ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་མོ། 

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཧ་སྲས་སྤྲིན་ཆར།(ཀན་ལྷོ)   སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྫི་གླུ་ཞིག་གི་སྣེ་ན་ཡང་ཡང་འགུལ་བཞིན་པའི་ན་ཆུང་མ

རིན་ཐང་གཞན་ན་ཡོད་མི་སྲིད་པའི་གཤིས་ཀ་དྲང་མོ

བརྩེ་དུངས་ཀྱི་མཛེས་སྡུག་གང་ནས་བལྟས་ན་དྭངས་གསལ་ཡིན

ང་རང་ཁྱོད་ཀྱི་མཛེས་སྡུག་གི་སྣེ་ཤན་གང་ལ་འཐེན་རྩིས་ཡིན


ངས་ཁྱོད་ཀྱི་འཚོ་བའི་གྲིབ་གཟིགས་ཀྱི་གྲུ་ཁ་རེ་རེ

ཤོག་དཀར་གྱི་ངོས་སུ་ཡང་ཡང་འབྲི་ན་འདོད

འོན་ཏེ  ང་རང་ཁྱོད་ལ་དགའ་དྲགས་པའི་ཡིན་ནམ

ཁྱེད་ཀྱི་བརྗོད་བྱེད་གང་བྱེད་དགོས་བ་ཧ་གོ་མ་སོང


ལྭ་བ་སྔོན་པོ་གྱོན་པའི་ནམ་མཁའ་འདི་མ་མཇུག་གི་བར

ང་ཡི་ཁྱེད་རང་མི་བརྗེད་པའི་ཕྱིར

སྐར་མ་དག་གྲངས་ཀ་བླངས་ན་འདོད

དེ་ནས་ངས་ཁྱོད་ལ་སྐར་མའི་ལྭ་བ་ཅིག་བཟོས་ནའང་འདོད


ང་རང་འཆི་བའི་སྐབས་སུ་ཁྱོད་ཀྱི་གླུ་སྐད་ལ་ཉན་ན་འདོད་སྲིད

གཟུགས་ཀྱི་སྐྱེ་མཆེད་ལས་ང་རང་ཁྱོད་ལ་དགའ་རུ་བཅུག་པའི་ཡིན

རྨི་ལམ་ནས་ཡང་ཡང་བཙལ་ན་འདོད་པའི་འབྲོག་མོ

༢༠༡༧   ༧   ༡༤ ཉིན།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།