ཀྲུང་གོ་བོད་ཀྱི་དྲ་བ།

སྙི་ཆུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འུག་པ   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲི་རོ་ཁ་དོག་མེད་པའི་བརླན་གཤེར

མཐའ་འགྲམ་རྦ་རླབས་ཀྱིས་གཡོ་བའི

མཐོ་རིས་ཀྱིས་རྒྱ་མཚོ

མཚེའུ་ཡིས་ཆུ་ཁ་ནས་གྲུ་ཤན་གཏོང་བར་ཐེ་བར་ཚོམ


བྲ་མའི་ཟམ་ཆག་ནི 

ཁྱོད་ཀྱིས་རྦ་རླབས་ལ་འཇིགས་པ་ཡེ་ནས་མེད

འོན་ཏང/སྙི་ཆུའི་མཐའ་འགྲམ་གྱི་དུད་ཚང་དེ་དག

ད་ལོ/ཁྱོད་ཀྱི་སློག་སྒྲ་དེར་སྐྲག་ནས་ཡོད    


སོས་ཀའི་ཆར་ཞོད་ས་རུ་དཔྱངས་པ

དགུན་ཁའི་དར་མཐའ་ཉི་མའི་སྲོས་པ

ད་དུང/རླུང་གི་གཤོག་པས་ཁྱོད་ཀྱིས་རྦ་རླབས་བསླངས་པ


འབྱམས་ཀླས་པའི་ད་ལོའི་སྙི་ཆུ་དམར་སློག་སློག

ལོ་ཟླ་ཁ་ཤས་ཀྱིས་ཁྱོད་ཉིད་བཟི་སོང་ངམ

འོ་སྐོལ་ཆར་ཞོད་ཀྱིས་ཁྱོད་ཉིད་སྨྱོས་སོང་ངམ/ཡང་ནས་ཡང་དུ

ཞེན་ནག་གི་ང་ཚོ་མི་ལའང་ཤིན་ཏུ་རྨུག   

   2017/6/15

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།