ས་གཞིར་ཞུ་བ།

ས་གཞིར་ཞུ་བ།  
༤ ༡༤ལ་དྲན་གསོའི་ཆེད།


དྭངས་གཙང་གི་ནམ་མཁའ་ཞིག་བསྙེགས་ནས།
འདས་པོ་ཚོ་བྱ་རྒོད་ནང་བཞིན་འཕུར་སོང་།
དྲག་ཏུ་འཁོར་བའི་ལོ་ངོ་བཞི་བོ།
ནང་མི་དང་སྤུན་ཟླའི་མིག་ཆུས་བརླན་ཡོད།
 
ཀྱེ་མ།  ས་གཞི་ཡ།
ཁྱེད་ལ་མ་ཡུམ་ལྟ་བུའི་བྱམས་སེམས་ཤིག་ཡོད་ན།
བོད་མགོ་ནག་འདི་ཁྱོད་ཀྱི་པང་དུ་བཟུང་ནས།
ཕ་ལོ་འདྲ་བའི་བརྩེ་བ་ཞིག་ཡོད་ན།
གཉེན་ཉེ་བ་འདི་ཁྱོད་ཀྱི་མིག་གིས་འཚོས་ནས།
གངས་དཀར་པོའི་རང་མདོག་མ་འགྱུར་བར་དུ།
ལྷོད་འཇགས་སེར་བཞུགས་རྒྱུ་ཁྱོད་མཁྱེན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།