​ཤོག་ལྷེ་དམར་པོ།

        ཁེར་རྐྱང་ཡིན་པའི་མཚན་མོ་ཞིག་ལ
        མེ་ལོང་ངོས་ཀྱི་མི་དེར་གང་དུ་ཕེབས
        དོ་ནུབ   ཆར་བ་ཤག་ཤག་འབབ་པའི་དོ་ནུབ
        གནའ་གཏམ་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག
        སེམས་པ་གསོ་བའི་འོད་ཟེར་སེར་པོ
        མུན་པའི་གནས་ཚལ་འདི་ནས
        རྒྱང་རིང་གི་ས་སྲོད་དེར་ཚེས་པའི་ཉི་འོད་ལ་ཇི་འདྲའི་ཞེན
        ས་དམར་པོ་ལ་འདོམ་པ་ཇི་ལྟར་བགྲོད་དགོས་པ་རེད
        དེ་ནི་ལུག་རྫི་དང་འབྲོག་མོ་ཡིན་མི་སྲིད
        དེ་ནི་ལྭ་དམར་མནབ་མཁན་དེ་བས་ཀྱང་ག་ལ་སྲིད
        དེ་ནི་ས་ཆེན་འདིར་ཁྱབ་པའི་ཤོག་ལྷེ་ཞིག
        དེ་ནི་ཤོག་ལྷེ་ཡི་སྟེང་དུ་བྲིས་པས་མགོ་བོ་ཉིད
        སྡུག་སྒྲིབ་ལས་གྲུབ་པའི་ཤོག་ལྷེ
        གསེར་ལས་གྲུབ་པའི་ཤོག་ལྷེ
        ཤོག་ལྷེ་དེ་མི་ཚོགས་ཀྱི་རྨི་ལམ་ནང་དུ་ཡོདMYoཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།