་མེ་ཏོག <<ཉི་ཟླ་རི་བོ།>> <<ཟླ་ཟེར།>>སོགས་དུས་དེབ་དང་ཚགས་པར་མང་བོར་རྩོམ་བཀོད་མྱོང་། ༢༠༠༤ལོ་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་རྩོམ་རིག་ཆེད་སྦྱོང་བྱས། ད་ལྟ་རང་སེམས་སྐྱིད་སྤྱད་ལ་དཔེ་ཀློག་ཐུབ་ཚོད་ཅིག་དང་རང་གི་དགའ་ཕྱོགས་ཀྱི་གློག་བརྙན་ལ་བལྟས་ནས་ཉི་མ་འཁྱོངས་ཐབས་བྱས་བསྡད་ཡོད། །ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

གྲོང་མཐའ།ZBtཀྲུང་གོ་བོད་ཀྱི་དྲ་བ།

གྲོང་མཐའ་རུ་གྱུར་ཏེ་ཡུན་རིང་འགོར།ZBtཀྲུང་གོ་བོད་ཀྱི་དྲ་བ།

རྟ་རྒྱུག་གི་སྐབས་འདིར ZBtཀྲུང་གོ་བོད་ཀྱི་དྲ་བ།

ལམ་འདིར 
མི་མང་བོ་གཤར་གྱིན་འདུག 
གྲོག་མ་མང་བོ་གཤར་གྱིན་འདུག 
སྟག་དང་གཟིག་དག་གཤར་གྱིན་འདུག 
ཝ་དང་སྤྱང་ཀི  རི་དྭགས་མི་འདྲ་བ་མང་བོ 
འུག་པ་དང་སྲོག་ག    ངང་བ་དང་གོག་ག 
གཅན་གཟན་དང་རི་དྭགས་གཤར་གྱིན་འདུགZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

ལམ་འདི་མཐའ་འཁོབ་ཏུ་གྱུར་ཏེ་ཨེན་ཙམ་འགོར 
དེ་རིང་ཐལ་རྡུལ་འཚུབ་པའི་གཞིས་སུ 
གདོང་གི་གཉེར་མའི་མང་ཉུང་མི་འདྲ་བ་མང་བོ 
རྐང་བའི་ཐོག་རྐང་བ་སྤོ་བཞིན 
ལམ་འདི་བརྒྱུད་དེ་འགྲོ་དུས 
སེམས་ཀྱི་དགའ་སྡུག་མི་འདྲ་བ་མང་བོ 
ཉི་ནུབ་དང་སྐྱ་རེངས་གཉིས་དང་འདྲ་བར 
མི་མང་བོ་གཤར་གྱིན་འདུག 
ཆར་བས་བརླན་དང་མ་བརླན་པའི་མི་མང་བོ 
ལམ་འདིར་བརྒྱུད་དེ་འགྲོ་དུས 
འཇག་མའི་རིང་ཐུང་མི་འདྲ་བ་མང་བོ 
རླུང་གིས་འགུལ་ཙམ 
གཡས་ལོག་གཡོན་ལོག་གིས 
ལམ་ཕྲན་འདི་གཞུང་ལམ་དུ་སྒོམ་མཁན་དག 
ག་ལེར་ག་ལེར་འགྲོ་བཞིན་འདུགZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

       བུད་མེད་ཅིག་ལ་སྦྱར་བ། ZBtཀྲུང་གོ་བོད་ཀྱི་དྲ་བ།

མདང་དགོང་མཚན་གང་ལ་ངུས་པའི 
བུ་མོ་དེའི་མིག་ཆུ 
སྲང་ལམ་འདིར་བཞུར་གྱིན་པ་དེ 
ཁྲག་དང་རྣག་ཏུ་གྱུར 
ཤར་དང་ནུབ་ཏུ་གྱེསZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

མུན་པའི་ཀློང་དུ་འབྱམས་པའི 
སྐྲ་ལོ་ལྟར་གཟེངས་ཤིང་འཛེར་བའི 
ནགས་ཚལ་སྟུག་ཐག་ཆོད་པ་དེ 
དེ་ཡི་གསེང་གི་འབུ་ནག་མང་བོ 
སྤྲིན་པས་གཤོག་པ་བཅད་པ་ལྟར 
འགུལ་མེད་ངང   མངོན་རྒྱུ་མ་བྱུང ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

སྐམ་རིད་དུ་གྱུར་པའི་སྲང་ལམ་དོག་མོ 
རྐང་རྗེས་མང་བོས་ཐལ་རྡུལ་བསླངས་ཤུལ་དུ 
ཁ་སྐམ་ལུས་ཟད་ཀྱི་གྲོག་མ་དང་སྐྱག་སྦྲང 
ཡང་ཡང་ལྡིང་སྐོར་རྒྱག་པའི་མེ་ལྕེབ་སོགས 
སྐོམ་ཐན་གྱིས་བཟུང་བའི་བྱ་ཚོགས་དང་བྱེའུ 
མི་མངོན་དབྱིངས་སུ་ཡིབ 
        
          མཚན་མོའི་སྤང་ཁུག ZBtཀྲུང་གོ་བོད་ཀྱི་དྲ་བ།

ཐལ་བ་སྤར་མོ་གང་གཏོར་ཏེ 
ཆབ་རོམ་དེ་ཞུ་བར་རམ་འདེགས་བྱས 
ཐལ་བའི་གསེང་གི་དྲོད་མེ་སྟག་འདྲ་བོ་དེ 
དེ་ཡི་ཆེད་དུ་སུ་ཞིག་གིས་རང་སྲོག་བཏང་མྱོང 
དེའང་དྲོད་སྣང་གི་ཕ་ཁྱིམ་ཞིག་ཡིན ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

ཆབ་རོམ་དེའི་གསེང་དུ་ཅི་ཞིག་བསྐུངས་ཡོད 
ན་ནིང་ཁུར་སོང་བའི་ལོ་མ་དེའི་ཆ་ཤས་སམ 
ཁ་སང་བོར་སོང་བའི་ནས་འབྲུ་དེ 
ཡང་ན་རྙེད་དུ་མེད་པ་དག 
རྨི་ལམ་ལ་བཅོལ་ཏེ་དགའ་སྣང་གིས་བཟི ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

མུན་པའི་གསེང་ན་འོད་སྣང་གི་སྡེར་མོ་སྲིང་གིན 
ལྐོག་སིལ་སིལ་དུ་ཅེར་མཁན་ཞིག་ཡོད་ན 
འུག་པས་ནི་རིག་ཡོད་ཤག་ཤག་གིས 
འུ་ཚོར་བརྡ་ཞིག་གཏོང་གི་འདུག 
ལམ་ཞིག་སྟོན་གྱིན་འདུག ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

སྤང་གི་ནེམ་ཤ་དེ་བསམ་ནས 
ཨར་འདམ་གྱིས་བརྩིགས་པའི་ཁང་བ་དེ་དག 
རྒྱབ་ཀྱི་གྲིབ་མ་དང་མཉམ་པོར་བསྐྱུར་ཅིང 
མིག་དབང་གི་ཡོལ་བའི་ངོས་ལས 
རླུང་གིས་བསེད་སོང་ནའང 
དྲེག་པ་དེའི་ཤུལ་དུ་འགུལ་བའི་སྦྲང་ནག་སྐོར་ཞིག 
འཆི་རག་བར་གློག་འོད་ཀྱི་གུད་དུ་འཚང 
འཚང་ནས་ཀྱང་རང་རང་གི་རྨི་ལམ་རྨིས ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

         ལྡེ་མིག་ཅིག་བོར་སོང་། ZBtཀྲུང་གོ་བོད་ཀྱི་དྲ་བ།

མིག་ཤེལ་གྱོན་པའི་མི་དང་སྲོགས་ཆགས་དེ་དག 
སྒལ་གཞུང་ནས་བཞུར་ཡོང་བའི་རྔུལ་ཆུའི་ཐིགས་པ 
སྤང་གི་གཡས་དང་གཡོན་དུ་འཁྱག་ཤི་ཐེབས་པ་དེ་དག 
དེ་དག་ནི་སུ་ཞིག་གི་རྣམ་ཤེས་སུ་འཁྱུད་ཡོད ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

མེ་ཏོག་རྐང་གཅིག་པུ་དེ་དགུ་དང་བོའི་ནང་འཁྱག་ལ་ཐེབས་ཤིང 
རྫ་བུམ་གྱི་སྦུབས་སུ་བཙུགས་པའི་མེ་ཏོག་གཞན་དེ་ནི 
མེ་ཏོག་གཞན་དང་འདྲ་བར 
ང་ལ་དྲི་བསུང་སྦྱིན་མཁན་དུ་འདོགས་ལོས་ཆོག ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

བཙག་དང་བསེར་བུས་ཁུར་སོང་བའི་ལོ་མ་དེ་དག 
རྒྱ་མཚོའི་མཐིལ་དང་རི་རབ་ཀྱི་རྩེ་གང་དུ་མཐོང་རྒྱུ་མ་བྱུང 
སང་ཉིན་ཟེར་བའི་སྦྲིད་སྨད་དེས་མི་ནི་ཉོབ་ཉོབ་པོར་བཏང་ཡོང 
ལག་པ་ཟུང་ཡང་ཐུང་ནས་ཐུང་དུ་བཏང་ཡོང 
ཤ་ཟད་རུས་ཐུག་གི་མི་ཡ 
སྨུག་པ་ནི་འཐིབས་རྒྱུ་ཞིག་ལོས་ཡོད 
རྒྱུ་འབྲས་ནི་སུ་ཡང་འཕྲད་སྲིད་པའི་ཟམ་པ་ཞིག་གོ ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

           གས་ཁ། ZBtཀྲུང་གོ་བོད་ཀྱི་དྲ་བ།

སེམས་པ་འདི་དུམ་བུར་བཏང་སྟེ 
སྲང་གོག་འདིའི་གདན་དུ་བཏིངས་ན 
མི་སེམས་ཀྱི་ཐོ་བས་རྡུང་བའི་ན་ཟུག 
ཟགས་མའི་འཕོན་པོ་རེ་རེར་ཐིམZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

འབར་བཞིན་པའི་མེ་ལྕེ་དེས 
སྔར་ནས་བསྲེགས་ཚར་བའི་ཀུ་ཤུ་དམར་པོ་དེ 
བཟའ་མཁན་ནི་དཀོན་པར་གྱུར ZBtཀྲུང་གོ་བོད་ཀྱི་དྲ་བ།


ZBtཀྲུང་གོ་བོད་ཀྱི་དྲ་བ།

ལག་ཟུང་སྙིང་ཁར་སྦྱར་བའི་མི་ཡ 
རྐང་སྣེ་གཉིས་འདམ་ལ་ལྷུང་རྗེས 
ཁྱོད་ནི་སུ་ཚང་གི་ལྟོ་ལྡུད་མི་དགོས་པའི 
སྒོ་ཁྱི་བགྲེས་པོ་དེ་ཡིན ZBtཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།